ཡུན་ནན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་བདེ་བླག་ངང་མཇུག་འགྲིལ་བ། བདེ་ཆེན་ཁུལ་ལ་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་3ཐོབ།
ཟླ་8པའི་ཚེས་16ཉིན་མཇུག་འགྲིལ་བའི་ཡུན་ནན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པའི་ཐོག་བདེ་ཆེན་ཁུལ་གྱི་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་3གྱི་ཕུལ་བྱུང་གྲུབ་འབྲས་ཐོག་ནས་བདེ་བླག་ངང་མཇུག་འགྲིལ།

སྐབས་འདིའི་ཞིང་ཆེན་ལུས་རྩལ་འགྲན་ཚོགས་ཀྱི་རྒྱང་སྐྱོད་ལམ་བུར་ཕྱིར་དྲན་བྱེད་སྐབས། རང་ཁུལ་གྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ནི་ཆུ་ཐོག་འགྲན་བསྡུར་བྱེད་པའི་རྣམ་གྲངས་དེ་ཡིན། གཞོན་ནུ་ལོ་ཆུང་ཚོགས་ཆུང་གི་ཀོ་གྲུ་རྣམ་གྲངས་ཁྲོད་རང་ཁུལ་གྱི་ལུས་རྩལ་པ་ལི་ཡུས་ཧང་གིས་བལྟོས་མེད་ཀྱི་དབང་སྒྱུར་ནུས་པ་མངོན་ཡོད། ཁོས་སྔ་རྗེས་སུ་སྐྱེས་པའི་ཚོགས་ཆུང་ཁ་པའི་མི་གཅིག་ཅན་གྱི་ཀོ་གྲུ་སྨི་5000དང་སྨི་500ཅན་གྱི་རྣམ་གྲངས་གཉིས་ཀྱི་ཁྲོད་ནས་ཨང་དང་པོ་བླངས་ཤིང་། མི་གཅིག་གིས་གསེར་གྱི་རྟགས་མ་གཉིས་བླངས། འདི་ནི་མི་སྒེར་གྱི་གཟི་བརྗིད་མཚན་སྙན་ཐོབ་པ་མ་ཚད། རང་ཁུལ་གྱིས་རྣམ་གྲངས་འདིའི་ཐོག་“རུ་ཁག་ཐོག་མར་འཛུགས་པ་དང་། ཐེངས་དང་པོར་འགྲན་བསྡུར་ནང་ཞུགས་པ། ཨང་དང་པོ་ཐོག་མར་བླངས་པ་”བཅས་ཀྱི་ལོ་རྒྱུས་རང་བཞིན་གྱི་“ཐེངས་དང་པོ་གསུམ་”དེ་བས་མངོན་འགྱུར་བྱུང་ནས། རང་ཁུལ་གྱི་ཆུ་ཐོག་ལུས་རྩལ་རྣམ་གྲངས་ཀྱི་གཟེངས་བསྟོད་རྟགས་མའི་སྟོང་ཆ་བསྐངས་ཡོད།

གྲི་རྩལ་འགྲན་བསྡུར་ཁྲོད་རང་ཁུལ་དུའང་རྒྱལ་ཁའི་གཏམ་བཟང་ཞིག་གྲགས། ཟླ་8པའི་ཚེས་10ཉིན་སྤེལ་བའི་གཞོན་ནུ་ལོ་ཆུང་ཚོགས་ཆུང་གི་གྲི་རྩལ་སྐྱེས་པའི་ཚོགས་ཆུང་ཁ་པའི་མི་སྒེར་གྱི་གྲི་རྩལ་འགྲན་བསྡུར་ཁྲོད་ལུས་རྩལ་པ་ཧོ་ཧྲུའུ་ཕིང་གིས་དཀའ་ཁག་ཁྱད་བསད་བྱས་ཏེ་མཐར་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས། མཐར་གསེར་གྱི་རྟགས་མ་བླངས་མ་ཐོབ་པ་ཡིན་ནའང་། འོན་ཀྱང་ཁོས་སྔར་བཞིན་ཕུལ་དུ་བྱུང་བའི་འགྲན་རྩོད་ཀྱིས་རང་ཁུལ་གྱི་འཐུས་མི་ཚོགས་པར་འགོ་ཚུགས་ཚུན་གྱི་གཟེངས་བསྟོད་རྟགས་མ་ཐོག་མ་བླངས་པ་རེད། འགྲན་བསྡུར་མཇུག་འགྲིལ་རྗེས། ན་གཞོན་ལུས་རྩལ་པས་“ལོ་གསུམ་གྱི་དཀའ་སྤྱད་སྦྱོང་བརྡར་ལ་གཞི་ནས་གྲུབ་འབྲས་ཐོབ་བྱུང་། བློ་ཕམ་ཆེན་པོ་བྱུང་ཡོད། འོན་ཀྱང་དངུལ་གྱི་རྟགས་མ་འདི་ནི་ངས་བློས་གཏོང་བྱས་པ་ཆེས་བཟང་བའི་མཚོན་རྟགས་ཡིན་ ”ཞེས་བཤད།

