བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་པ།ད་ལོའི་ལོ་སྟོད་ཀྱི་ལས་འགན་གཙོ་བོར་སྐུལ་འདེད་ཏན་ཏིག་བཏང་བ།

ཉེ་བའི་ལོ་ཤས་རིང་། བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་ཀྱི་དོན་ཆེན་བཞིར་དམ་པོར་དམིགས་ནས་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱབ་པ་དང་། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་དང་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་བཏང་། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་པོ་རྒྱུན་འཁྱོངས་ཐུབ་ནས་དམིགས་ཚད་མང་པོ་ཞིག་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།2026ལོའི་ལོ་སྟོད་དུ་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་མུ་མཐུད་ཤུགས་སྣོན་བརྒྱབ་ནས་གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་སྲུང་སྐྱོང་བཅས་ཀྱི་དམག་འཐབ་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་ལྟ་ཞིབ་ཚུར་ལན་གནད་དོན་དག་ཐེར་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་“ལོ་ལྔ་ཚན་བཅོ་ལྔ་པའི”འགོ་ཡག་པོ་འཛུགས་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད།
གཅིག སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ཕན་འབྲས་མངོན་གསལ་དོད་པ་དང་ཁོར་ཡུག་སྤུས་ཚད་བརྟན་ཐོག་ཡར་འཕེལ་བྱུང་བ།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་བདེ་ཆེན་ཁུལ་གྱི་ས་ཁུལ་རིམ་པའི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་བསྡུར་ཚད་100%ཟིན་པ་དང་། སྦགས་བཙོག་ཆེ་བའི་ཉིན་གྲངས་0ཟིན་ལ། PM2.5གར་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཝེ་ཁེ་13ནས་14.3བར་བརྟན་པོ་བྱུང་ཡོད། 2026ལོའི་ལོ་སྟོད་དུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་100%རྒྱུན་འཁྱོངས་ཐུབ་པ་དང་། PM2.5གར་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཝེ་ཁེ་12.2དང་PM10བར་ཆག་ཡོད། བཙོག་དབྱང་དང་། དབྱང་གཉིས་མུ་ཟི་འགྱུར་རྫས། དབྱང་གཉིས་ཏན་རྫས་སོགས་ཀྱི་དམིགས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ནས་ནུས་པའི་ཁུལ་གྱི་སྒྲའི་ཁོར་ཡུག་མཚན་མོའི་ཚད་ལོན་ཚད་95.6%དང་ཉིན་མོའི་ཚད་ལོན་ཚད་97.6%ཟིན་ཡོད།
