中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཧྭ་པ་གྲོང་ཚོར་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཚན་རིག་དང་མཐུན་པའི་སྒོས་འཆར་འགོད་སྣེ་ཁྲིད་དུ་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རིམ་སྤར་མྱུར་དུ་བཏང་ནས་ཡུལ་སྐོར་ཐོན་ལས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས།

ཁྱབ་བསྒྲགས་དུས་ཚོད་:2026-10-19 11:55:33 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་16ཉིན་ནས་ཚེས་17ཉིན་གྱི་བར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཧྭ་པ་གྲོང་ཚོར་ཕེབས་ཏེ་ཡུལ་དངོས་ནས་གྲོང་ཚོ་འཆར་འགོད་སྡེབ་སྒྲིག་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རིམ་སྤར། གཉེར་སྐྱོང་དོ་དམ་ཚད་ལྡན་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་། ཁོང་གིས་ནན་བཤད་གནང་དོན།  ཞི་ཅི་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ལས་ཀའི་བཀོད་སྒྲིག་དོན་འཁྱོལ་བྱེད་དེ། ཧྭ་པ་གངས་རིའི་ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་ལ་གཞི་ཚུགས་ནས་སྐྱེ་ཁམས་དམིགས་སུ་བཀར་བ་དང་འཆར་འགོད་སྔོན་དུ་བྱེད་པ། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར།  དམངས་ཕྱུག་དམངས་ཕན་བཅས་རྒྱུན་འཁྱོངས་བྱེད་དེ། གཅིག་འགྱུར་འཆར་འགོད་ཀྱིས་ལས་དོན་ཁག་ལ་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་ཀྱི་ལེགས་ཆ་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་དང་མང་ཚོགས་འབབ་འཕར་གྱི་ཕན་འབྲས་དངོས་སུ་སྒྱུར་ནས་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི་”ཡུལ་སྐོར་དམིགས་ཡུལ་འཛུགས་སྐྱོང་ལ་རམ་འདེགས་བྱེད་དགོས།  

图片
ལུའོ་ཁྲའོ་ཧྥེང་དང་བཅས་པས་ཧྭ་པ་གྲོང་ཚོར་འབྲེལ་ཡོད་གཉེར་སྐྱོང་གཙོ་གཞིའི་ཡུལ་སྐོར་གསར་སྤེལ་ལས་དོན་སྐོར་གྱི་གནས་ཚུལ་གསན་བཞིན་པ། 
 

    བརྟག་ཞིབ་ཁྲོད། ལུའོ་ཁྲའོ་ཧྥེང་གིས་སན་པ་ཤང་ཧྭ་པ་གྲོང་ཚོའི་འཆར་འགོད་སྣ་མང་གཅིག་ཏུ་མཉམ་འདྲེས་བྱེད་པའི་གྲོང་ཚོ་འཆར་འགོད་སྡེབ་སྒྲིག་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་རིམ་སྤར་རྣམ་གྲངས་འཆར་འགོད་གནས་ཚུལ་ནན་ཏན་གསན་པ་དང་།  ཁོང་གིས་བསྟན་དོན། ཧྭ་པ་གྲོང་ཚོ་དེ་ཧྭ་པ་གངས་རིའི་རི་འཛེག་རྐང་ཐང་འགྲོ་སའི་བསྡུ་འགྲེལ་གྱི་ལྟེ་གནས་སུ་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་ཁྱད་དུ་འཕགས་པ་དང་གཏིང་ཤུགས་ཆེན་པོ་ལྡན་པས་ཐོན་ཁུངས་ཀྱི་ལེགས་ཆ་ལ་གཞི་ཚུགས་པ་དང་མི་རིགས་རིག་གནས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོང་བ་བྱེད་དེ་ཆད་སྐྱོན་དང་ཞན་ཆ་མྱུར་དུ་གསབ་དགོས། 

    ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན། འཆར་འགོད་སྣེ་ཁྲིད་དང་ཚད་གཞི་མཐོན་པོའི་ངང་གྲོང་ཚོ་འཆར་འགོད་སྡེབ་སྒྲིག་རྒྱུན་འཁྱོངས་བྱེད་དེ། རྗེས་མཐུད་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་ཡུན་རིང་བཅོས་སྐྱོང་ལ་ཚན་རིག་དང་མཐུན་པའི་ཁྲིམས་བཀོད་ཁུངས་ལུང་མཁོ་འདོན་བྱེད་དགོས།  གྲོང་ཚོ་འཛུགས་སྐྲུན་དང་ཡུལ་སྐོར་གྱི་ཆ་བསྒྲིགས་རྣམ་གྲངས་དེ་ངེས་པར་དུ་གཟབ་ནན་ངང་ཁྲིམས་བཀོད་འཆར་འགོད་གཞི་སྒྲོམ་ནང་ལག་བསྟར་བྱེད་དགོས་པ་དང་། སྒྲིག་འགལ་ངང་ས་ཆ་བཟུང་བ་དང་། སྒེར་སྐྲུན་གང་བྱུང་དུ་སྐྲུན་པ་གཏན་འགོག་བྱེད་དེ་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་འགྱུར་དོ་དམ་ཚོད་འཛིན་གྱི་མཐའ་ཚད་གཉིས་ནན་སྲུང་བྱེད་དགོས།  ཧྭ་པ་གངས་རིའི་རི་འཛེག་རྐང་ཐང་གི་ལྟེ་བའི་IPལ་དམ་པོར་དམིགས་པ་དང་། མི་རིགས་རིག་གནས་ཀྱི་ཁྱད་ཆོས་སྔོག་འདོན་གཏིང་ཟབ་བྱེད་པ། རིག་གནས་ཡུལ་སྐོར་མཉམ་འདྲེས་གྱི་འཇུག་སྒོ་གནད་ལ་འཁེལ་བར་འཚོལ་ཏེ། ཐོན་རྫས་དང་ལས་རྣམ། ཉམས་ལེན་རྣམ་པ་བཅས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཇུས་འགོད་བྱེད་པ་དང་། ཚད་གཞི་མཐོན་པོའི་ངང་བཟའ་བཏུང་དང་དམངས་སྲོལ་གནས་ཚང་སོགས་ཆ་བསྒྲིགས་ཞབས་ཞུ་ཡག་པོ་སྒྲུབ་པ་བྱེད་དགོས།  དུས་འགོའི་ལས་དོན་ཏན་ཏིག་སྒྲུབ་པ་དང་རྒྱུ་རྐྱེན་གཙོ་བོ་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་རིག་གནས་ཡུལ་སྐོར་མཉམ་འདྲེས་རིམ་སྤར་རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་གང་མགྱོགས་གཏོང་བ།  “རི་འཛེག་རྐང་ཐང་+གྲོང་གསེབ་ཉམས་ལེན་”མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བཏང་ནས་ཧྭ་པ་གྲོང་ཚོའི་རིག་གནས་ཡུལ་སྐོར་གྱི་ཕྱོགས་བསྡུས་ཐེག་ནུས་རྒྱུན་ཆད་མེད་པར་གོང་དུ་གཏོང་དགོས།  ཧྭ་པ་གྲོང་ཚོའི་ཡུལ་སྐོར་དང་འབྲེལ་བའི་ལས་རྣམ་གྱི་འབྲེལ་ཐག་ཧྲིལ་པོའི་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུང་ཚང་དུ་གཏོང་སྟེ་རི་ནང་འགྲོ་ན་སྙན་གསེང་ཞུ་བ་དང་ཞིབ་མཆན་འགོད་པ་དང་། ཁོར་ཡུག་ཤོང་ཚད་དོ་དམ་ཚོད་འཛིན་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བྱེད་དེ་དོ་དམ་ཚད་ལྡན་ལ་བརྟེན་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་བརྟན་བགྲོད་རྒྱང་འཁྱོལ་ལ་སྲུང་སྐྱོབ་བྱེད་དགོས།

    ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན། འབྲེལ་ཡོད་རིམ་པ་ཁག་གི་སྡེ་ཚན་གྱིས་གཅིག་འགྱུར་འཆར་འགོད་དང་མཐུན་སྦྱོར་བྱེད་ཤུགས་ཆེར་གཏོང་སྟེ་འཆར་འགོད་མཛུབ་སྟོན་དང་རྣམ་གྲངས་ཞབས་ཞུ།  ལས་རིགས་ལྟ་སྐུལ་དོ་དམ་བཅས་ཡག་པོ་བྱེད་པ་དང་། ཐོག་མཐའ་བར་གསུམ་དུ་དམངས་ཕྱུག་འཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ས་གནས་དེ་གའི་མང་ཚོགས་རིག་གནས་ཡུལ་སྐོར་ཐོན་ལས་ནང་གཏིང་ཟབ་ཞུགས་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བཅས་བྱས་ནས་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པོར་འགྱུར་བ་བཅས་དངོས་འབྲེལ་ཡོང་བ་བྱེད་དགོས།  

    ཧོང་ལུང་ཞིན་དང་མཱ་མུའུ། ལི་ཐའོ་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་མི་སྣ་བརྟག་ཞིབ་ནང་ཞུགས། 

འགན་འཁུར་རྩོམ་སྒྲིག་པ།:七林卓玛

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཧྭ་པ་གྲོང་ཚོར་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཚན་རིག་དང་མཐུན་པའི་སྒོས་འཆར་འགོད་སྣེ་ཁྲིད་དུ་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རིམ་སྤར་མྱུར་དུ་བཏང་ནས་ཡུལ་སྐོར་ཐོན་ལས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཆེད་དོན་ཚོགས་འདུ་ཐེངས་21པ་གཙོ་སྐྱོང་གནང་ནས་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ལོ་ཆུང་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མི་དང་མཇལ་འཛོམས་གནང་ནས་རྒྱ་ཆེའི་ལོ་ཆུང་ཚོས་ཏང་གཅེས་རྒྱལ་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ལན་སྤྲོད།

ཁུལ་ཨུས་ཚོགས་འདུ་འཚོགས་ནས་ཏན་སྤྲེའུ་སྤུ་སེར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་ལས་རྣམ་བཀོད་སྒྲིག་གི་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་གསན་པ་རེད།

ཁྱེད་ཀྱིས་ཚགས་ཤ་དང་། ཕག་ཤ བྱ་ཤ་སོགས་འཁྲུད་སྟངས་འགྲིག་འདུག་གམ།

མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལག་ལེན་དངོས་དང་འགན་འཁྲི་འཁུར་བ། —— བདེ་ཆེན་ཁུལ་གྱི་རིམ་པ་ཁག་གི་སྡེ་ཁག་གིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ།

ལི་ཡན་ལན་འབྲེལ་གཏུག་ཤང་གྲོང་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་འཇུག་སྒོ་དང་ཟུང་འབྲེལ་བྱེད་ས་གནད་ལ་འཁེལ་བར་བཙལ་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

ལི་ཡན་ལན་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com