中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལག་ལེན་དངོས་དང་འགན་འཁྲི་འཁུར་བ། —— བདེ་ཆེན་ཁུལ་གྱི་རིམ་པ་ཁག་གི་སྡེ་ཁག་གིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ།

རྩོམ་པ་པོ་:陈义 ཁྱབ་བསྒྲགས་དུས་ཚོད་:2026-10-16 14:45:19 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
བདེ་ཆེན་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་པའི་རྗེས་སུ། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་མྱུར་དུ་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ་རེད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ཡག་པོ་སྦྱོང་བ་དང་དྲིལ་བསྒྲགས་ལེགས་པོ་བྱེད་པ་ནི་མིག་སྔར་དང་མ་འོངས་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ། བསམ་བློ་དང་བྱ་སྤྱོད་ཚང་མ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱིས་གཏན་འབེབས་བྱས་པའི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་དེ། མཐུན་སྒྲིལ་དང་འབྱོར་ཕྱུག་དཔལ་ཡོན། འཆམ་མཐུན། མཛེས་སྡུག བདེ་འཇགས་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་བསྒྱུར་བའི་བདེ་ཆེན་གསར་པ་འཛུགས་སྐྲུན་ལ་སྟོབས་ཤུགས་འབུལ་བར་འབད་བརྩོན་ལྷོད་མེད་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
图片

ཁུལ་ཨུའི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་ཐབས་ལམ་མང་པོ་དང་རྣམ་པ་མང་པོའི་ཐོག་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་མི་སེམས་སུ་ཟུག་རྒྱུར་སྐུལ་འདེད་བཏང་བ། ལས་ཁུངས་ཀྱི་ངོས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་རྒྱུ་མཐའ་འཁྱོངས་བྱས་ཏེ་དུས་ཐོག་ཏུ་ཅུས་དོན་ཚོགས་འདུ་དང་ལས་བྱེད་ལས་བཟོའི་ཚོགས་ཆེན་འཚོགས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་དང་གྲོས་ཆོད་སློབ་སྦྱོང་བྱས་པ་དང་། དྲིན་ཚོར་འབད་འབུངས་དང་འགག་སྒྲོལ་དཀའ་སེལ་གྱི་བརྗོད་དོན་གཙོ་བོར་དམིགས་ནས་འདས་ཟིན་པའི་ལོ་ལྔའི་རིང་བདེ་ཆེན་ཁུལ་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་འགྲེལ་བཤད་གཏིང་ཟབ་བརྒྱབ་སྟེ་སླད་ཕྱིན་ལོ་ལྔའི་འབད་འཐབ་དམིགས་ཚད་ཁོང་དུ་ཡང་དག་ཆུད་པ་བྱས་ཡོད།ཁུལཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ངོས་ནས་དུས་ཐོག་ཏུ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་དང་ཉེ་དུས་གཉེར་བའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་ཀྲི་པུའི་ཨུ་ཡོན་དང་དེ་བཞིན་རྗེས་གྲབས་རྐང་འཛིན་གསོ་སྦྱོང་འཛིན་གྲྭ་དང་ཟུང་འབྲེལ་བྱས་ཏེ་གསོ་སྦྱོང་ནང་ཞུགས་མཁན་སློབ་མར་ཆེད་དོན་བརྒྱུད་བསྒྲགས་སློབ་སྦྱོང་བྱས་ནས་ཁུལ་ཡོངས་ཀྱི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་ཡོན་གྱིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གྱི་ནང་དོན་གཙོ་བོ་དང་ལག་ལེན་གྱི་བླང་བྱ་ཁོང་དུ་ཡང་དག་ཆུད་རྒྱུར་ཁྲིད་སྟོན་བྱས་ཏེ་ཆབ་སྲིད་ཀྱི་མོས་སེམས་དང་། བསམ་བློའི་མོས་སེམས། རིགས་པའི་གཞུང་ལུགས་ཀྱི་མོས་སེམས།བརྩེ་སེམས་ཀྱི་ངོས་འཛིན་གཅིག་མཐུན་བཅས་སྔར་ལས་ཆེ་རུ་བཏང་བ།ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་རྩ་འཛུགས་ཀྱིས་ཁྱོན་ཡོངས་ལ་ཁྱབ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། ཀྲི་པུའུ་ཁག་གི་“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སོགས་གཞི་རྟེན་ལ་བརྟེན་ནས་གཅིག་སྡུད་སློབ་སྦྱོང་བྱས་ཏེ།ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་ཡོན་གྱི་སློབ་སྦྱོང་རྗེས་སུ་མི་ལུས་པར་འགན་སྲུང་བྱེད་དགོས།སློབ་སྦྱོང་བྱས་པ་བརྒྱུད་རྒྱ་ཆེའི་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པའི་ཏང་ཡོན་ཚོས་ཐོག་མཐའ་བར་གསུམ་དུ་“ལས་གནས་ནས་བྲལ་ཡང་ཏང་ནས་མི་བྲལ་བ་དང་ལས་འཁྱུར་ངལ་གསོ་བརྒྱབ་ཀྱང་རང་མདངས་མི་འགྱུར་བའི”ཆབ་སྲིད་ཀྱི་ངོ་བོ་རྒྱུན་འཁྱོངས་བྱས་ཏེ་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དྲིལ་བསྒྲགས་ཧུར་ཐག་བྱེད་པ་དང་བདེ་ཆེན་གྱི་འཕེལ་རྒྱས་གཏམ་རྒྱུད་ཡག་པོ་བཤད་དེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།

