中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

“མཐོ་སྒང་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ་”སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོ་དར་ར་ཚོགས་ཆུང་དུ་སྤེལ།

རྩོམ་པ་པོ་:何雨桐 汪晓洁 和杨 ཁྱབ་བསྒྲགས་དུས་ཚོད་:2026-08-17 16:33:14 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་བརྒྱད་པའི་སེམས་ཀྱི་ཉི་ཟླར་སྤང་ལྗོངས་སྔོ་ཐིང་ཐིང་ཡིན་པ་མ་ཟད། མཚན་རླུང་བསིལ་གྱིས་ལྡང་བ། ཟླ་8པའི་ཚེས་13ཉིན་གྱི་དགོང་མོ། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོ་དར་ར་ཚོགས་ཆུང་གི་གྲོང་མིའི་ཁྱིམ་དུ་གློག་འོད་རབ་ཏུ་འཚེར་བ་དང་དྲོ་སྐྱིད་ལྡན་པ། ཉིན་གཅིག་ལ་ལས་བྲེལ་ཆེ་བའི་འབྲོག་པ་ཚོས་མེ་ཐབ་བསྐོར་ནས་བསྡད་དེ་“མཐོ་སྒང་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ་”བྱེད་སྒོར་ཞུགས།

བྱེད་སྒོ་སྤེལ་འགོ་ཚུགས་རིང་།  དྲིལ་བསྒྲགས་གློག་བརྙན་《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་གཞི་རིམ་དུ་རྩ་བ་ཚུགས་བཅུག་པ་》དང་《གངས་ལྗོངས་སྤུན་ཟླའི་སེམས་པ་གཅིག་ཏུ་སྒྲིལ།—— བདེ་ཆེན་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དོན་དག་ཟིན་ཐོ་》རིམ་པ་བཞིན་སྟོན་པ། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དེ་གཞི་རིམ་བཅོས་སྐྱོང་ཁྲོད་རྩ་བ་ཚུགས་པའི་གསོན་ཉམས་དོད་པའི་ལག་ལེན་དང་། བདེ་ཆེན་གྱི་མི་རིགས་ཁག་གི་བུ་ཕྲུག་གིས་བློ་གཅིག་སེམས་གཅིག་དང་སོ་སྲུང་རོགས་རེས་བྱེད་པའི་འབད་འབུངས་ཡར་བརྩོན་གྱི་རྣམ་པ། “བརྒྱད་བལྟས་ལྔ་བསྡུར་”གྱི་འཕེལ་རྒྱས་ཀྱི་འཕོ་འགྱུར་སོགས་རྣམ་པ་རེ་རེ་བཞིན་ཡུལ་མི་སྤུན་ཟླ་ཚོའི་མིག་ལམ་དུ་མངོན་པ་དང་། འོད་སྣང་འཁོར་རྒྱུག་ཁྲོད་རིགས་པའི་གཞུང་ལུགས་ཀྱི་“གནས་ལུགས་ཆེན་པོ་”དེ་ཚོར་ཐུབ་པའི་“ཉེ་འགྲམ་གྱི་བྱ་བ་”ཞིག་ཏུ་གྱུར་ཡོད། 

གློག་བརྙན་མཇུག་འགྲིལ་རྗེས། སེམས་ཀྱི་ཉི་ཟླ་གྲོང་ཨུ་ཏང་གི་སློབ་གྲྭ་ནས་ཡོང་བའི་དགེ་རྒན་སྒྲོལ་མས་“སྐད་ཆ”བླངས་པ་རེད། ཁོ་མོས་ཡིག་ཆ་སྒྲོག་སྦྱང་ཙམ་ཡང་མ་བྱས་པར་ཡུལ་མི་སྤུན་ཟླ་ཚོས་རྒྱུས་མངའ་ཆེ་ཤོས་ཀྱི་ཡུལ་སྐད་སྤྱད་དེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པ་སོགས་ཀྱི་ནང་དོན་ལ་དམིགས་ནས།  ཞིབ་བརྗོད་བྱེད་བཞིན་ཡོད། དམངས་ཕན་ཁ་གསབ་ནས་སྨན་བཅོས་འགན་བཅོལ་སྲིད་ཇུས་བར་དང་། ཤེས་དཔལ་སྲོལ་བཟང་ནས་ཐོན་ལས་འཕེལ་རྒྱས་བར། ཉེ་འགྲམ་གྱི་དཔེ་མཚོན་རེ་རེ་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་གོ་བདེ་ཤེས་སླ་བའི་འགྲེལ་བཤད་རེ་རེ་ལས་“མཐོ་ཆེ་ལེགས་གསུམ་”གྱི་རིགས་པའི་གཞུང་ལུགས་དེ་བྱམས་བརྩེ་ལྡན་པ་ཞིག་ཏུ་གྱུར་བཅུག་ཡོད།

