中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་གྱི་སྦེ་གའི་ལུས་རྩལ་བ་གཅེན་གཅུང་གཉིས་ཀྱིས་ཉིན་གཅིག་གི་ནང་དུ་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གཅིག་བླངས་ནས་ལོ་ངོ་ཉི་ཤུའི་རིང་གི་ཆེས་བཟང་བའི་འབྲས་བཟང་བླངས་པ།

ཁྱབ་བསྒྲགས་དུས་ཚོད་:2026-08-17 16:19:14

ཟླ་8ཚེས་14ཉིན་ཡུན་ནན་ཞིང་ཆེན་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པའི་གཞོན་ནུ་ལོ་ཆུང་ཚོ་ཆུང་གི་སྦེ་གའི་འགྲན་བསྡུར་ནང་།བདེ་ཆེན་ཁུལ་འཐུས་མི་ཚོགས་པས་ལོ་རྒྱུས་རང་བཞིན་གྱི་ཚད་བརྒལ་ཆེན་པོ་བྱུང་ཡོད་དེ། འཇོལ་རྫོང་ནས་ཡོང་བའི་གཅེན་གཅུང་འགྲན་ཞུགས་པ་དཔལ་ལྡན་སྒྲོལ་མ་དང་བཀའ་ཐུབ་རྡོ་རྗེ་གཉིས་ཀྱིས་ཉིན་གཅིག་ནང་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་པ་གཅིག་བླངས་ཏེ་དངོས་ཤུགས་ལ་བརྟེན་ནས་རང་ཁུལ་གྱི་སྦེ་གའི་ལུས་རྩལ་འགྲན་བསྡུར་གྱི་ལེའུ་གསར་པ་གཏོད་པ་རེད། དེ་ནི་རང་ཁུལ་གྱིས་2006ལོའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་འཚོགས་རྗེས་ལོ་ཉི་ཤུ་སོང་རྗེས་སླར་ཡང་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་སྦེ་གའི་རྣམ་གྲངས་ཀྱི་བྱ་དགའ་མཐོ་ཤོས་ཐོབ་པ་ཞིག་རེད།0_DSC05046.jpeg

གཅུང་མོར་སྔོན་ལ་གཟི་བརྗིད་དཔང་རྟགས་ཐོབ་ལ།“ལོ་ཉི་ཤུའི་རིང་གི་གསེར་གྱི་རྟགས་མ་ཐོག་མ་”བླངས།སྔ་དྲོའི་བུད་མེད་གྱི་+70kgརིམ་པའི་མཐའ་བསྡུར་ཁྲོད། ནུ་མོ་དཔལ་ལྡན་སྒྲོལ་མས་ལོ་ཚོད་ལས་བརྒལ་བའི་བརྟན་འཇགས་གྱི་འཇོན་ནུས་མངོན་ཞིང་། འགྲན་ཡ་སྟོབས་ཆེན་གྱི་མདུན་དུ་ཁོ་མོས་ཐོག་མཐའ་བར་གསུམ་དུ“སེམས་ཁམས་སྙོམས་སྒྲིག་དང་།རྒྱུན་ལྡན་ངང་འདོན་སྤེལ་”གྱིས་འགྲན་བསྡུར་སྔོན་གྱི་ཐབས་ཇུས་ལག་བསྟར་བྱས་ལ། ལག་རྩལ་བཀོལ་སྤྱོད་ཐད་ནས་བློ་ཐག་ཆོད་པོས་གནད་ལ་ཁེལ་ཞིང་།འགྲན་བསྡུར་ཧྲིལ་བོར་ནོར་འཛོལ་མངོན་གསལ་མ་བྱུང་བས། མཇུག་མཐར་རྩོད་གཞི་ཅི་ཡང་མེད་པར་གསེར་གྱི་རྟགས་མ་བླངས། གསེར་གྱི་རྟགས་མ་འདི་ནི་མི་སྒེར་གྱི་གཟི་བརྗིད་ཡིན་པ་མ་ཟད།བདེ་ཆེན་ཁུལ་གྱི་ལུས་རྩལ་བའི་ལོ་ངོ་ཉི་ཤུའི་རེ་སྒུག་ཀྱང་མཚོན་ཡོད། 2006ལོའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་གྲོལ་རྗེས།རང་ཁུལ་དུ་ཡང་བསྐྱར་བདམས་ཐོན་པ་ཞིག་གིས་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་སྦེ་གའི་འགྲན་བསྡུར་ཁྲོད་རྒྱལ་ཁའི་གླུ་དབྱངས་བླངས།