ཁུལ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་ཀྱིས་ཏང་ཙུའུ་(རྒྱ་སྐྱེད)གྲོས་ཚོགས་དང་། བརྗོད་བྱ་གཙོ་བོའི་ཏང་གི་ཉིན་མོའི་བྱེད་སྒོ་སོགས་ཀྱི་རྣམ་པའི་ཐོག་ནས་ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས ལག་བསྟར་བཅས་བྱེད་པའི་ཚ་རླབས་འཕྱུར།ཚང་མས་སྙན་སྒྲོན་ནང་བཏོན་པའི་དམངས་འཚོ་ནུས་ཤུགས་ཡོད་རྒུས་འགན་ལེན་དང་ལེགས་སུ་གཏོང་བ་དང་།སྤུས་ཚད་མཐོ་བའི་ལས་ཞུགས་ལ་སྐུལ་འདེད་གང་ལེགས་གཏོང་བ།སྤྱི་ཚོགས་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ་སོགས་ཀྱི་བཀོད་སྒྲིག་དེས་མི་སྤྱི་སྡེ་ཚན་གྱི་ལས་བྱེད་པ་དང་ལས་བཟོར་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་ལས་འགན་ལྕི་པོ་ཡོད་པའི་མྱོང་ཚོར་ཟབ་མོ་བྱུང་ཡོད་པ་མཐའ་གཅིག་ཏུ་ངོས་འཛིན་བྱས་པ་རེད།ཅུས་དེས་འགན་ནུས་ལ་གཞི་ཚུགས་པ་དང་།འཆར་འགོད་ལ་དཔེ་བལྟས་པ།མང་ཚོགས་ཀྱི་རེ་སྒུག་ལ་དམིགས་པ།དངོས་སྒྲུབ་ནན་པོ་བཅས་ཀྱི་ཐོག་ནས་དམངས་འཚོའི་འགན་འཁྲི་དམ་འཛིན་བྱས་ཏེ་ལས་ཞུགས་ལས་གཏོད་དང་།སྤྱི་ཚོགས་འགན་ལེན།མི་དོན་ཤེས་ལྡན།ངལ་རྩོལ་འབྲེལ་བ་སོགས་ཀྱི་ལས་དོན་ལ་རྒྱུན་མཐུད་དམ་འཛིན་ཡག་པོ་བྱེད་པ་དང་།གནད་སྨིན་ཇུས་འདོན་གྱིས་ཁུལ་ཡོངས་ཀྱི་འཕེལ་རྒྱས་ལ་ཞབས་འདེགས་ཞུས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་ཐབས་ཇུས་བཀོད་སྒྲིག་ཁག་མི་སྤྱི་ཁོངས་ཀྱི་ཁྱབ་ཁོངས་སུ་དོན་འཁྱོལ་དང་རྩ་བ་ཚུགས་པ་དང་གྲུབ་འབྲས་ཐོན་པར་སྐུལ་འདེད་ཧུར་ཐག་གཏོང་རྒྱུ་རེད།ཏང་འཛུགས་སྐྱོང་གིས་ལས་སྒོ་འཕེལ་རྒྱས་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།དུས་རབས་གསར་པའི་ཏང་འཛུགས་སྐྱོང་གི་སྤྱིའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱེད་པ།སྤྱོད་ཚུལ་འཛུགས་སྐྱོང་གི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་གཏིང་ཟབ་ཏུ་གཏོང་བ།ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་བྱེད་པ།ལས་བྱེད་པའི་སྤྱོད་ཚུལ་བཅོས་སྒྲིག་དང་ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བའི་གསོ་སྦྱོང་རྒྱུན་མཐུད་ངང་བྱེད་པ་བཅས་བྱས་ཏེ་ཆབ་སྲིད་ཀྱི་འཇོན་ཐང་ཆེ་བ་དང་།ལས་སྒོའི་འཇོན་ཐང་ཆེ་བ།སྤྱོད་ཚུལ་དངོས་སྒྲུབ།མང་ཚོགས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་བྱང་ཚད་མཐོ་བའི་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་སྤྱི་ཚོགས་འགན་སྲུང་དཔུང་ཁག་ཅིག་སྐྱོང་རྒྱུར་ཤུགས་རྒྱག་དགོས།ཞབས་ཞུ་གཤམ་སྤེལ་དང་ལྟེ་གནད་གཤམ་སྒྱུར་རྒྱུན་འཁྱོངས་བྱས་ཏེ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་མུ་མཐུད་ཇེ་ཆེར་གཏོང་བ་དང་།“ལས་དོན་གཅིག་ནུས་ཆེའི་ངང་སྒྲུབ་པའི”ལས་དོན་གཏིང་ཟབ་སྤེལ་བ།སྐར་ཁུང་གི་ཞབས་ཞུ་ལེགས་སུ་གཏོང་བ།དམངས་ཕན་བྱེད་ཐབས་ཁྱབ་གདལ་གཏོང་བ།ལས་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ།དམངས་འཚོའི་ཞབས་ཞུའི“མཐའ་མའི་སྤྱི་ལེ་གཅིག”གཏོད་པ་བཅས་བྱས་ཏེ།ཞིབ་ཚགས་ཅན་དང་དྲོ་སྐྱིད་ལྡན་པའི་ཞབས་ཞུའི་ཐོག་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་།བདེ་སྐྱིད་ཚོར་སེམས།བདེ་འཇགས་ཚོར་སེམས་བཅས་ཆེ་རུ་བཏང་ཡོད།

ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་ཀྱིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་གྱི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་བ། གཙོ་གནད་ལས་འགན་ཁག་ལྔར་དམིགས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་པ།རི་ཆུ་ནགས་ཞིང་མཚེའུ་བྱེ་ཐང་བཅས་མ་ལག་བཅོས་སྐྱོང་གཅིག་གྱུར་འཆར་འགོད་དང་། སེམས་ཀྱི་ཉི་ཟླའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ལ་ཞབས་འདེགས་ཞུ་བ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དམ་འཛིན་ཏན་ཏིག་བཅས་བྱེད་དགོས།གནམ་སྔོན་དང་། ཆུ་དྭངས། ས་གཙང་། རི་སྔོ་བཅས་ཀྱི་སྲུང་སྐྱོང་དམག་འཐབ་ཡག་པོ་བརྒྱབ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་དག་ཐེར་གྱི་བླང་བྱ་ཁག་ལ་དམ་འཛིན་ཡག་པོ་བྱེད་དགོས། ཁུལ་ཡོངས་ཀྱི་ “ 4+2+N ” ཐོན་ལས་མ་ལག་ལ་དམ་པོར་དམིགས་ཏེ་ཁོར་ཡུག་གདེང་འཇོག་ཞབས་ཞུ་ལེགས་སུ་བཏང་ནས་བདེ་ཆེན་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལ་སྐུལ་འདེད་བཏང་ཡོད།ཁོར་ཡུག་གདེང་འཇོག་ཞབས་ཞུ་ལེགས་སུ་བཏང་ནས་བདེ་ཆེན་གྱི་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་མངོན་འགྱུར་ལ་སྐུལ་འདེད་བཏང་། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་གི་བཀག་སྡོམ་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁོར་ཡུག་ཁྲིམས་བསྟར་ནན་པོ་བྱ་དགོས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ནང་མཉམ་འདྲེས་ཐུབ་པ་བྱས་ཏེ་ “ མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་སྲུང་སྐྱོང་ཟུང་དུ་འབྲེལ་བའི ” མཉམ་འདྲེས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་ཁོར་ཡུག་གི་ཉེན་ཁར་དོགས་ཟོན་བྱས་ནས་ཁུལ་ཡོངས་ཀྱི་མང་ཚོགས་ཀྱི་སྐྱེ་ཁམས་བདེ་རྩ་ཆེ་རུ་གཏོང་དགོས།
ཁུལ་སྤྱི་ཚོགས་ཚན་རིག་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གྱི་ངོ་བོ་དང་སྙིང་པོར་གོ་བ་གཏིང་ཟབ་བླངས་ཏེ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱིས་བཏོན་པའི་བསམ་བློ་གསར་པ་དང་།ཆོད་གཏམ་གསར་པ།བླང་བྱ་གསར་པ་བཅས་ཁོང་དུ་ཡང་དག་ཆུད་པ་བྱས་ཡོད།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐོག་གཏན་ལ་ཕབ་པའི་འབད་འཐབ་དམིགས་ཚད་ལ་དམ་པོར་དམིགས་པ་དང་ལྷག་པར་དུ་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ།སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ།དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་བར་ནུས་ཤུགས་ཡོད་རྒུས་འབད་བརྩོན་བྱེད་པ།ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་སོགས་ཀྱི་བཀོད་སྒྲིག་གལ་ཆེན་དང་སྤྱི་ཚོགས་ཚན་རིག་ལས་དོན་གྱི་འཇུག་སྒོ་དང་ཤུགས་རྒྱག་ས་གནད་འཁེལ་བཙལ་དགོས། བདེ་ཆེན་ཁུལ་གྱི་སྤྱི་ཚོགས་ཚན་རིག་ལས་རིགས་ལ་ཤེས་ལྡན་མི་སྣ་མང་བ་དང་རིག་སྟོབས་གཅིག་སྡུད་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་།རིགས་པའི་གཞུང་ལུགས་ཞིབ་འཇུག་དང་འཆད་འགྲེལ་གཏིང་ཟབ་བྱས་ཏེ་གཏིང་ཟབ་དང་།གནད་ལ་འཁེལ་བ།ཤུགས་རྐྱེན་ལྡན་པ་བཅས་ཀྱི་ཞིབ་འཇུག་གྲུབ་འབྲས་ཁག་གཅིག་འདོན་ཐུབ་པ་བྱས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འགོད་པར་ནུས་ལྡན་གྱི་རིགས་པའི་གཞུང་ལུགས་ཀྱི་འདེགས་སྐྱོར་དང་རིག་སྟོབས་ཀྱི་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།
སྤྱི་ཚོགས་ཚན་རིག་ཁྱབ་གདལ་རྟེན་གཞི་དང་སློབ་ཚོགས ( མཐུན་ཚོགས་དང་ཞིབ་འཇུག་ཚོགས་པ ) སོགས་སྟེགས་བུའི་འཐབ་སར་བརྟེན་ནས་སྙན་ཞུའི་ཚོགས་འདུ་དང་།བགྲོ་གླེང་ཚོགས་འདུ།བཞུགས་མོལ་ཚོགས་འདུ་སོགས་ཀྱི་བྱེད་སྟངས་སྣ་ཚོགས་བརྒྱུད་དྲིལ་བསྒྲགས་སྒྲོག་འགྲེལ་གྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ནས་སྤྱི་ཚོགས་ཚན་རིག་རིགས་གཅིག་མཁས་ཅན་སྒྲིག་འཛུགས་ཀྱིས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་དེ་གོ་བདེ་ཤེས་སླའི་སྐད་ཆ་དང་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྟངས་བརྒྱུད་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་གསལ་པོ་བརྗོད་པ་དང་གོ་བདེ་ཤེས་སླའི་ངང་བརྗོད་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་མི་སེམས་ལ་ཟུག་པ་དང་དོན་འཁྱོལ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་དགོངས་དོན་རྒྱུད་རིམ་ཅན་དང་རིག་གཞུང་ཅན་དུ་འགྱུར་བའི་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་བ་དང་།ཧུར་བརྩོན་ཆེན་པོས་མི་སྣ་སྒྲིག་འཛུགས་བྱས་ཏེ་འབྲེལ་ཡོད་རིགས་པའི་གཞུང་ལུགས་ཀྱི་རྩོམ་ཡིག་འབྲི་བ་དང་།སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་པའི་ངང་ཚུལ་ཟབ་མོ་བསྐྲུན་ཡོད།
སེམས་ཀྱི་ཉི་ཟླ་གྲོང་ཨུའི་དྲིལ་བསྒྲགས་པུས་དམིགས་ཚད་བརྟན་པོ་འཛུགས་པ་དང་གནད་ལ་འཁེལ་བའི་ཤུགས་རྒྱག་ནས། ཁུལ ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་།དྲིལ་བསྒྲགས།ལག་བསྟར་བཅས་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སྐད་གཉིས་སྒྲོག་འགྲེལ་སོགས་ཁྱད་ལྡན་བྱ་ཐབས་སྤྱོད་པ་དང་།རིམ་དབྱེ་རིགས་དབྱེའི་སྒོ་ནས་སློབ་སྦྱོང་དང་བགྲོ་གླེང་དང་གཞི་རིམ་གྱི་སྒྲོག་འགྲེལ་བྱེད་པ།ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་འབྲོག་ཁུལ་དུ་སྐྱོད་པ་དང་མང་ཚོགས་ཁྲོད་ཁྱབ་པར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས།གླེང་ཕྱོགས་ཀྱི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་སེམས་ཀྱི་ཉི་ཟླ་འཕེལ་རྒྱས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་མཐུན་སྒྲིལ་བརྟན་ལྷིང་ལ་སྐུལ་འདེད་དང་དྲང་ཕྱོགས་ཀྱི་དྲིལ་བསྒྲགས་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་།ལས་སྟེགས་ཀྱི་ཐོན་ཁུངས་སྣ་ཚོགས་གཅིག་འདོམས་བྱས་ནས་སྨྱན་སྦྱོར་ཡོངས་ཀྱི་ཁྱབ་སྤེལ་མ་ལག་བཏོད་དེ་ནང་དོན་ཐོན་སྐྱེད་ལ “ བསྡུ་རུབ་ཐེངས་གཅིག་དང་།སྣ་མང་ཡོངས་བསྒྲགས།སྨྱན་སྦྱོར་ཡོངས་ཁྱབ ” བཅས་མངོན་འགྱུར་ཡོང་བ་བྱས་ནས་སེམས་ཀྱི་ཉི་ཟླའི་གཏམ་རྒྱུད་ལེགས་པར་བཤད་དགོས།ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་དུས་ཚོད་ཀྱིས་མི་སྒུག་པའི་དགོས་གཏུགས་ཀྱི་བསམ་པ་དང་གཞན་ལ་ཁག་འགན་དཀྲི་མི་རུང་བའི་འགན་འཁྲིའི་བསམ་པར་བརྟེན་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་བསྒྱུར་ཏེ་རང་སོ་སོའི་ཁྱབ་ཁོངས་སུ་ཚད་གཞི་བསྡུར་བ་དང་སྲིད་ཇུས་གནད་སྨིན་ལག་བསྟར་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་འབྲི་དགོས།

