中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

རང་ཁུལ་གྱིས་ཆེད་དོན་གྲོས་ཚོགས་འཚོགས་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་སྐབས། གསོག་ཚད་བརྟན་པོ་དང་འཕར་ཚད་རྒྱ་ཆེར། སྤུས་ཚད་མཐོར་གཏོང་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས།

རྩོམ་པ་པོ་:黄晓丽 杨涛 ཁྱབ་བསྒྲགས་དུས་ཚོད་:2026-08-19 15:15:10 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཟླ་8པའི་ཚེས་18ཉིན།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ལས་དོན་གྱི་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་ནས་འཚོགས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཞབས་ཞུའི་ལས་རིགས་འཕེལ་རྒྱས་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ། མིག་སྔར་ཁུལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་འཁོར་སྐྱོད་རྣམ་པར་བརྒྱུད་རིམ་ལྡན་པའི་ངང་ཞིབ་འཇུག་བརྡར་གཅོད་བྱས་ནས།  དུས་རིམ་རྗེས་མའི་གཙོ་གནད་ལས་འགན་ལ་ཞིབ་འཇུག་བཀོད་སྒྲིག་བྱས། 

ཞིབ་འཇུག་གཏིང་ཟབ་དང་རྒྱུད་རིམ་ལྡན་པའི་ཇུས་འགོད། གཏིང་ཤུགས་སྔོག་འདོན། ཞན་ཆ་ཁ་གསབ་བཅས་བྱས་ཏེ་ཐབས་བརྒྱ་ཇུས་སྟོང་ངང་གསོག་ཚད་བརྟན་པོ་དང་འཕར་ཚད་རྒྱ་ཆེར་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྲོས་ཚོགས་ནང་ཞུགས།

གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་འབྲེལ་ཡོད་འཕེལ་རྒྱས་གནས་ཚུལ་གྱི་སྙན་ཞུར་ཉན་པ་དང་། ཚོགས་ཞུགས་བློ་མཐུན་ཚོས་“གསོག་ཚད་བརྟན་པོ་དང་འཕར་ཚད་སྐྱེད་སྲིང་”ལ་དམིགས་ནས།  ཞབས་ཞུའི་ལས་རིགས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་སྐུལ་འདེད་གཏོང་བར་གཏམ་བཤད་བྱས།

གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་སེམས་ཤུགས་གཅིག་སྒྲིལ་གྱིས་དཔལ་འབྱོར་ལ་དམ་འཛིན་བྱེད་པ་དང་། ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ནང་གནས་ཆོས་ཉིད་ལ་ཞིབ་འཇུག་གཏིང་ཟབ་བྱེད་པ། འབུར་ཐོན་རང་བཞིན་གྱི་འཕེལ་རྒྱས་ལམ་བུ་དབྱེ་ཞིབ་བྱེད་པ། ལས་བགོས་ཞིབ་ཚགས་བཅས་བྱས་ནས།  ལས་འགན་གྱི་གསལ་ཐོ་ལྟར་ལས་དོན་དེ་ཁེ་ལས་དངོས་དང་རྣམ་གྲངས་དངོས་ཀྱི་ཐོག་དོན་འཁྱོལ་བྱེད་དགོས། ཁྲོམ་རའི་བྱེད་པོའི་ཞན་ཆ་དང་གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་གྲངས་འབོར་མི་འདང་བ། ལས་རིགས་འཕེལ་རྒྱས་དོ་སྙོམས་མེད་པ་སོགས་ཀྱི་ཞན་ཆར་དམིགས་ནས་དམིགས་སར་ཐབས་ཇུས་འདོན་པ་དང་གནད་སྨིན་ཤུགས་འདོན་བྱེད་དགོས།  ཁྲོམ་རའི་ཆོས་ཉིད་དང་དགོས་མཁོ་ལྟར་ལས་སྒོ་རྒྱ་ཆེར་གཏོང་བ་དང་། ཁྲོམ་ར་རྒྱ་ཆེར་བཏང་ནས། རོགས་སྐྱོར་སྲིད་ཇུས་དང་སྐུལ་སློང་བྱེད་ཐབས་དོན་འཁྱོལ་ཞིབ་ཚགས་བྱེད་དེ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་སྐུལ་སྤེལ་བྱས་ནས། ཞབས་ཞུའི་ལས་རིགས་ཀྱི་“ཁེ་གཉེར་ཚོང་པ་ཁེ་ལས་སུ་བསྒྱུར་བ་”དང་“ཁེ་ལས་ཆུང་གྲས་གཞི་ཁྱོན་ཅན་དུ་འགྱུར་བ་”ལ་མགྱོགས་མྱུར་སྐུལ་འདེད་གཏོང་དགོས།

གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  ནུས་ཤུགས་ཡོད་རྒུས་གསོག་ཚད་བརྟན་པོ་དང་འཕར་ཚད་རྒྱ་ཆེར་གཏོང་བ། སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ནས། རིག་གནས་ཡུལ་སྐོར་དང་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས་ཞབས་ཞུ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་ཞབས་ཞུའི་ལས་རིགས་ཀྱི་འཕར་གཞི་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱེད་དེ། སློབ་གསོ་དང་སྨན་བཅོས། “རྒན་གྲས་གཅིག་དང་ཆུང་གྲས་གཅིག” རིག་གནས་ཡུལ་སྐོར་སོགས་དམངས་འཚོའི་དོ་ཁུར་ལ་དམིགས་ནས།  ཞབས་ཞུའི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མང་ཚོགས་ཀྱི་རང་གཤིས་ཅན་དང་སྣ་མང་ཅན་གྱི་དགོས་མཁོ་སྔར་བས་ཡག་པོ་སྐོང་དགོས།  མཉམ་ཤུགས་ཤིག་ཆགས་པ་བྱས་ནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་འགན་འཁྲི་ནན་པོ་འཁུར་ནས་སྣེ་ཁྲིད་དང་སྐུལ་ཁྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས། གཙོ་གནད་ལས་རིགས་དང་གཙོ་གནད་ཁེ་ལས་ལ་དམིགས་པ་དང་། གནད་སྨིན་ཞབས་ཞུར་ཤུགས་སྣོན་རྒྱག་པ།  ཁྲོམ་རའི་བྱེད་པོ་སྐྱེད་སྲིང་དང་ཁྲིམས་མཐུན་ཁེ་ལས་སྟོབས་ཆེར་གཏོང་རྒྱུར་དམ་འཛིན་ཏན་ཏིག་བྱེད་པ་བཅས་བྱས་ནས།   སྟོབས་ཤུགས་མང་ཙམ་འདོན་པ་དང་འདེགས་སྐྱོར་མང་ཙམ་བྱེད་དགོས།

གྲོས་ཚོགས་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་བསྡོམས་རྩིས་སློབ་སྦྱོང་དང་བསྡོམས་རྩིས་ཤེས་པ། བསྡོམས་རྩིས་སྤྱོད་མཁས་པ་བཅས་བྱས་ནས། བསྡོམས་རྩིས་གཞི་གྲངས་སྤྱད་མཁས་ཏེ་དཔལ་འབྱོར་འཁོར་སྐྱོད་ཀྱི་གནས་བབ་ཁོང་དུ་ཆུད་ནས།  དཔལ་འབྱོར་ལས་དོན་དམ་འཛིན་བྱེད་པའི་ཆེད་ལས་འཇོན་ཐང་ཆེ་རུ་བཏང་ནས་ཁྱོན་ཡོངས་དང་དངོས་ཡོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕན་འབྲས་ཐོག་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་རྣམ་པ་མཚོན་པར་བྱེད་དགོས།  ཁུལ་ཡོངས་ཀྱི་“4+2+N”དེང་རབས་ཅན་གྱི་ཐོན་ལས་མ་ལག་ལ་དམིགས་ནས། ཞབས་ཞུའི་ལས་རིགས་དང་ཞིང་ལས། བཟོ་ལས་མཉམ་འདྲེས་གཏིང་ཟབ་བྱེད་པར་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། ཞབས་ཞུའི་ལས་རིགས་ཀྱི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་བ། ཐོན་ལས་ཀྱི་འབྲེལ་ཐག་རིང་དུ་གཏོང་བ་བཅས་བྱས་ཏེ།  ཞབས་ཞུའི་ལས་རིགས་རིགས་སྒྱུར་རིམ་སྤོར་ལ་བརྟེན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་དགོས།

ཞུས་ཀོང་ཏེ་དང་ལུའུ་ཀྲི་ཅུན། ཧོང་ལུང་ཤིན། ཝུའུ་ཅིང་། ཡུས་ཀུའེ་ཧྥུན། ལིན་ཧའོ། ཀྲོང་ཞའོ་ཕིང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་གྲོས་ཚོགས་ནང་ཞུགས་པ་རེད།

འགན་འཁུར་རྩོམ་སྒྲིག་པ།:江初卓玛

  • བདེ་ཆེན་གསར་འགྱུར།

རང་ཁུལ་གྱིས་ཆེད་དོན་གྲོས་ཚོགས་འཚོགས་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་སྐབས། གསོག་ཚད་བརྟན་པོ་དང་འཕར་ཚད་རྒྱ་ཆེར། སྤུས་ཚད་མཐོར་གཏོང་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས།

ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་སྙན་ཞུ་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མེ་ཏོག་བསུང་ངད་ཕྱོགས་བཞིར་ཁྱབ།

ཡུན་ནན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་བདེ་བླག་ངང་མཇུག་འགྲིལ་བ།  བདེ་ཆེན་ཁུལ་ལ་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་3ཐོབ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཡངས་པའི་སྤང་ཐང་གཞི་ལ་མི་སྣ་མང་པོ་འཛོམས་བྱུང་།

“མཐོ་སྒང་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ་”སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོ་དར་ར་ཚོགས་ཆུང་དུ་སྤེལ།

བདེ་ཆེན་གྱི་སྦེ་གའི་ལུས་རྩལ་བ་གཅེན་གཅུང་གཉིས་ཀྱིས་ཉིན་གཅིག་གི་ནང་དུ་གསེར་གྱི་རྟགས་མ་གཅིག་དང་དངུལ་གྱི་རྟགས་མ་གཅིག་བླངས་ནས་ལོ་ངོ་ཉི་ཤུའི་རིང་གི་ཆེས་བཟང་བའི་འབྲས་བཟང་བླངས་པ།

བདེ་ཆེན་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་མུ་མཐུད་ལེགས་སུ་ཕྱིན་པ།ད་ལོའི་ལོ་སྟོད་ཀྱི་ལས་འགན་གཙོ་བོར་སྐུལ་འདེད་ཏན་ཏིག་བཏང་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com