“སྒྲོག་འགྲེལ་གྱི་ནང་དོན་དེ་གྲོང་གསེབ་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། ང་ཚོས་གོ་ཐུབ་པ་དང་སྤྱོད་ཐུབ་པ་བྱས།” མཉམ་འབྲེལ་གྲོང་ཚོ་དར་ར་ཚོགས་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅི།  གྲོང་མིའི་ཚོགས་ཆུང་གི་ཙུའུ་ཀྲང་བཀྲ་ཤིས་དོན་འགྲུབ་དང་མཉམ་དུ་“སླད་ཕྱིན་ངས་ཀྱང་མང་ཚོགས་དང་འབྲེལ་འདྲིས་བྱེད་པའི་ཐབས་ལམ་ལ་བརྟེན་ནས། ཏང་གི་བྱེད་ཕྱོགས་སྲིད་ཇུས་དེ་གྲོང་མི་དེ་བས་མང་པོར་དྲིལ་བསྒྲགས་བྱ་རྒྱུ་ཡིན་”ཞེས་བཤད། གྲོང་མི་དབང་རྒྱལ་གྱིས་བོད་སྐད་དང་རྒྱ་སྐད་གཉིས་སྤྱོད་དེ་སྒྲོག་འགྲེལ་བྱེད་པར་བག་ཆགས་ཟབ་མོ་བྱུང་ཞིང་། ཁོང་གིས་“སྒྲོག་འགྲེལ་པ་སྒོ་རྩར་ཡོང་ནས་ང་ཚོའི་ཡུལ་སྐད་སྤྱད་དེ་སྲིད་ཇུས་ཤོད་སྐབས་མི་སེར་ཚོས་གོ་བདེ་ཤེས་སླ་བས།  བྱེད་སྒོ་དེ་རིགས་ཐེངས་མང་སྤེལ་རྒྱུའི་རེ་བ་ཡོད་ ”ཅེས་བཤད། 

ས་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་མང་ཚོགས་ཀྱི་སྡོད་གནས་ཐར་ཐོར་དུ་གནས་པའི་དོན་དངོས་ལ་དམིགས་ནས། ན་ནིང་ནས་བཟུང་། བདེ་ཆེན་ཁུལ་གྱིས་“མཐོ་སྒང་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ་”བྱེད་སྟངས་གསར་གཏོད་དང་ཁྱབ་གདལ་གཏོང་སྟེ། —— ཞིང་འབྲོག་པའི་ངལ་གསོའི་ཆོས་ཉིད་དང་བསྟུན་ནས། སྒྲོག་འགྲེལ་བྱ་ཡུལ་དེ་ཞིང་པའི་སྒོ་རའི་ནང་དུ་སྤོས་པ་མ་ཟད། སྦྲ་གུར་གྱི་མེ་ཐབ་འགྲམ་དུ་སྤོས། “དྲིལ་བསྒྲགས་སློབ་གསོའི་གློག་བརྙན་+གློག་བརྙན་+རིག་རྩལ་འཁྲབ་སྟོན་+དམངས་ཕན་ཞབས་ཞུ་”རྣམ་པ་སྣ་མང་སྤྱད་པ།  “མེ་ཐབ་འགྲམ་གྱི་མཚན་གཏམ་”དང་“གུར་གྱི་སྙིང་གཏམ་ཤོད་རེས་”སོགས་མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱ་ཐབས་ལ་བརྟེན་ནས། “རྒྱ་སྐད་+གྲངས་ཉུང་མི་རིགས་ཀྱི་སྐད་ཆ་”ཡི་སྐད་གཉིས་སློབ་ཁྲིད་ལ་བརྟེན་ནས།  “སྒྲོག་འགྲེལ་བྱེད་སྐབས་མི་ཉུང་བ་དང་མང་ཚོགས་དེའི་ནང་ཞུགས་དཀའ་བ།”  “གོ་མི་ཐུབ་བ་དང་སྤྱོད་མི་ཐུབ་པ་”སོགས་གཞི་རིམ་གྱི་སྒྲོག་འགྲེལ་གནད་དོན་སེལ་བ། ད་ལོ་ནས་བཟུང་། ཁུལ་ཡོངས་སུ་རིམ་རྩིས་བྱས་ན་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ་ཐེངས་1500ལྷག་ཙམ་བྱས་ཏེ། མི་ཐེངས་ཁྲི་10.4ལྷག་ཙམ་ལ་ཁྱབ་ཡོད། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་དཔྱིད་ཀྱི་ཆར་རླུང་དང་འདྲ་བར་མི་སེམས་སུ་ཟུག་ནས། མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་དང་ཐོན་ལས་འཕེལ་རྒྱས། མཛེས་སྡུག་ལྡན་པའི་གྲོང་གསེབ་མཉམ་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོར་འགྱུར་བཞིན་ཡོད།  

 

འགན་འཁུར་རྩོམ་སྒྲིག་པ།:江初卓玛

  • བདེ་ཆེན་གསར་འགྱུར།

“མཐོ་སྒང་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ་”སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོ་དར་ར་ཚོགས་ཆུང་དུ་སྤེལ།

བདེ་ཆེན་གྱི་སྦེ་གའི་ལུས་རྩལ་བ་གཅེན་གཅུང་གཉིས་ཀྱིས་ཉིན་གཅིག་གི་ནང་དུ་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གཅིག་བླངས་ནས་ལོ་ངོ་ཉི་ཤུའི་རིང་གི་ཆེས་བཟང་བའི་འབྲས་བཟང་བླངས་པ།

བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་པ།ད་ལོའི་ལོ་སྟོད་ཀྱི་ལས་འགན་གཙོ་བོར་སྐུལ་འདེད་ཏན་ཏིག་བཏང་བ།

ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ལ་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས

ཡིད་སྨོན་འཆོར་སའི་ཚ་གཡོལ་གནས་མཆོག་སེམས་ཀྱི་ཉི་ཟླ།

སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱ་ཐབས་བཞིར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་བཏང་།

འཇོལ་རྫོང་འབའ་སྡེ་ཤང་གིས་དམངས་འཚོའི་བྱ་བ་ཆུང་ཆུང་སྒྲུབ་ནས་མང་ཚོགས་ལ་བདེ་སྐྱིད་སྐྲུན།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་19པ་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com