中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་97པ་འཚོགས།

རྩོམ་པ་པོ་:杨涛 ཁྱབ་བསྒྲགས་དུས་ཚོད་:2026-10-20 14:49:00
图片


ཟླ་10པའི་ཚེས་19ཉིན། ཁུལ་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱི་མངགས་བཅོལ་ལྟར། ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ་དབྱང་ཞུའེ་ཝུན་གྱིས་ཁུལ་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་ཐེངས་97པ་གཙོ་སྐྱོང་གནང་ནས་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་77འཁོར་བར་རྟེན་འབྲེལ་ཞུ་བའི་སྣེ་ལེན་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ད་དུང་འབྲེལ་ཡོད་དོན་དག་ལ་ཞིབ་འཇུག་དང་གྲོས་བསྡུར་བྱས། 

གྲོས་ཚོགས་ཐོག་ནན་གསུང་གནང་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང། ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་ཡུལ་དང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག ལོ་འཁོར་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཡུལ་བཅས་དམ་པོར་དམིགས་ནས། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དང་ཚོང་འགུགས་མ་འདྲེན། གཞུང་ཁོངས་རྒྱུ་ནོར་གང་འགབ་ཅི་སྤྱོད་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ། མཐོ་སྒང་གི་ཁྱད་ལྡན་ཞིང་ལས་དང་ཀྲུང་ལུགས་དང་བོད་ལུགས་སྨན་རྫས་སོགས་ཀྱི་སྤུས་ལེགས་ཐོན་ལས་འཕེལ་རྒྱས་ཤུགས་ཆེ་རུ་གཏོང་ནས། ཕྱོགས་ཡོངས་སུ་ལོ་ཡོངས་ཀྱི་དམིགས་ཡུལ་ལས་འགན་ལ་ལེགས་གྲུབ་བྱུང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་གཙོ་བོ་འཛིན་ཏེ། རྒྱུན་མཐུད་ངང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་བརྟན་པོ་དང་རྒྱ་སྐྱེད་གཏོང་ཞིང་། རྒྱུན་རྣམ་ཅན་གྱིས་དབུལ་ཕོངས་བསྐྱར་ལོག་བྱས་པའི་ལྟ་སྐུལ་ཚོད་འཛིན་གྱི་རོགས་སྐྱོར་ལམ་སྲོལ་དོན་འཁྱོལ་བྱས་ནས། ནན་ཏན་ངང་སློབ་གསོ་དང་སྨན་བཅོས། ལས་ཞུགས་སོགས་དམངས་འཚོ་དོན་དངོས་ཡག་པོ་སྒྲུབ་སྟེ། མི་རིགས་མཐུན་སྒྲིལ་ཡར་ཐོན་“རྫོང་བཅུ་ཤང་བརྒྱ་གྲོང་ཚོ་ཆིག་སྟོང་དུད་ཚང་ཁྲི་ཁག”དཔེ་སྟོན་སྣེ་ཁྲིད་འཛུགས་སྐྲུན་ལས་གཞི་ཟབ་ཏུ་གཏོང་ནས། ཕྱོགས་ཡོངས་སུ་སེམས་ཀྱི་ཉི་ཟླ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་ནགས་ཕག་མཚོ་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་སྐུལ་འདེད་གཏོང་སྟེ། ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འགན་སྲུང་ཡག་པོ་བྱེད་དགོས། སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་བརྟན་པོ་འཛུགས་པ་དང་། དུས་རབས་གསར་པའི་“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་ཞིང་། རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་བདེ་འཇགས། བདེ་འཇགས་ཐོན་སྐྱེད། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད། ས་གཤིས་གནོད་འཚེ་འགོག་བཅོས། འགལ་བ་དང་རྩོད་གཞི་གྲལ་བཤེར་བཅས་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དེ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁར་དོགས་ཟོན་དང་སེལ་ནས། སྲིད་གཞུང་གིས་རང་འགུལ་ངང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་སྟེ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱས་ནས། རྩིས་ཁྲ་དོ་དམ་དང་ལྟ་སྐུལ་ཞིབ་བཤེར་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། མཐུན་སྒྲིལ་ངང་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་སྣེ་ཁྲིད་བྱས་ནས་དངོས་འཛིན་དངོས་སྒྲུབ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་བརྩམས་དགོས། 

