ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་སྙན་ཞུ་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཟླ་8ཚེས་18ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་ཞུ་(བསམ་འཆར་བསྡུ་ལེན་མ་ཟིན)ནང་ལས་བྲལ་དང་ལས་འཁྱུར་ངལ་གསོ་རྒྱག་མཁན་ལས་བྱེད་པ་དང་། མང་ཚོགས་ཚོགས་པའི་རྩ་འཛུགས་ཀྱི་འཐུས་མི། གྲོང་ཚོའི་(སྡེ་ཁུལ)ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའམ་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས། ཏང་ཕྱིའི་མི་སྣ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི། ཐོན་ལས་འཕེལ་རྒྱས་ཁྱབ་ཁོངས། ལས་ཞུགས་ཚོགས་སྤྱི་གསར་པ་སོགས་སྤྱི་ཚོགས་ལས་རིགས་ཁག་གི་འཐུས་མིའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་བསྡུ་ལེན་བྱས་ཡོད་པས་བློ་བསྡུས་དགེ་འཚོལ་གྱིས་བདེ་ཆེན་གྱི་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་གཞི་བཏིང་ནས་འབད་འབུངས་མཉམ་ཤུགས་གཅིག་ཏུ་སྒྲིལ་ཡོད།
ཚོགས་འདུའི་ཐོག་ཁུལ་ཨུའི་རྒྱུན་ཨུའམ་ཁུལ་ཨུའི་དྲུང་ཆེ་ཞུས་ཀོང་ཏེ་ཡིས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་ཞུ་(བསམ་འཆར་བསྡུ་ལེན་མ་ཟིན)འཆར་ཟིན་བཀོད་ཚུལ་སྐོར་གྱི་གསལ་བཤད་ལ་གསན་པ་རེད།

བཞུགས་མོལ་ཚོགས་འདུའི་ཐོག་ཚོགས་ཞུགས་འཐུས་མི་31གིས་རང་སོ་སོའི་ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་གང་བསམ་ལྷུག་གླེང་དང་རང་རང་གི་ལྟ་ཚུལ་བརྗོད་པ་རེད། ཚང་མས་ངོས་འཛིན་གཅིག་མཐུན་བྱས་དོན། སྙན་ཞུ་(བསམ་འཆར་བསྡུ་ལེན་མ་ཟིན)གྱི་ཆབ་སྲིད་ཀྱི་ཚུགས་གནས་མཐོ་བ་དང་། ཕྱོགས་སྡོམ་གྲུབ་འབྲས་དོན་དངོས་དང་མཐུན་པ། དུས་བབ་དབྱེ་ཞིབ་གནད་དུ་སྨིན་པ། བཀོད་སྒྲིག་བྱེད་ཐབས་ནུས་ལྡན་ཡིན་པ། བདེ་ཆེན་འཕེལ་རྒྱས་ཀྱི་དོན་དངོས་དང་མཐུན་པ། མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་དང་མཐུན་པ་བཅས་ཡོད། ཚོགས་ཞུགས་འཐུས་མིས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་བཅོས་སྒྲིག་དང་། རིག་གནས་ཡུལ་སྐོར་ཐོན་ལས་མཉམ་འདྲེས་རིམ་སྤོར། ལྗང་མདོག་ནུས་རྒྱུ་གསར་སྤེལ། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས། དམངས་འཚོ་འགན་ལེན་ལེགས་གཏོང་། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེར་གཏོང་། དམངས་གཉེར་དཔལ་འབྱོར་སྐྱེད་སྲིང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་། སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་འཐབ་ས་དང་པོའི་ལས་ཀའི་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་དམིགས་སའི་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་བཏོན་པ་རེད།
ལུའོ་ཁྲའོ་ཧྥེང་གིས་འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་ནས་ཚང་མ་དང་སྤེལ་རེས་ཡང་ཡང་གནང་བ་རེད། ཁོང་གིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ་ནི་ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱི་མཉམ་སྡེབ་བློ་གྲོས་ཀྱི་ཉིང་བཅུད་ཅིག་རེད། སྙན་ཞུ་གྱི་འཆར་ཟིན་ཡག་པོ་བཀོད་པ་དེ་ནི་འདས་ཟིན་པའི་ལོ་ལྔའི་ལས་དོན་གྱི་བརྒྱུད་རིམ་ལྡན་པའི་ངང་སླར་གསོ་བྱས་པ་ཞིག་རེད་ལ་འབྱུང་འགྱུར་ལོ་ལྔའི་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་ཇུས་འགོད་བྱས་པ་ཞིག་ཀྱང་རེད། སྙན་ཞུ་ནང་བསམ་འཆར་བསྡུ་ལེན་ལ་གྲོས་བསྡུར་བྱེད་པའི་བརྒྱུད་རིམ་ནི་བསམ་བློ་གཅིག་གྱུར་དང་། ངོས་འཛིན་གཅིག་མཐུན། སྟོབས་ཤུགས་གཅིག་སྒྲིལ་བཅས་ཀྱི་བརྒྱུད་རིམ་ཞིག་རེད། འཐུས་མི་རྣམ་པ་ཚོས་ལས་གནས་མི་འདྲ་བ་དང་ལྟ་སྟངས་མི་འདྲ་བའི་ཐོག་ནས་བཏོན་པའི་བསམ་འཆར་དང་གྲོས་འགོར་སྙན་ཞུའི་ཡིག་ཆར་བཟོ་བཅོས་ཞིབ་ཕྲ་བརྒྱབ་པའི་བསམ་འཆར་ཡོད་ལ་ཁུལ་ཨུའི་ལས་དོན་ལ་བསམ་གཞིག་གཏིང་ཟབ་ཀྱང་བྱས་པས་བདེ་ཆེན་འཕེལ་རྒྱས་ཀྱི་འགན་འཁྲི་དང་རེ་སྒུག་ཆེན་པོ་ལྡན་ཡོད་པས་དཔྱད་གཞིའི་རིན་ཐང་ཆེན་པོ་ལྡན་ཡོད་ཅེས་བསྟན།
ལུའོ་ཁྲའོ་ཧྥེང་གིས་སྙན་ཞུ་འཆར་ཟིན་འགོད་པའི་ཆེད་དོན་འཛིན་གྲྭས་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་བཞུགས་མོལ་གྱི་གྲུབ་འབྲས་ཁོང་དུ་ཆུད་པ་དང་བསྡུ་ལེན་ནན་ཏན་བྱས་ཏེ་ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོ་རེ་རེ་བཞིན་གསེད་བཀྲོལ་དང་། ཞིབ་འཇུག་ནན་ཏན། བསྡུ་ལེན་གང་ལེགས། སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སྙན་ཞུ་དེ་བདེ་ཆེན་འཕེལ་རྒྱས་ཀྱི་དོན་དངོས་དང་དེ་བས་འཚམ་པ་དང་། མི་རིགས་ཁག་གི་མང་ཚོགས་ཀྱི་འདོད་བློ་དང་དེ་བས་འཚམ་པ། ལག་ལེན་གྱི་མཛུབ་ཁྲིད་རང་བཞིན་དེ་བས་ལྡན་པ་བཅས་བྱེད་དགོས། སྤྱི་ཚོགས་ལས་རིགས་ཁག་གིས་སྔར་རྒྱུན་བཞིན་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་། ཐབས་འདོན་ཇུས་འདོན་ཧུར་ཐག་བྱེད་པ། རང་འགུལ་ངང་ལྟ་སྐུལ་རམ་འདེགས་བྱེད་པ། དམངས་སེམས་རྒྱ་ཁྱབ་ངང་གཅིག་སྒྲིལ་བྱེད་པ་བཅས་བྱས་ཏེ་ཕྱོགས་ཁག་གི་བློ་གྲོས་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་འགྱུར་བར་བྱས་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་རྩོམ་དགོས་པའི་ནན་བཤད་གནང་བ་རེད།
- བདེ་ཆེན་གསར་འགྱུར།
ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་སྙན་ཞུ་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མེ་ཏོག་བསུང་ངད་ཕྱོགས་བཞིར་ཁྱབ།
ཡུན་ནན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་བདེ་བླག་ངང་མཇུག་འགྲིལ་བ། བདེ་ཆེན་ཁུལ་ལ་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་3ཐོབ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཡངས་པའི་སྤང་ཐང་གཞི་ལ་མི་སྣ་མང་པོ་འཛོམས་བྱུང་།
“མཐོ་སྒང་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ་”སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོ་དར་ར་ཚོགས་ཆུང་དུ་སྤེལ།
བདེ་ཆེན་གྱི་སྦེ་གའི་ལུས་རྩལ་བ་གཅེན་གཅུང་གཉིས་ཀྱིས་ཉིན་གཅིག་གི་ནང་དུ་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གཅིག་བླངས་ནས་ལོ་ངོ་ཉི་ཤུའི་རིང་གི་ཆེས་བཟང་བའི་འབྲས་བཟང་བླངས་པ།
བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་པ།ད་ལོའི་ལོ་སྟོད་ཀྱི་ལས་འགན་གཙོ་བོར་སྐུལ་འདེད་ཏན་ཏིག་བཏང་བ།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ལ་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108