འགན་འཁུར་རྩོམ་སྒྲིག་པ།:扎史次里

  • བདེ་ཆེན་གསར་འགྱུར།

མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལག་ལེན་དངོས་དང་འགན་འཁྲི་འཁུར་བ། —— བདེ་ཆེན་ཁུལ་གྱི་རིམ་པ་ཁག་གི་སྡེ་ཁག་གིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ།

ལི་ཡན་ལན་འབྲེལ་གཏུག་ཤང་གྲོང་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་འཇུག་སྒོ་དང་ཟུང་འབྲེལ་བྱེད་ས་གནད་ལ་འཁེལ་བར་བཙལ་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ལི་ཡན་ལན་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས།

བདེ་ཆེན་ ཁུལ་གྱི ས་བྱ་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་གཏོད་ལ་དམ་འཛིན་བྱས།

ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་ཚོགས་འདུ་ཐེངས་89པ་འཚོགས།

བདེ་ཆེན་ཁུལ་གྱིས་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སི་དང་བཞུགས་མོལ་ཚོགས་འདུ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་རང་ཁུལ་གྱི་འགྲིམ་འགྲུལ་རྣམ་གྲངས་གཙོ་བོ་འཛུགས་སྐྲུན་བྱས་ཚུལ་ལ་བརྟག་ཞིབ་བྱེད་སྐབས་འགག་སྒྲོལ་དཀའ་སེལ་དམིགས་འབེན་ལ་ཤུགས་སྣོན་བརྒྱབ་ནས་རྣམ་གྲངས་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། 

ཁུལ་སྲིད་གཞུང་གིས་རྒྱུན་ལས་ཚོགས་འདུ་ཐེངས་96པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com