ཆུའི་ཁོར་ཡུག་གི་སྤུས་ཚད་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད། ཁུལ་ཡོངས་ཀྱི་རྒྱལ་ཁབ་ཀྱིས་ཚོད་འཛིན་18དང་ཞིང་ཆེན་གྱིས་ཚོད་འཛིན་བྱེད་པའི་ས་ངོས་ཀྱི་ཆུའི་ལྟ་ཞིབ་ཚད་ལེན་གྱི་བཅད་ཁའི་ཆུའི་སྤུས་ཚད་དེ་རིགས་གསུམ་པའི་བསྡུར་ཚད་ལས་94.4%ཡིས་ལེགས་པ་ཡོད་པ་དང་། དེའི་ནང་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་བཅད་ཁའི་ཆུ་སྤུས5ནི་རིགས་གསུམ་པ་ལས་ལེགས་པའི་བསྡུར་ཚད་100%ཡིས་ལེགས་པ་ཡོད་ཅིང་།སྤུས་ཞན་Vརིགས་ཀྱི་ཆུ་མེད། རྫོང་རིམ་པ་ཡན་གྱི་གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུའི་སྤུས་ཚད་100%རྒྱུན་འཁྱོངས་བྱས་ཡོད། 2026ལོའི་ལོ་སྟོད་དུ་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱས་པའི་བཅད་ཁའི་ཆུ་སྤུས་ལེགས་པའི་བསྡུར་ཚད་100%རྒྱུན་འཁྱོངས་ཐུབ་པ་དང་། ཞིང་ཆེན་གྱིས་ཚོད་འཛིན་བྱས་པའི་བཅད་ཁའི་ཆུ་སྤུས་རིགས་གསུམ་པའི་བསྡུར་ཚད་ནི་93.3%ལས་ལེགས་པ་བྱུང་ཡོད། སྤུས་ཞན་Vརིགས་ཀྱི་ཆུ་སྤུས་ཀྱི་བསྡུར་ཚད་0ཡིན། ཁུལ་ཡོངས་ཀྱིས་ཆུ་བོར་བཙོག་འབུད་མདོ་ཁ་གྲལ་བཤེར་བཅོས་སྒྲིག་རྒྱུན་མཐུད་བྱས་ནས་“ལོ་ལྔ་ཚན་བཅུ་བཞི་པའི”རིང་བཙོག་འབུད་མདོ་ཁ་151གྲལ་བཤེར་བཅོས་སྒྲིག་བྱས་པ་རེད། ནགས་ཕག་མཚོའི་ཕྱོགས་བསྡུས་བཅོས་སྐྱོང་རྒྱུན་རྣམ་ཅན་ལ་སྐུལ་འདེད་བཏང་ནས་བཙོག་འབུད་མདོ་ཁའི་འགུལ་རྣམ་ལྟ་སྐུལ་དོ་དམ་གྱི་གསལ་ཐོ་64བཟོས་པས་རྟ་ར་ཆུ་བོའི་སྐྱེ་ཁམས་བར་བཅད་ཁུལ་སྲུང་སྐྱོང་ཉམས་གསོའི་ལས་གྲྭ་མཇུག་འགྲིལ་ཚད་50%ཟིན་ཡོད། ཀྲུང་དབྱང་གིས་“མང་ཚོགས་ཀྱིས་བཙོག་ཆུ་གང་བྱུང་དུ་འབུད་གཏོང་བྱེད་པའི་གནད་དོན”དང་འབྲེལ་བ་ཡོད་པའི་གནད་དོན་32ལ་སྐོར་གཟིགས་ཚུར་ལན་བྱས་པའི་ནང་གནད་དོན་24དག་ཐེར་བྱས་ཟིན་པ་དང་དེ་བྱིངས་ཚང་མ་དུས་ཐོག་ཏུ་སྐུལ་འདེད་གཏོང་བཞིན་ཡོད་པ་རེད།
ས་རྒྱུའི་སྦགས་བཙོག་འགོག་བཅོས་ཏན་ཏིག་ནུས་ལྡན་བྱུང་བ། ཁུལ་ཡོངས་ཀྱི་གཙོ་གནད་འཛུགས་སྐྲུན་ས་ཆ་བདེ་འཇགས་ངང་སྤྱོད་ཚད་100%ཟིན་པ་དང་། སྦགས་བཙོག་ཕོག་པའི་རྨོ་ཞིང་བདེ་འཇགས་ངང་སྤྱོད་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་ནས་སྦགས་བཙོག་ཕོག་པའི་ས་ཆའི་འཇུག་འཐུས་དོ་དམ་ལམ་སྲོལ་གཞི་རྩའི་ཆ་ནས་ཆགས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་སྦགས་བཙོག་ཚབས་ཆེན་ཕོག་པའི་རྨོ་ཞིང་ལ་དོ་དམ་ཚོད་འཛིན་ནན་པོ་བྱས་ནས་གཤམ་སྤྲོད་ལས་འགན་གྲངས་འབོར་གྱི་101%ལེགས་སྒྲུབ་བྱས་ཡོད།ལྕི་བའི་ལྕགས་རིགས་འབུད་ཚད་2013ལོ་ལས་16.5%ཆག་ནས་རྒྱལ་ཁབ་དང་ཞིང་ཆེན་གྱིས་གཤམ་སྤྲོད་བྱས་པའི་དམིགས་ཚད་ལས་འགན་ལས་བརྒལ་ཡོད།ས་དཔྱད་ལུད་སྦྱོར་གྱི་ལུད་རྒྱག་ལག་རྩལ་ཁྱབ་གདལ་རྒྱ་ཁྱོན་མུའུ་ཁྲི་55ཡན་ཟིན་པ་དང་ཁྱབ་ཚད་90%ཡན