ཁུལ་ཨུས་ཚོགས་འདུ་འཚོགས་ནས་ཏན་སྤྲེའུ་སྤུ་སེར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་ལས་རྣམ་བཀོད་སྒྲིག་གི་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་གསན་པ་རེད།
རྩོམ་པ་པོ་:黄晓丽 陈杰 高粒堡(实习)
ཁྱབ་བསྒྲགས་དུས་ཚོད་:2026-10-16 15:55:53
འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
ཟླ་10ཚེས་15ཉིན ། ཁུལ་ཨུ་ ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང ་ནས་ ཏན་སྤྲེའུ་ སྤུ་སེར་ མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་ དེ་བཞིན་ ལས་རིགས་བཀོད་སྒྲིག་གི་འབྲེལ་ཡོད་ལས་ དོན་ གནས་ཚུལ ་ལ་གསན་པ་རེད། ཚོགས་འདུའི་ཐོག་ ཞི་ཅིན་ཕིང་ གི་ སྐྱེ་ཁམས་ དཔལ་ ཡོན་ དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ ཞི་ཅིན་ཕིང་ གི་ ཡུན་ནན་ལ་རྟོག་ཞིབ་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན། དེ་བཞིན་ཞིང་ཨུ འི་ ལས་ དོན་ བླང་བྱ་བཅས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་ བྱེད་དེ། ཁུལ་ ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་བྱ ས་པ་དང་ “ རི་སྔོན་ཆུ་དྭངས་ གསེར་དངུལ་རི་ ལས་ལྷག ” ཞེས་པའི་ འདུ་ཤེས་བརྟན་པོ་བཙུགས་ནས ། སྐྱེ་ཁམས་ སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཡུལ་སྐོར་ལས་རིགས་རྣམ་པ་དང་གཉེར་སྐྱོང་རྣམ་པ། ཐོན་རྫས་མཁོ་སྤྲོད་བཅས་གསར་གཏོད་བྱེད་ དེ། སྐྱེ་ཁམས་ སྲུང་སྐྱོང་གི་གྲུབ་འབྲས་འགྲེམས་སྟོན་དང་རིན་ཐང་གཞན་སྒྱུར་གྱི་ཐབས་ལམ་འཚོལ་ཞིབ་ཧུར་ཐག་བྱས་ཏེ ། སྤུས་ཚད་མཐོ་བའི་ མཛེས་ལྗོངས་ཁུལ་རྒྱུན་མཐུད་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ ནན་གྱིས་བསྟན། ཚོགས་འདུའི་ཐོག་ ཏན་སྤྲེའུ་ སྤུ་སེར་ མཛེས་ལྗོངས་ཁུལ་ནི་རང་ ཁུལ་གྱི་ མཚོན་བྱེད་རང་བཞིན་ལྡན་པའི་རིག་གནས་ཡུལ་སྐོར་ཐོན་ཁུངས་གལ་ཆེན་ཞིག་ཡིན་པ་དང་ སྤུས་ཚད་མཐོ་རུ་གཏོང་རྒྱུར་དམ་འཛིན་ཡག་པོ་བྱེད་པ་ནི་ཁུལ་ ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་དང་ཡུལ་བབ་དང་བསྟུན་ནས་ ཁུལ་ ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་ མཐོ་བའི་ འཕེལ་རྒྱས་ ལ་ སྐུལ་འདེད་མགྱོགས་མྱུར་གཏོང་བ ར་ དམ་འཛིན་ བྱས་བྱ་གཞི་གལ་ཆེན་ཞིག་རེད། ཁུལ་ ཡོངས་ཀྱི་རིམ་ པ་ ཁག་ དང་ སྡེ་ཚན་ཁག ཁུལ་ཡུལ་སྐོར་ཚོགས་པས་སྔར་ལས་ལྷག་པའི་སྒོ་ནས་བསམ་བློ་བཅིངས་འགྲོལ་དང་ བསམ་ཕྱོགས་རྒྱ་ཆེར་བཏང་ནས ། ས་ཁུལ་གཞན་དག་གི་སྲུང་སྐྱོང་དང་ལས་རིགས་གསར་སྤེལ་བྱང་ཆུབ་པའི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ནུས་ཤུགས་ཡོད་རྒུས་མཛེས་ལྗོངས་ཁུལ་གྱི་སྤུས་ཚད་མཐོ་རུ་གཏོང་དགོས་ཞེས་བཏོན། ཚོགས་འདུའི་ཐོག ་ ཏན་སྤྲེའུ་ སྤུ་སེར་ མཛེས་ལྗོངས་ཁུལ་ནི་བདེ་ཆེན་གྱི་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ བྱེད་སའི་འཚོ་གནས་ གལ་ཆེན་ཞིག་ཡིན་པས ། རི་སྐྱེས་ སྲོག་ཆགས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཟུང་འབྲེལ་བྱེད་ས ར་ གནད་འཁེལ་ བྱེད་དེ། སྤྲེའུ་ཚོགས་ཀྱིས་མཉམ་འགུལ་བྱེད་སྟངས་ལ་གསར་གཏོད་དང་འཚོལ་ཞིབ་བྱེད་པ། སྤྲེའུ་ཡི་ཉམས་ལེན་ རྣམ་པར་ ལྟ་བ། འགུལ་རིས་དང་རིག་གནས་གསར་གཏོད། IPགསར་སྤེལ་སོགས་ཐོན་ལས་འབྲེལ་ཐག་བཀོད་སྒྲིག་བྱེད་པ། ས་ཁོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་གྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་ བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྤྲེའུ་ལ་ལྟ་བ ། ཚན་རིག་རྟོག་ཞིབ་དང་ཞིབ་འཇུག་སློབ་སྦྱོང་གི་ལམ་ཐིག་བཀོད་སྒྲིག་བྱེད་པ་བཅས་བྱས་ཏེ ། འགྲུལ་པ་རྒྱུན་མཐུད་ངང་བསྡུ་རུབ་བྱེད་དགོས ། ཀྲུང་གོའི་ ཏན་སྤྲེའུ་ སྤུ་སེར་ གསོ་སྤེལ་ཞིབ་འཇུག་ལྟེ་གནས་དང“རི་བོ་གཉིས”ལག་ལེན་གསར་གཏོད་རྟེན་གཞི་ཇུས་འགོད་བྱས་ནས་བསྐྲུན་ དགོས། སྟེགས་བུར་ བརྟེན་ནས་ བདེ་ཆེན་གྱི་ སྐྱེ་ཁམས་ དཔལ་ ཡོན་ འཛུགས་སྐྱོང་གྲུབ་འབྲས་གཅིག་སྡུད་ངང་འགྲེམས་སྟོན་བྱས་ནས ། ཡུལ་སྐོར་བ ར་ ནང་ཞུགས་ཚོར་སྣང་དང་ཉམས་ལེན་ཚོར་སྣང་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ ། ཞི་ཅིན་ཕིང་ གི་ སྐྱེ་ཁམས་ དཔལ་ ཡོན་དགོངས་པ་ སེམས་ནང་ཟུག་རྒྱུར་སྐུལ་འདེད་ གཏོང་དགོས་ཞེས་ནན་གྱི་བསྟན།ཚོགས་འདུའི་ཐོག་སྲིད་གཞུང་དང་ཁེ་ལས་ཕན་ཚུན་སྐུལ་འདེད་མཉམ་སྐྲུན་དང་མཉམ་འགུལ་མཐུན་སྦྱོར་འཕེལ་རྒྱས་མཐའ་འཁྱོངས་བྱས་ཏེ ། ཏན་སྤྲེའུ་ སྤུ་སེར་ མཛེས་ལྗོངས་ཁུལ་འཛུགས་སྐྲུན་བྱ་རྒྱུ་དེ་ འབའ་ལུང་ རྫོང་དང་ཐ་ན་ ཁུལ་ ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱོན་ཡོངས་ཁྲོད་གཅིག་གྱུར་འཆར་འགོད་བྱེད་པ ། ས་ཁོངས་ཡོངས་ཀྱི་ཡུལ་སྐོར་གཞི་གཅིག་ཅན་གྱི་བཀོད་སྒྲིག་ལ་གཞི་ཚུགས་ཏེ ། ཏན་སྤྲེའུ་ སྤུ་སེར་ མཛེས་ལྗོངས་ཁུལ་དང་ ཁུལ་ ཡོངས་ཀྱི་ཡུལ་སྐོར་མཛེས་ལྗོངས་ཁུལ། མཐའ་འཁོར་གྱི་ཡུལ་མིའི་སྡོད་ཁང་། ཞིང་སྡེའི་མཛེས་ལྗོངས་བཅས་སྦྲེལ་མཐུད་བྱས་ནས ། “ སྤྲེའུ་ལ་ལྟ་བ་དང་ཞིབ་ འཇུག་སློབ་གཉེར། དམངས་སྲོལ། སྤྲོ་གསེང་”བཅས་ཀྱི་སྣ་མང་ཐོན་རྫས་མ་ལག་འཛུགས་དགོས། མཛེས་ལྗོངས་ཁུལ་མཐའ་འཁོར་གྱི་གྲོང་ཚོའི་རྣམ་པ་དུས་མཉམ་དུ་ལེགས་སུ་གཏོང་བ་དང་ མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཛེས་ལྗོངས་ཁུལ་གྱི་གྲོང་ཚོ་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བ། མཛེས་ལྗོངས་ཁུལ་མཐའ་འཁོར་གྱི་གྲོང་ཚོའི་རྣམ་པ་དུས་མཉམ་དུ་ལེགས་སུ་གཏོང་བ་དང་ མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། མཛེས་ལྗོངས་ཁུལ་གྱི་གྲོང་ཚོ་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་གཏོང་བ། ཡུལ་སྐོར་བ་འགྲོ་འོང་བྱེད་ཚད་དེ་འཕེལ་རྒྱས་ཀྱི“ཉར་ཚད”སུ་འགྱུར་བར་སྐུལ་འདེད་གཏོང་བ་རེད། དྲིལ་བསྒྲགས་དང་ཁྱབ་གདལ་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་སྟེ ། སྨྱན་སྦྱོར་གསར་པའི་སྟེགས་བུ་ བེད་སྤྱོད་ ཡག་པོ་ བྱེད་དེ་ མཛེས་ལྗོངས་ཁུལ་གྱི་སྐད་གྲགས་དང་ཤུགས་རྐྱེན་ཆེ་རུ་གཏོང་དགོས། རྒྱུ་རྐྱེན་གཙོ་བོའི་འགན་ལེན་དམ་འཛིན་ཏན་ཏིག་བྱས་ཏེ ། ཁྲིམས་སྲོལ་ལྟར་མཛེས་ལྗོངས་ཁུལ་གྱི་གེགས་རྗེས་བསྐྱར་སྐྲུན་དང་སྤུས་ཚད་ལེགས་སུ་གཏོང་བའི་ལས་གྲྭར་སྐུལ་འདེད་གཏོང་བ ། ས་གཤིས་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཉེན་ཁ་སྔོན་འགོག་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་སྐོར་བདེ་འཇགས་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ ། བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་སྲུང་བྱེད་དགོས ་ཞེས་ནན་གྱིས་བསྟན།ཚོགས་འདུའི་ཐོག“ཐབས་གསུམ་དང་ཅན་གསུམ”གྱི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས ། ལས་འགན་རྣམ་གྲངས་ཅན་དང་རྣམ་གྲངས་གསལ་ཐོ་ཅན། གསལ་ཐོ་འགན་འཁྲི་ཅན་བཅས་མཐའ་འཁྱོངས་བྱས་ཏེ ། ལས་འགན་གསལ་ཐོ་རྣམ་གྲངས་རེ་རེ་བཞིན་གསེད་བཀྲོལ་ བྱས་ནས། རྗེས་འདེད་ལྟ་སྐུལ་སྒྲུབ་ཤུགས་ཆེ་རུ་གཏོང་བ ་དང་ ཕྱོགས་ཁག་གི་འགན་འཁྲི་དམ་དུ་གཏོང་བ ། མཛེས་ལྗོངས་ཁུལ་འཛུགས་སྐྲུན་གྱི་ལས་འགན་ཁག་དོན་འཁྱོལ་དང་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
མ་མུའུ་དང་ལི་ཐའོ། འབའ་ལུང་ རྫོང་ཨུ ་དང་ཁུལ་ རིམ་པའི་འབྲེལ་ཡོད་སྡེ་ ཚན། ཁུལ་ ཡུལ་སྐོར་ཚོགས་པའི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ ཞུགས།
འགན་འཁུར་རྩོམ་སྒྲིག་པ།:扎史次里