གྲོས་ཚོགས་ཐོག་ནན་གསུང་གནང་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། “རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོ་འཛུགས་པ་དང་ལག་བསྟར་བྱས་ནས། ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲི་སྒྲུབ་སེམས་ཐོག་ནས་བདེ་ཆེན་གྱི་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་འགན་སྲུང་བྱེད་དགོས། རྫོང་(གྲོང་ཁྱེར)མི་དམངས་སྲིད་གཞུང་ཁག་གིས་གྲོང་ཚོའི་སྟོབས་ཤུགས་དང་ནགས་སྲུང་པ། སྤྱི་ཕན་རང་བཞིན་གྱི་ལས་གནས་མི་སྣ། ཁོར་ཡུག་སྲུང་སྐྱོང་དཔུང་ཁག་བཅས་རྩ་འཛུགས་བྱས་ནས་རྐང་ཐང་ལམ་ཐིག་ཁག་ཏུ་གད་སྙིགས་གཙང་སེལ་བཅོས་སྒྲིག་ལས་དོན་ཡག་པོ་སྤེལ་དགོས། ཐབས་ལམ་མང་པོའི་ཐོག་ནས་གད་སྙིགས་མེད་པའི་རི་ཐང་དང་དཔལ་ཡོན་རྐང་ཐང་དྲིལ་བསྒྲགས་བྱས་ཏེ། རྐང་ཐང་འགྲོ་དགའ་མཁན་ཚོས་རང་རྟོགས་ངང་གད་སྙིགས་འཁྱེར་རྒྱུར་ཁྲིད་སྟོན་བྱས་ནས། སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས། རིམ་པ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ལས་རིགས་ཀྱི་འགན་འཁྲི་སྔར་བས་ཞིབ་ཚགས་སུ་གཏོང་བ་དང་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་དུ་བཏང་སྟེ། གཏོགས་ཁོངས་ཀྱིས་སྣེ་ཁྲིད་དང་སྡེ་ཚན་མཉམ་འགུལ། རྒྱུན་རྣམ་དོ་དམ་སྲུང་སྐྱོང་། ཕུགས་ཕན་བཅོས་སྐྱོང་བཅས་ཀྱི་ལས་ཀའི་རྣམ་པ་ཞིག་ཆགས་ནས། དོ་དམ་མི་འདང་བ་དང་འགན་འཁྲི་མི་འཁུར་བའི་གནས་ཚུལ་གཏན་འགོག་བྱེད་དགོས། 

གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

འགན་འཁུར་རྩོམ་སྒྲིག་པ།:达瓦只玛

  • བདེ་ཆེན་གསར་འགྱུར།

ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་97པ་འཚོགས།

ལི་ཡན་ལན་གྱིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་པ།

སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་2པ་འཚོགས།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཧྭ་པ་གྲོང་ཚོར་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཚན་རིག་དང་མཐུན་པའི་སྒོས་འཆར་འགོད་སྣེ་ཁྲིད་དུ་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རིམ་སྤར་མྱུར་དུ་བཏང་ནས་ཡུལ་སྐོར་ཐོན་ལས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས།

ལི་ཡན་ལན་གྱིས་རུ་ཁག་སྣེ་ཁྲིད་དེ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་ཆེད་དོན་ཚོགས་འདུ་ཐེངས་21པ་གཙོ་སྐྱོང་གནང་ནས་འཚོགས།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ལོ་ཆུང་འཐུས་མི་ཚོགས་ཆེན་ཐེངས་གསུམ་པའི་འཐུས་མི་དང་མཇལ་འཛོམས་གནང་ནས་རྒྱ་ཆེའི་ལོ་ཆུང་ཚོས་ཏང་གཅེས་རྒྱལ་གཅེས་དང་ཕ་ཡུལ་ལ་དགའ་ཞེན་བྱས་ཏེ་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྲུན་པ་དང་བློས་འགེལ་ཆོག་པའི་རྒྱུན་འཛིན་པ་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་ལན་སྤྲོད།

ཁུལ་ཨུས་ཚོགས་འདུ་འཚོགས་ནས་ཏན་སྤྲེའུ་སྤུ་སེར་མཛེས་ལྗོངས་ཁུལ་འཛུགས་སྐྲུན་དང་ལས་རྣམ་བཀོད་སྒྲིག་གི་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་གསན་པ་རེད།

ཁྱེད་ཀྱིས་ཚགས་ཤ་དང་། ཕག་ཤ བྱ་ཤ་སོགས་འཁྲུད་སྟངས་འགྲིག་འདུག་གམ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com