་ཟིན་ནས་རྫས་ལུད་དང་ཞིང་སྨན་སྤྱོད་ཚད་ཆག་ཡོད།2026ལོའི་ལོ་སྟོད་དུ་སྦགས་བཙོག་འབྱུང་ཁུངས་ཀྱི་ལྕགས་རིགས་ལྗིད་གྲས་ཀྱི་ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་76ལ་ས་གནས་ས་ཐོག་ཏུ་ཞིབ་བཤེར་བྱས་པ་དང་། ཁྲིམས་འགལ་ངང་སྙིགས་རོ་བསྐྱུར་བར་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ཡོད། གྲལ་བཤེར་བྱ་ཡུལ་ཁྱོན་2229ཟིན་པ་དང་གནད་དོན་གྱི་གསལ་ཐོའི་ནང་བཅུག་པའི་གནས་65ཟིན་ལ་དག་ཐེར་བྱས་ནས་ཨང་59མེད་པ་བཟོས་ཡོད། ཁུལ་ཡོངས་ཀྱི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་བཅོས་སྒྲིག་བྱེད་ཚད་60.4%བར་མཐོ་རུ་ཕྱིན་པ་དང་གད་སྙིགས་བསྡུ་རུབ་བརྒྱུད་འདྲེན་ཁྱོན་ཡོངས་ལ་ཁྱབ་ཡོད།
གཉིས། སྐྱེ་ཁམས་སྲུང་སྐྱོང་སླར་གསོའི་མ་ལག་ལ་སྐུལ་འདེད་བཏང་བས་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དེ་བས་བརྟན་དུ་ཕྱིན་པ།
བདེ་ཆེན་ཁུལ་གྱིས་རི་ཆུ་ནགས་ཞིང་དང་མཚེའུ་བྱེ་ཐང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོང་མཐའ་འཁྱོངས་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གིས་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་63.26%དང་ནགས་ཚལ་ཁྱབ་ཚད་63.98%ཟིན་ནས་ཞིང་ཆེན་དེ་ཡོངས་ཀྱི་ཨང་གསུམ་པར་སླེབས་ཡོད། ཁུལ་ཡོངས་སུ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་1དང་། ཞིང་ཆེན་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་3རྒྱལ་སྤྱིའི་འདམ་ར་གལ་ཆེན་2བཅས་བཙུགས་ནས་ཅུང་འཐུས་སྒོ་ཚང་བའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་བསྐྲུན་ཡོད། “ཕུབ་ལྗང”རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆེད་དོན་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་། ཕྱི་ནས་ཡོང་བའི་དངོས་རིགས་ལ་བརྟག་དཔྱད་ཚོད་སྐོར་དང་ལྟ་ཞིབ་ཚད་ལེན་གྱི་སྔོན་ཚུད་ཉེན་བརྡའི་རྣམ་གྲངས་ལག་བསྟར་བྱས་ཏེ། མི་མངོན་པའི་ཕྱི་ནས་ཡོང་བའི་དངོས་རིགས་ལ་བརྟག་དཔྱད་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་འགོག་བཅོས་བྱས་ཡོད།2026ལོའི་ལོ་སྟོད་དུ་སྡེ་ཚན་11དང་མཉམ་དུ་《བདེ་ཆེན་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་འཐབ་ཇུས་དང་བྱ་སྤྱོད་འཆར་གཞི་(2026ལོ་ནས་2030ལོ་བར)》བཀྲམ་ནས་ལག་ལེན་བསྟར་བ་དང་སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་གི་ཟླ་གཉིས་རྒྱང་ཚོར་ལྟ་ཞིབ་ཚད་ལེན་ས་ཚིགས་སུ་གོ་རིམ་ལྡན་པའི་ངང་ཞིབ་བཤེར་བྱས་པ་རེད།
གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། ཁུལ་ཡོངས་སུ་སྤྱི་གླིང་68བསྐྲུན་པ་དང་། གྲོང་ཁྱེར་གྱི་སྔོ་ལྗང་རྒྱ་ཁྱོན་སྤྱི་ཆིང་922.99ཟིན་ལ་སྔོ་ལྗང་རྒྱ་ཁྱོན་38.9%ཟིན། མི་རེའི་ཆ་སྙོམས་སྤྱི་གླིང་གི་སྔོ་ལྗང་རྒྱ་ཁྱོན་སྨི་ངོས་གྲུ་20.71ཟིན་པ་དང་སྤྱི་གླིང་སྔོ་ལྗང་ཅན་གྱི་བྱེད་སྒོ་སྤེལ་ཡུལ་དུ་ཞབས་འདེགས་ཞུ་ཚད་87.95%ཟིན་ཡོད། གྲོང་ཁུལ་གྱི་གཅིག་སྡུད་དྲོད་རླངས་མཁོ་འདོན་ལ་སྐུལ་འདེད་བཏང་ནས་དྲོད་རླངས་མཁོ་འདོན་ཐུབ་པའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་800ཟིན་པ་དང་། དྲོད་རླངས་སྨི་ངོས་གྲུ་ཁྲི་181.2དངོས་སུ་མཁོ་འདོན་ཐུབ་ཡོད། འབུད་རླངས་མདོང་ལམ་སྤྱི་ལེ་319.61ཟིན་པ་དང་འབུད་རླངས་ཁྱབ་གདལ་གཏོང་ཚད་87.76%ཟིན་པ་བཅས་བྱས་ནས་སྤྱི་ཚོགས་ཀྱི་ཕན་འབྲས་དང་སྐྱེ་ཁམས་ཀྱི་ཕན་འབྲས་གཉིས་ཕན་ཡོང་བ་བྱས་ཡོད། “མཛེས་ལྗོངས་ཁུལ་དང་། གྲོང་མི་ཚོ་ཆུང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་ཡུལ་སྐོར་དབུལ་སྐྱོར་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ཏེ་ཁུལ་ཡོངས་ཀྱི་མཛེས་ལྗོངས་ཁུལ་གྱིས་ཐད་ཀར་དང་གཞན་བརྒྱུད་ངང་གྲོང་མི་དུད་ཚང་5600ལྷག་ཙམ་དང་མི་ཁྲི་2.8ལྷག་ཙམ་ལ་སྐུལ་ཁྲིད་བྱས་པ་དང་། ཆ་སྙོམས་དུད་ཚང་རེར་ལོར་འབབ་འཕར་སྒོར་ཁྲི་1.26བྱུང་ཞིང་མཛེས་ལྗོངས་ཁུལ་གྱི་སྐྱོང་ལན་སློག་པའི་མ་དངུལ་སྒོར་དུང་ཕྱུར་3ཟིན་ཡོད།
གསུམ། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི་གོམ་སྟབས་མགྱོགས་སུ་བཏང་ནས་ཁོར་ཡུག་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། བདེ་ཆེན་ཁུལ་གྱིས་《བདེ་ཆེན་ཁུལ་གྱི་“ལོ་ལྔ་ཚན་བཅུ་བཞི་པའི”ཐཱན་ཉུང་འཕེལ་རྒྱས་འཆར་འགོད》བཀྲམ་ནས་ལག་བསྟར་བྱས་ཏེ་དྲོད་ཁང་གི་རླངས་གཟུགས་འབུད་ཚད་གསལ་ཐོ་བཟོ་བ་དང་། ཨར་འདམ་བཟོ་གྲྭ་2ཀྱིས་ཐཱན་འབུད་ཚད་ཞིབ་རྩིས་དང་ཕྱོགས་གསུམ་པས་ཞིབ་བཤེར་བྱས་ནས་ཐཱན་ཉུང་གཏོང་གི་ཁས་ལེན་ཡི་གེར་མིང་རྟགས་འགོད་པ་དང་འབྲེལ་ཐཱན་རྩེར་ཐོན་བྱེད་སྒོའི་ཇུས་གཞི་བཟོ་བ་བཅས་བྱས་པ་རེད།2026ལོའི་ལོ་སྟོད་དུ་ཨར་འདམ་བཟོ་གྲྭ་2ཀྱིས་འབུད་གཏོང་ཤིན་ཏུ་ཉུང་བའི་སྒྱུར་བཀོད་ཀྱི་དུས་མཚམས་རང་བཞིན་གྱི་ལས་འགན་ལེགས་སྒྲུབ་བྱས་ཏེ་རྒྱལ་ཡོངས་ཀྱི་ཐཱན་འབུད་གཏོང་དབང་ཆའི་ཉོ་ཚོང་ཁྲོམ་རར་དངོས་སུ་ཞུགས་ནས་ཐཱན་འབུད་གཏོང་དབང་ཆའི་ཉོ་ཚོང་གི་སྔོན་གྲབས་བགོ་བཤའི་དངུལ་འབོར་བགོ་བཤའ་བརྒྱབ་པ་རེད།
སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན་ནན་པོ་བྱས་པ།སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན་གྱི་འགུལ་རྣམ་གསར་སྒྱུར་ལེགས་སྒྲིག་ཇུས་གཞི་གཞིར་བཟུང་རྣམ་གྲངས་ཆོག་འཐུས་ཀྱི་འགག་སྒོ་ནན་པོ་སྲུང་བ་དང་འབྱུང་རྩ་ནས་ཁོར་ཡུག་སྦགས་བཙོག་དང་སྐྱེ་ཁམས་གཏོར་བཤིག་ཚོད་འཛིན་བྱས་ཡོད།2026ལོའི་ལོ་སྟོད་དུ་ཁུལ་ཡོངས་སུ་འཛུགས་སྐྲུན་རྣམ་གྲངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁུལ་དབྱེའི་དོ་དམ་ཚོད་འཛིན་ཐེངས་175འདྲི་རྩད་བྱས་པ་དང་། མཐུན་པའི་རང་བཞིན་གྱི་དབྱེ་ཞིབ་སྙན་ཞུ་139དང་འཛུགས་སྐྲུན་རྣམ་གྲངས་11ལ་ཞིབ་མཆན་བཀོད་པ་རེད། གཙོ་གནད་རྣམ་གྲངས་94ལ་ཁོར་ཡུག་གདེང་འཇོག་ཞབས་ཞུའི་བརྡ་ཐོ་65སྤྲད་པ་དང་། ལག་རྩལ་བློ་འདྲི་དང་དེ་བཞིན་ས་གནས་ས་ཐོག་ཏུ་རོགས་སྐྱོར་ཐེངས་53བྱས་པ། ནུས་རྒྱུ་གསར་པའི་གསོག་འཇོག་རྣམ་གྲངས་24ཡི་རྒྱུ་རྐྱེན་གཙོ་བོར་བསྐྱར་ཞིབ་བྱས་པ་རེད།
ཁོར་ཡུག་ཁྲིམས་འཛིན་ལྟ་སྐུལ་དོ་དམ་ཐད་དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ཁུལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་རིམ་རྩིས་བྱས་ན་ཁྲིམས་འཛིན་མི་སྣ་མི་ཐེངས་7639བཏང་ནས་ཁེ་ལས་2200ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། སྲིད་འཛིན་ཆད་གཅོད་གྱོད་གཞི་88ཐག་གཅོད་བྱས་པར་དངུལ་ཆད་སྒོར་ཁྲི་630.98བཏང་བ་རེད། 2006ལོའི་ལོ་སྟོད་དུ་རིམ་རྩིས་བྱས་ན་ཁྲིམས་འཛིན་མི་སྣ་མི་ཐེངས་360ལྷག་ཙམ་བཏང་ནས་ཁེ་ལས་120ལྷག་ཙམ་ལ་ཞིབ་བཤེར་བྱས་པ་དང་། ཁོར་ཡུག་གི་ཁྲིམས་འགལ་བྱེད་སྤྱོད་6གྱོད་ཁོངས་སུ་བཅུག་ནས་ཞིབ་བཤེར་ཐག་གཅོད་བྱས་ཤིང་དངུལ་ཆད་སྒོར་ཁྲི་14.5བཏང་ཡོད། གཏེར་རི་དང་། ཉེན་ཡོད་ཟོག་རོ། གཏེར་སྙིགས་མཛོད་ཁང་། ལྕགས་རིགས་ལྗིད་གྲས། འཐུང་ཆུའི་ཆུ་འགོ་སོགས་གཙོ་གནད་ཁྱབ་ཁོངས་སུ་རེས་སྐོར་གཉིས་ཀྱི་ཁོར་ཡུག་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་བྱས་ནས་ཁེ་ལས་20ལྷག་ཙམ་ལ་ཞིབ་བཤེར་བྱས་པ་རེད།
སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་གསར་གཏོད་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།2022ལོའི་ཟླ་11པར་བདེ་ཆེན་ཁུལ་ནི་རྒྱལ་ཁབ་ཀྱི་ཁག་དྲུག་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ་དུ་བདེ་བླག་ངང་བསྐྲུན་པ་རེད།2023ལོའི་ཟླ་2པར་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་དུ་བཏོད་པ། འབའ་ལུང་རྫོང་ནི་རྒྱལ་ཁབ་ཀྱི་ཁག་བདུན་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་དུ་གསར་འཛུགས་ལེགས་ལེགས་འགྲུབ་བྱུང་། འཇོལ་རྫོང་དང་འབའ་ལུང་རྫོང་གཉིས་ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་ཁུལ་དུ་བཏོད་པ་རེད།2026ལོའི་ལོ་སྟོད་དུ་2022ལོ་ནས་2025ལོའི་བར་གྱི་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་དམིགས་ཚད་ལེགས་གྲུབ་བྱུང་ནས་གོང་ཞུ་བྱས་པ་དང་། གསར་འཛུགས་ཀྱི་ཕན་འབྲས་མུ་མཐུད་སྲ་བརྟན་དུ་བཏང་ཡོད།
ལྟ་ཞིབ་ཚུར་ལན་གནད་དོན་དག་ཐེར་ལ་སྐུལ་འདེད་ནུས་ལྡན་བཏང་བ།2026ལོའི་ལོ་སྟོད་དུ་ཟླ་རེར་ཀྲུང་དབྱང་དང་ཞིང་ཆེན་རིམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་དག་ཐེར་གྱི་གནས་ཚུལ་ཐེངས་6བཀོད་གཏོང་བྱས་པ་དང་། དུས་བཀག་ལས་བརྒལ་ཡང་དག་ཐེར་གྱི་ལས་འགན་ལེགས་གྲུབ་མ་བྱུང་བར་དམིགས་ནས་སྒྲུབ་སྐུལ་ཡི་གེ་བཀྲམ་ཞིང་། ལྟ་ཞིབ་ཀྱི་དུས་བཀག་ལས་བརྒལ་ཡང་དག་ཐེར་གྱི་འགག་སྒྲོལ་ཇུས་གཞི་སྣེ་ཁྲིད་ནས་འཆར་ཟིན་བཀོད་པ། “དམངས་ཆེད་སྐྱེ་ཁམས”བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི་པར་འགྲེམས་བཅས་བྱས་པ་རེད། ཀྲུང་དབྱང་སྐོར་གཟིགས་ཚོགས་ཆུང་གིས་བཙོག་ཆུ་གང་བྱུང་དུ་འབུད་པའི་གནད་དོན་ཁྲོད་24ཞིབ་བཤེར་རྩིས་ལེན་བྱས་ཡོད། ཁུལ་ཨུས་སྐོར་ཞིབ་ཚུར་ལན་བྱས་པའི་གནད་དོན་35དག་ཐེར་ཨང་རྟགས་31ལེགས་གྲུབ་ཟིན་པ། འཐུང་ཆུའི་ཆུ་འགོ་ཁུལ་གྱི་རྩིས་བཤེར་ལྡོག་འདྲེན་གྱི་གནད་དོན་28བཅོས་སྒྲིག་ཁག་17བྱས་པ། གོང་རིམ་གྱིས་བརྟག་ཞིབ་བྱས་ནས་བཏོན་པའི་གནད་དོན་ལ་དམིགས་ནས་ཆེད་དོན་ཞིབ་བཤེར་རྩིས་ལེན་གྱི་ཐོ་སུབ་ཇུས་གཞི་བཟོས་ཏེ་ས་གནས་ས་ཐོག་ཏུ་འབྲེལ་ཡོད་ས་ཚིགས་ཀྱི་སྐྱེ་ཁམས་སླར་གསོ་དང་བསྐྱར་སྦོལ་སླར་གསོའི་གནས་ཚུལ་ལ་ཞིབ་བཤེར་བྱས་ནས་རེ་རེ་བཞིན་དག་ཐེར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་བ་རེད།
བཞི། མ་དངུལ་འགན་ལེན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་བཏང་བ།
“ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། ཁུལ་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་གཙོ་གནད་ལས་གྲྭ་ལག་བསྟར་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་། སྐྱེ་ཁམས་ཁོར་ཡུག་ཁོངས་གཏོགས་ཀྱིས་རིམ་རྩིས་བྱས་ན་གོང་རིམ་གྱི་ཆེད་དོན་མ་དངུལ་སྒོར་ཁྲི་22677.3བརྩོན་ལེན་བྱས་ཤིང་། ལས་གྲྭའི་རྣམ་གྲངས་གལ་ཆེན་ཁག་ལ་སྐུལ་འདེད་མགྱོགས་པོ་བཏང་ཡོད། ཁུལ་ཡོངས་ཀྱི་སྐྱེ་ཁམས་ནུས་པའི་ཁུལ་གྱི་སྤོ་སྒྱུར་གཏོང་སྤྲོད་མ་དངུལ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར་43.2ཟིན