ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ལ་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས

ཟླ་8པའི་ཚེས་12ཉིན་གྱི་སྔ་དྲོར། ཞུས་སི་སི་འབའ་ལུང་རྫོང་དུ་ཕེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ལ་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།
ཉེ་ཆར་ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་དང་ཀྲུའུ་པའོ་ཧྥུའུ། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་རེན་ལི་ཡན་ལན་སོ་སོས་རྫོང་(གྲོང་ཁྱེར)གསུམ་དུ་ཕེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ལ་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ། རིམ་ཁག་ལས་བྱེད་པས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ལ་བཏོན་པའི་བསམ་འཆར་དང་གྲོས་འགོ་རྒྱ་ཁྱབ་ངང་གསན་པ་རེད།
ཚོགས་འདུའི་ཐོག་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ལས་དོན་སྙན་སྒྲོན་(བསམ་འཆར་བསྡུ་ལེན་མ་ཟིན)གྱི་འཆར་ཟིན་བཀོད་ཚུལ་སྐོར་གསལ་བཤད་བྱས་པ་རེད།

ཟླ་8པའི་ཚེས་14ཉིན་གྱི་སྔ་དྲོར། ཀྲུའུ་པའོ་ཧྥུ་འཇོལ་རྫོང་དུ་ཕེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ལ་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།
ཚོགས་འདུའི་ཐོག་ཚང་མས་གང་བསམ་ལྷུག་གླེང་དང་སྙན་སྒྲོན་གྱི་བརྗོད་བྱ་གཙོ་བོར་དམ་པོར་དམིགས་ནས་རང་སོ་སོའི་ལས་ཀའི་གཙོ་གནད་དང་ཟུང་འབྲེལ་གྱིས་གཏམ་བཤད་བྱས་པ་རེད། ཚང་མས་སྙན་སྒྲོན་(བསམ་འཆར་བསྡུ་ལེན་མ་ཟིན)གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་ལས་ཀའི་ཕྱོགས་སྡོམ་ཁྱོན་ཡོངས་ནས་གནད་ལ་འཁེལ་བ་དང་རྩ་ལམ་གསལ་བ་དང་དམིགས་ཚད་གསལ་ལ་བྱ་ཐབས་གསལ་བས་བདེ་ཆེན་གྱི་དོན་དངོས་དང་མཐུན་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད། དུས་མཚུངས་སུ། ཚང་མས་ཁུལ་གྱི་གནས་ཚུལ་དངོས་དང་། ས་གནས་ཀྱི་འཕེལ་རྒྱས། མི་དམངས་མང་ཚོགས་ཀྱི་རྩ་བའི་ཁེ་ཕན་བཅས་ལ་དམིགས་ཏེ། སྙན་ཞུའི་ནང་དོན་འཐུས་ཚང་དང་། བྱེད་ཐབས་ཞིབ་ཕྲ། ཞིབ་གླེང་ལེགས་སྒྱུར་བཅས་ལ་དམིགས་གཏད་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་རབ་དང་རིམ་པ་བཏོན་ཡོད།
ཟླ་8པའི་ཚེས་14ཉིན་གྱི་ཕྱི་དྲོར། ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ལ་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས།
ཞུས་སི་སི་དང་། ཀྲུའུ་པའོ་ཧྥུ། ལི་ཡན་ལན་བཅས་ཀྱིས་གཏམ་བཤད་ནན་ཏན་ངང་གསན་པ་དང་། ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པ་ཡག་པོ་འཚོག་པ་དང་། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་སྒྲོན་འཆར་ཟིན་ཡག་པོ་འགོད་རྒྱུ་ནི་ཁུལ་ཡོངས་ཀྱི་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་ནི་འབྱུང་འགྱུར་ལོ་ལྔའི་རིང་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་ལ་མཛུབ་ཁྲིད་བྱེད་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་རེ་སྒུག་མཚོན་ཡོད། སྙན་སྒྲོན་གྱི་འཆར་ཟིན་འགོད་པའི་ཆེད་དོན་ཚོགས་ཆུང་གིས་ཞིབ་འཇུག་དང་གསེད་བཀྲོལ་ནན་ཏན་དང་ཁོང་དུ་ཆུད་པ་དང་བསྡུ་ལེན་བྱས་ཏེ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་ཚང་མའི་བློ་གྲོས་གཅིག་སྡུད་བྱེད་པ་དང་སྙན་སྒྲོན་གྱི་ནང་དོན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ནས་སྙན་སྒྲོན་གྱི་འཆར་ཟིན་འགོད་པའི་བརྒྱུད་རིམ་དེ་ཐུན་མོང་གི་ངོས་འཛིན་དང་བློ་གྲོས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་རྒྱུའི་འགན་ལེན་བྱས་ཏེ་སྙན་སྒྲོན་དེ་ཁུལ་ཨུས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་པའི་རྩ་འཛིན་རང་བཞིན་གྱི་ཡིག་ཆ་ཞིག་ཏུ་དངོས་འབྲེལ་འགྱུར་བ་བྱེད་དགོས། དེ་དང་ཆབས་ཅིག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རང་སོ་སོའི་ལས་གནས་ཀྱི་འགན་འཁྲིར་གཞི་ཚུགས་ཏེ་མུ་མཐུད་བསམ་གཞིག་དང་ཞིབ་འཇུག་གཏིང་ཟབ་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་བསམ་འཆར་དང་གྲོས་འགོ་དེ་བས་མང་བ་དུས་ཐོག་ཏུ་བཏོན་ཏེ་ཁུལ་ཡོངས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས་ཞེས་ནན་བཤད་གནང་བ་རེད།
རྫོང་(གྲོང་ཁྱེར)གསུམ་གྱི་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་རྫོང་(གྲོང་ཁྱེར)ཐད་གཏོགས་འབྲེལ་ཡོད་སྡེ་ཚན་དང་ཤང་གྲོང་གི་འགན་འཁུར་བ་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ།:江初卓玛
- བདེ་ཆེན་གསར་འགྱུར།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ལ་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས
ཡིད་སྨོན་འཆོར་སའི་ཚ་གཡོལ་གནས་མཆོག་སེམས་ཀྱི་ཉི་ཟླ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱ་ཐབས་བཞིར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་བཏང་།
འཇོལ་རྫོང་འབའ་སྡེ་ཤང་གིས་དམངས་འཚོའི་བྱ་བ་ཆུང་ཆུང་སྒྲུབ་ནས་མང་ཚོགས་ལ་བདེ་སྐྱིད་སྐྲུན།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་19པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་དུ་ཕེབས་ནས་འབྲུབ་འགོག་གེགས་སེལ་དང་ས་གཤིས་ཀྱི་གནོད་སྐྱོན་འགོག་བཅོས་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་བ།
ལུའོ་ཁྲའོ་ཧྥེང་གིས་པད་མ་རི་བོའི་དོ་དམ་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་ཇུས་གཞི་སྒྲིག་བཟོའི་ལས་དོན་ལ་བརྟག་ཞིབ་གནང་བ།
རང་ཁུལ་གྱིས་ཐབས་མང་མཉམ་སྤྱོད་ཀྱིས་དབྱར་གསེང་སྐབས་ཀྱི་ཡུལ་སྐོར་ལ་ཞབས་ཞུ་གང་ལེགས་འདོན་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108