གཅེན་པོས་དེའི་རྗེས་དེད་ནས་དངུལ་གྱི་དཔང་སྟགས་བླངས་ཤིང་སྔར་བཞིན་རིན་ཐང་ཆེན་པོ་ལྡན།ཕྱི་དྲོར་སྐྱེས་པའི་+90རིམ་པའི་མཐའ་བསྡུར་ནང་གཅེན་པོ་བཀའ་ཐུབ་རྡོ་རྗེས་དཔའ་ངར་ཆེན་པོས་འགྲན་བསྡུར་བྱས་མཐར་དངུལ་གྱི་རྟགས་མ་མ་གཏོགས་མ་ཐོབ་རུང་། འགྲན་རའི་ནང་གི་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་དང་རྨང་གཞི་བརྟན་པོར་བརྟེན་ནས་འགྲན་ར་ཡོངས་ཀྱི་ཐལ་མོའི་རྡེབ་སྒྲ་ཡང་ཐོབ། འགྲན་བསྡུར་མཇུག་འགྲིལ་རྗེས་ཁོང་གིས་དངུལ་གྱི་རྟགས་མ་དེ་རྩལ་སློབ་པ་པོ་དང་ཕ་མར་དབང་བ་ཞིག་ཡིན་ལ་རང་ཉིད་དང་དུས་དང་རྣམ་པ་ཀུན་ཏུ་མཉམ་དུ་གནས་པ་དང་ཕན་ཚུན་འགྲན་རེས་དང་རྒྱབ་སྐྱོར་བྱེད་མཁན་གཅུང་མོར་ཡང་དབང་བ་ཞིག་ཡིན་ཞེས་བཤད།

གཅེན་གཅུང་སེམས་མཐུན། སྦྱོང་བརྡར་ཁྲོད་ཀྱི་རྩོད་པ།འགྲན་བསྡུར་ཁྲོད་ཀྱི་དཔུང་བ་མཉམ་གཤིབ།གཅེན་གཅུང་གཉིས་ཞིང་ཆེན་རུ་ཁག་ཏུ་སྦྱོང་བརྡར་བྱེད་བཞིན་ཡོད་ལ། ཉིན་རྒྱུན་འབྲེལ་འདྲིས་བྱེད་པ་དེ་ནམ་ཡང“ཞི་འཇམ་སྤྲིན་ཆར”ལྟ་བུ་མ་ཡིན། བཀའ་ཐུབ་རྡོ་རྗེས་ཁོང་གཉིས་སྦྱོང་བརྡར་བྱེད་སྐབས་འགལ་ཟླ་དང་རྩོད་གཞི་ཡོང་སྲིད་མོད། འོན་ཀྱང་དེ་ལས“འགྲན་རྩོད་བྱས་པ”ལས་ཁོང་གཉིས་ཕན་ཚུན་ལྟ་སྐུལ་དང་མཉམ་དུ་ཡར་རྒྱས་བྱུང་ཕྱིར་ཡིན། “ལམ་བུ་དེ་བདམས་ཚེ་མཐའ་འཁྱོལ་བ་བྱེད་དགོས”ཞེས་པའི་ཕ་མའི་བབ་ཆགས་ཀྱང་སྲ་བརྟན་གྱི་སྐད་ཆ་དེ་ཁོང་གཉིས་སྦྱོང་བརྡར་ནན་པོ་བྱེད་པ་དང་ཁྱིམ་དང་བྲལ་བའི་དུས་ཡུན་རིང་པོའི་ཁྲོད་སྔ་ཕྱི་བར་གསུམ་དུ་བློ་རྩ་བརྟན་པོས་མདུན་དུ་སྐྱོད་པའི་སྒུལ་ཤུགས་ཆེ་ཤོས་སུ་གྱུར་ཡོད་ཅེས་བཤད།