མི་སྒེར་གྱིས་རྣམ་གྲངས་མང་པོའི་ཐད་གྲུབ་འབྲས་ཡག་པོ་ཐོབ་པ་མ་ཚད། རང་ཁུལ་གྱིས་ཐུན་མོང་གི་རྣམ་གྲངས་ཐད་ལའང་ཡར་ཐོན་ཆེན་པོ་བྱུང་ཡོད། རྐང་རྩེད་སྤོ་ལོ་དང་ལན་ཆིའུ་སྤོ་ལོ་ཕྱོགས་གཉིས་ནས་རྒྱལ་ཁ་ཐོབ་སྟེ། (གཞོན་ནུ་ལོ་ཆུང་ཚོགས་ཆུང)སྐྱེས་པའི་རྐང་རྩེད་སྤོ་ལོ་རུ་ཁག་དང་། སྐྱེས་པ་དང་བུད་མེད་ཀྱི་ལན་ཆིའུ་སྤོ་ལོ་རུ་ཁག དེ་བཞིན་(ལས་བཟོའི་ཚོགས་ཆུང)སྐྱེས་པའི་ལན་ཆིའུ་སྤོ་ལོ་རུ་ཁག་བཅས་ཀྱིས་ཉམས་སད་ཐེག་ཐུབ་པའི་སྟོབས་ཤུགས་དང་དཔའ་ངར་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས། ཨང་བརྒྱད་པའི་ནང་ཚུད་དེ། རང་ཁུལ་གྱི་ལུས་རྩལ་པ་ཚོས་མཐུན་སྒྲིལ་མཉམ་ལས་དང་དཔའ་ངར་ཆེར་སྐྱེད་ཀྱི་སྙིང་སྟོབས་ཀྱི་རྣམ་པ་མངོན།
རང་ཁུལ་གྱི་འཐུས་མི་ཚོགས་པས་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་3གྱིས་སྐབས་འདིའི་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་མཇུག་བསྡུས། གྲུབ་འབྲས་འདི་ནི་རང་ཁུལ་གྱིས་གཞོན་ནུ་ལོ་ཆུང་གི་ལུས་རྩལ་རྗེས་གྲབས་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པ་དང་། རྩལ་འགྲན་ལུས་རྩལ་སྣ་མང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བདེན་དཔང་ནུས་ལྡན་ཞིག་ཡིན། འགྲན་བསྡུར་ནང་ཞུགས་པའི་ལུས་རྩལ་པ་ཚོས་འགྲན་རའི་ཐོག་མངོན་པའི་སྲ་ཞིང་བརྟན་པའི་གཤིས་རྒྱུད་དང་རྩལ་འགྲན་གྱི་མི་མངོན་པའི་སྟོབས་ཤུགས་ཀྱིས་རང་ཁུལ་གྱི་ལུས་རྩལ་བྱ་གཞག་ལ་སྟོབས་ཤུགས་གསོག་འཇོག་བྱས།

འགན་འཁུར་རྩོམ་སྒྲིག་པ།:江初卓玛
- བདེ་ཆེན་གསར་འགྱུར།
ཡུན་ནན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་བདེ་བླག་ངང་མཇུག་འགྲིལ་བ། བདེ་ཆེན་ཁུལ་ལ་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་3ཐོབ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཡངས་པའི་སྤང་ཐང་གཞི་ལ་མི་སྣ་མང་པོ་འཛོམས་བྱུང་།
“མཐོ་སྒང་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ་”སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོ་དར་ར་ཚོགས་ཆུང་དུ་སྤེལ།
བདེ་ཆེན་གྱི་སྦེ་གའི་ལུས་རྩལ་བ་གཅེན་གཅུང་གཉིས་ཀྱིས་ཉིན་གཅིག་གི་ནང་དུ་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གཅིག་བླངས་ནས་ལོ་ངོ་ཉི་ཤུའི་རིང་གི་ཆེས་བཟང་བའི་འབྲས་བཟང་བླངས་པ།
བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་པ།ད་ལོའི་ལོ་སྟོད་ཀྱི་ལས་འགན་གཙོ་བོར་སྐུལ་འདེད་ཏན་ཏིག་བཏང་བ།
ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་སྙན་སྒྲོན་ལ་བསམ་འཆར་བསྡུ་ལེན་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས
ཡིད་སྨོན་འཆོར་སའི་ཚ་གཡོལ་གནས་མཆོག་སེམས་ཀྱི་ཉི་ཟླ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་བྱ་ཐབས་བཞིར་བརྟེན་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པར་སྐུལ་འདེད་བཏང་།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108