ལུའོ་ཁྲའོ་ཧྥེང་གིས་ཁུལ་ལོ་ཆུང་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མི་དང་མཇལ་འཛོམས་གནང་ནས་རྒྱ་ཆེའི་ལོ་ཆུང་ཚོས་ཏང་གཅེས་རྒྱལ་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ལན་སྤྲོད།

ཟླ་10པའི་ཚེས་15ཉིན། ཀྲུང་གོའི་ལོ་ཆུང་གདོང་ལེན་རུ་ཁག་བདེ་ཆེན་ཁུལ་གྱི་འཐུས་མི་ཚོགས་ཆེན་ཐེངས་གསུམ་པ་སེམས་ཀྱི་ཉི་ཟླར་འགོ་ཚུགས། ཚོགས་འདུ་མ་འཚོགས་སྔོན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་སོགས་ཁུལ་རིམ་པའི་ཚན་ཁག་བཞིའི་འགོ་ཁྲིད་ཀྱིས་ཚོགས་ཆེན་གྱི་འཐུས་མི་དང་མཇལ་འཛོམས་གནང་ནས་ཚང་མ་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་པ་མ་ཟད་དྲན་རྟེན་སྐུ་པར་རྒྱག་པ།
སྔ་དྲོའི་ཆུ་ཚོད་9པར། སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ལུའོ་ཁྲའོ་ཧྥེང་དང་བཅས་པ་ཚོགས་རར་ཕེབས་པ་དང་། ལོ་ཆུང་གདོང་ལེན་རུ་མི་འཐུས་མིས་ཚོགས་རར་ཕེབས་པའི་འགོ་ཁྲིད་ལ་སྐེ་དཀྲིས་དམར་པོ་ཕུལ་བ་དང་རུ་ཁག་གི་གུས་འདུད་ཞུས།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཚབ་ཞུས་ནས་ཚོགས་ཆེན་འཚོགས་པར་སྤྲོ་སེམས་འཁོལ་བའི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པ་དང་ལོ་ཆུང་གདོང་ལེན་རུ་ཁག་གི་མི་སྣ། ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ། ལོ་ཆུང་བྱིས་པའི་ལས་དོན་པ་བཅས་ལ་བྱམས་བརྩེའི་འཚམས་འདྲི་ཞུས།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མི་ཚོར་རེ་བ་གནང་། ཚང་མས་ཏང་གཅེས་རྒྱལ་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བཅས་བྱེད་པའི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་ཞིག་བྱས་ནས་“གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་ཡང་མེད་”བློ་ལ་བརྟན་པོར་ངེས་ཏེ་ཏང་གིས་ཀྲུང་ཧྭ་མི་རིགས་སྣེ་ཁྲིད་དེ་ཡར་ལངས་པ་དང་ཕྱུག་པོ་ཡོང་བ། སྟོབས་ལྡན་ཡོང་བ་བཅས་ཀྱི་རླབས་ཆེན་ལོ་རྒྱུས་བརྒྱུད་རིམ་ལ་སློབ་སྦྱོང་ནན་ཏན་དང་ངོས་འཛིན་གཏིང་ཟབ་བྱས་ནས་ཕུགས་བསམ་དང་དད་སེམས་ཀྱི་རྨང་གཞི་བརྟན་པོ་བཏིང་སྟེ་ཁྱིམ་ཚང་དང་རྒྱལ་ཁབ་ཀྱི་བརྩེ་སེམས་གཏིང་ཟབ་དང་རླབས་ཆེན་མེས་རྒྱལ་ལ་དགའ་ཞེན་བྱས་ཏེ་མི་རིགས་ཁག་གི་གྲོགས་པོ་ཆུང་ཆུང་དང་གཉེན་ཉེ་མཐུན་སྒྲིལ་འཆམ་མཐུན་ཡོང་བའི་རེ་བ་བཏོན། ཚང་མས་སློབ་སྦྱོང་ལ་བརྩོན་འགྲུས་ཆེ་བའི་དུས་རབས་གསར་པའི་ན་གཞོན་བཟང་པོ་བྱས་ཏེ་སློབ་སྦྱོང་གི་དུས་ཚོད་བཟང་པོ་ལ་གཅེས་སྤྲས་བྱས་ནས་ཚན་རིག་དང་རིག་གནས་ཀྱི་ཤེས་བྱ་སྣ་ཚོགས་རྒྱ་ཁྱབ་ངང་སློབ་སྦྱོང་བྱེད་དགོས་པ་མ་ཟད། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་ཡང་སློབ་སྦྱོང་ནན་ཏན་བྱས་ཏེ་འཚར་ལོངས་ཀྱི་སྟོབས་ཤུགས་རྒྱུན་ཆད་མེད་པར་གསོག་འཇོག་བྱེད་ཅིང་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་ཞིག་ཏུ་ཧུར་ཐག་ངང་འཚར་ལོངས་ཡོང་བའི་རེ་བ་ཡོད། ཚང་མས་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་རྩལ། ངལ་རྩོལ་བཅས་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་བའི་དུས་རབས་གསར་པའི་ལོ་ཆུང་བཟང་པོ་བྱས་ཏེ་ཡང་དག་པའི་འཇིག་རྟེན་ལྟ་བ་དང་མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་བཙུགས་ནས་སློབ་སྦྱོང་གི་ནུས་པ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་། ལུས་རྩལ་བྱེད་སྒོ་ཁག་ནང་ཧུར་ཐག་ངང་ཞུགས་པ། མཛེས་དཔྱོད་བྱང་ཚད་གསོ་སྐྱོང་། ངལ་རྩོལ་ལ་བརྩི་མཐོང་དང་བརྩི་འཇོག་བཅས་བྱས་ཏེ་ངལ་རྩོལ་ཁྲོད་སྙིང་སྟོབས་སྦྱོང་བརྡར་བྱེད་དགོས་ཞེས་རེ་བ་བཏོན།