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་འདེགས་སྐྱོར་ནུས་ལྡན་བྱས་ཡོད་པ་རེད།2026ལོའི་ལོ་སྟོད་དུ་གྲོང་གསེབ་ཀྱི་བཙོག་ཆུ་བཅོས་སྒྲིག་ལ་མ་དངུལ་སྒོར་ཁྲི་9800ལྷག་ཙམ་དམིགས་སར་འབྱོར་ནས་གཙོ་གནད་རྣམ་གྲངས་ཀྱི་ཁོར་ཡུག་གདེང་འཇོག་གི་རྒྱུ་རྐྱེན་གཙོ་བོ་འགན་ལེན་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།
སྤྱི་ཡོངས་ནས་བལྟས་ན། “ལོ་ལྔ་ཚན་བཅུ་བཞི་པ”ནས་བཟུང་། བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ལ་ཕན་འབྲས་མངོན་གསལ་དོད་པ། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་དེ་བས་བརྟན་པ། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་སྒུལ་ནུས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད། གོམ་སྟབས་རྗེས་མར་བདེ་ཆེན་ཁུལ་གྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་མུ་མཐུད་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་མུ་མཐུད་གཏིང་ཟབ་རྒྱག་པ། དེང་རབས་ཁོར་ཡུག་བཅོས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ཆུ་ཚད་མཐོ་བའི་སྲུང་སྐྱོང་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་བཅས་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་དམག་ཁྲོད་བྱས་རྗེས་དེ་བས་ཆེ་བ་འཇོག་རྒྱུར་འབད་བརྩོན་བྱ་རྒྱུ་རེད།
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་པ།ད་ལོའི་ལོ་སྟོད་ཀྱི་ལས་འགན་གཙོ་བོར་སྐུལ་འདེད་ཏན་ཏིག་བཏང་བ།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ལ་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས
ཡིད་སྨོན་འཆོར་སའི་ཚ་གཡོལ་གནས་མཆོག་སེམས་ཀྱི་ཉི་ཟླ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱ་ཐབས་བཞིར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་བཏང་།
འཇོལ་རྫོང་འབའ་སྡེ་ཤང་གིས་དམངས་འཚོའི་བྱ་བ་ཆུང་ཆུང་སྒྲུབ་ནས་མང་ཚོགས་ལ་བདེ་སྐྱིད་སྐྲུན།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་19པ་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་དུ་ཕེབས་ནས་འབྲུབ་འགོག་གེགས་སེལ་དང་ས་གཤིས་ཀྱི་གནོད་སྐྱོན་འགོག་བཅོས་ལས་དོན་ལ་བརྟག་ཞིབ་དང་ལྟ་སྐུལ་སློབ་སྟོན་གནང་བ།
ལུའོ་ཁྲའོ་ཧྥེང་གིས་པད་མ་རི་བོའི་དོ་དམ་སྲུང་སྐྱོང་དང་སྣོད་བཅུད་ཡུལ་སྐོར་ཇུས་གཞི་སྒྲིག་བཟོའི་ལས་དོན་ལ་བརྟག་ཞིབ་གནང་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108