1_DSC05041.jpeg
མ་འོངས་པར་རེ་བ་ཆེན་པོ་ཡོད། ས་ཚིགས་རྗེས་མ་སྟེ་རྒྱལ་ཡོངས་གཞོན་ནུའི་མཐོ་རིམ་འགྲན་བསྡུར་ཡིན།ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་ཡུལ་སྐོར་མཇུག་འགྲིལ་ནའང་གཅེན་གཅུང་གཉིས་པོའི་དམིགས་ཚད་སྔར་བས་མཐོ་བའི་གར་སྟེགས་སུ་བསྙེགས་པ་དང་ཁོང་ཚོས་ཞིང་ཆེན་རུ་ཁག་ཏུ་ཕྱིར་ལོག་རྗེས་འཕྲལ་དུ་རྒྱུད་ཁོངས་སྦྱོང་བརྡར་ནང་ཞུགས་ཏེ་ནུས་ཤུགས་ཡོད་རྒུས་སང་ལོའི་རྒྱལ་ཡོངས་ཀྱི་གཞོན་ནུའི་ཚད་མཐོའི་འགྲན་བསྡུར་ལ་གྲ་སྒྲིག་བྱས་ནས་རྒྱལ་ཡོངས་ཀྱི་འགྲན་རའི་ཐོག་ཕ་ཡུལ་ལ་གཟི་བརྗིད་དེ་བས་མང་བ་ཐོབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བརྗོད།

འཇོལ་ལུང་བའི་བདེ་ཆེན་གངས་རིའི་འདབས་ནས་ཐོན་པའི་ལུས་རྩལ་བ་གཅེན་གཅུང་གཉིས་ཀྱིས་རྔུལ་ཆུ་དང་གཟེངས་བསྟོད་རྟགས་མ་ལས་བདེ་ཆེན་ལུས་རྩལ་གྱི་སྙིང་རུས་དང་གཏིང་ཤུགས་མཚོན་ཡོད། ལོ་ཉི་ཤུའི་རེ་སྒུག་བྱས་ནས་ཕུགས་འདུན་མངོན་འགྱུར་བྱུང་བ་དང་།གསེར་གཅིག་དངུལ་གཅིག་གི་གཟེགས་རྟགས་ཐོབ་པ་དེ་ནི་འགོ་ཚུགས་ཙམ་ཡིན་པ་རེད།



  • བདེ་ཆེན་གསར་འགྱུར།

བདེ་ཆེན་གྱི་སྦེ་གའི་ལུས་རྩལ་བ་གཅེན་གཅུང་གཉིས་ཀྱིས་ཉིན་གཅིག་གི་ནང་དུ་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གཅིག་བླངས་ནས་ལོ་ངོ་ཉི་ཤུའི་རིང་གི་ཆེས་བཟང་བའི་འབྲས་བཟང་བླངས་པ།

བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་པ།ད་ལོའི་ལོ་སྟོད་ཀྱི་ལས་འགན་གཙོ་བོར་སྐུལ་འདེད་ཏན་ཏིག་བཏང་བ།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ལ་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས

ཡིད་སྨོན་འཆོར་སའི་ཚ་གཡོལ་གནས་མཆོག་སེམས་ཀྱི་ཉི་ཟླ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱ་ཐབས་བཞིར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་བཏང་།

འཇོལ་རྫོང་འབའ་སྡེ་ཤང་གིས་དམངས་འཚོའི་བྱ་བ་ཆུང་ཆུང་སྒྲུབ་ནས་མང་ཚོགས་ལ་བདེ་སྐྱིད་སྐྲུན།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་19པ་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་དུ་ཕེབས་ནས་འབྲུབ་འགོག་གེགས་སེལ་དང་ས་གཤིས་ཀྱི་གནོད་སྐྱོན་འགོག་བཅོས་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com