ལུའོ་ཁྲའོ་ཧྥེང་གིས་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་དང་ལོ་ཆུང་བྱིས་པའི་ལས་དོན་པས་ཏང་གི་ཆེད་དུ་མི་གསོ་སྐྱོང་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ཕྲག་ཏུ་འཁུར་ཡོད། གཞོན་ནུ་ལོ་ཆུང་གི་བསམ་བློ་ཀུན་སྤྱོད་ཀྱི་སྣེ་ཁྲིད་པ་དང་སློབ་སྦྱོང་དང་འཚོ་བའི་དཔེ་སྟོན་པ། འཚར་ལོངས་ཀྱི་ལམ་བུའི་སྣེ་ཁྲིད་པ་བཅས་ཡག་པོ་བྱ་དགོས། རིམ་པ་ཁག་གི་སློབ་གསོའི་སྡེ་ཁག་དང་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་མུ་མཐུད་དུ་ལོ་ཆུང་གདོང་ལེན་རུ་ཁག་གི་ཟུར་ཁྲིད་པ་དང་རྒྱ་ཆེའི་དགེ་རྒན་ལ་སེམས་ཁུར་དང་གཅེས་སྐྱོང་བྱ་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་དང་ལོ་ཆུང་བྱིས་པའི་བྱ་གཞག་འཕེལ་རྒྱས་ལ་སྔར་བཞིན་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ་མི་གསོ་སྐྱོང་བྱེད་པའི་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་གཏོང་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལོ་ཆུང་བྱིས་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་ཆེད་ཆ་རྐྱེན་བཟང་པོ་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
ཁུལ་གྱི་འགོ་ཁྲིད་མ་མུའུ་དང་ཡུས་ཅིན་ཆོན། ཡུས་ཀུའེ་ཧྥུན། དབྱང་ཅི་ཝུན། གུང་གཞོན་ཚོགས་པ་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ཝེ་ཐུང་ཐའོ་བྱེད་སྒོ་ནང་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:拉茸初姆
- བདེ་ཆེན་གསར་འགྱུར།
ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཆེད་དོན་ཚོགས་འདུ་ཐེངས་21པ་གཙོ་སྐྱོང་གནང་ནས་འཚོགས།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ལོ་ཆུང་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མི་དང་མཇལ་འཛོམས་གནང་ནས་རྒྱ་ཆེའི་ལོ་ཆུང་ཚོས་ཏང་གཅེས་རྒྱལ་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ལན་སྤྲོད།
ཁུལ་ཨུས་ཚོགས་འདུ་འཚོགས་ནས་ཏན་སྤྲེའུ་སྤུ་སེར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་ལས་རྣམ་བཀོད་སྒྲིག་གི་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་གསན་པ་རེད།
ཁྱེད་ཀྱིས་ཚགས་ཤ་དང་། ཕག་ཤ བྱ་ཤ་སོགས་འཁྲུད་སྟངས་འགྲིག་འདུག་གམ།
མདུན་སྐྱོད་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་ལག་ལེན་དངོས་དང་འགན་འཁྲི་འཁུར་བ། —— བདེ་ཆེན་ཁུལ་གྱི་རིམ་པ་ཁག་གི་སྡེ་ཁག་གིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ།
ལི་ཡན་ལན་འབྲེལ་གཏུག་ཤང་གྲོང་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་བརྟག་ཞིབ་དང་བཞུགས་མོལ་གནང་སྐབས་འཇུག་སྒོ་དང་ཟུང་འབྲེལ་བྱེད་ས་གནད་ལ་འཁེལ་བར་བཙལ་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།
ལི་ཡན་ལན་གྱིས་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་ལ་བརྟག་ཞིབ་བྱས་པ་མ་ཟད་ཁུལ་ཡོངས་ཀྱི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྱོང་ལས་དོན་གྱི་བརྙན་ལམ་ཚོགས་འདུ་འཚོགས།
བདེ་ཆེན་ ཁུལ་གྱི ས་བྱ་ཐབས་སྣ་མང་སྤྱད་དེ་ལས་ཞུགས་ལས་གཏོད་ལ་དམ་འཛིན་བྱས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108