中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་འབྲེལ་ཡོད་ལས་དོན་སྙན་སེང་འབྲེལ་མཐུད་བྱས་ པར་བསྐྱོད་པ།

ཁྱབ་བསྒྲགས་དུས་ཚོད་:2026-10-26 15:55:25 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཉེ་དུས།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་སྔ་རྗེས་སུ་ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་བཅས་སུ་ཕེབས་ནས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་འབྲེལ་ཡོད་ལས་དོན་ལ་སྙན་སེང་འབྲེལ་མཐུད་བྱས།

ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའི་ཧྲུའུ་ཅི།  ཀྲུའུ་རེན་ཁྲེན་མིང་དང་། ཞིང་ཆེན་ནོར་སྲིད་ཐིང་གི་ཏང་ཙུའི་ཧྲུའུ་ཅི།  ཐིང་ཀྲང་ཝང་ཁྲུན་ཡོན། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གི་ཐིང་ཀྲང་ཀའོ་ཀྲུང་ཅན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།
       བཞུགས་མོལ་ཚོགས་འདུའི་ཐོག  ལི་ཡན་ལན་གྱིས་ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་བཅས་ཀྱིས་དུས་ཡུན་རིང་པོའི་ནང་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁོང་གིས་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་བདེ་ཆེན་གྱི་དོན་དངོས་ལ་གཞི་ཚུགས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། རྣམ་གྲངས་གལ་ཆེན་འཆར་འགོད་སྐུལ་འདེད།  རྒྱུ་རྐྱེན་གཙོ་བོའི་འགན་ལེན་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་ཤུགས་ཆེན་དང་སྲིད་ཇུས་གཟིགས་སྐྱོང་། གནད་སྨིན་མཛུབ་ཁྲིད་བཅས་བྱས། ལྷག་པར་དུ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ཐད་ཞིང་ཆེན་རིམ་པའི་སྡེ་ཚན་གྱིས་རང་འགུལ་ངང་འགན་འཁྲི་འཁུར་བ་དང་བདེ་ཆེན་གྱི་དགོས་མཁོ་ལ་དམིགས་ནས་གནད་སྨིན་སྦྲེལ་མཐུད་བྱས་ཏེ། རྣམ་གྲངས་ལེགས་གཏོང་དང་ནོར་ཤུགས་སྤྱི་འདོམས། རྒྱུ་རྐྱེན་གཙོ་བོའི་འགན་ལེན་སོགས་གནད་འགག་ཐད་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་ནས།  འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བར་འགན་ལེན་ནུས་ལྡན་བྱས།
    ལི་ཡན་ལན་གྱིས་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་དང་ཞིང་ཆེན་རིམ་པའི་སྡེ་ཚན་ཁག་གི་མཛུབ་ཁྲིད་དང་རོགས་རམ་འོག  འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ཁག་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། དུས་རིམ་རྗེས་མར་བདེ་ཆེན་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་“2026ལོའི་ལོ་མཇུག་གོང་གཞི་རྩའི་ཐོག་ནས་གནས་སྤོའི་ཆ་རྐྱེན་འཛོམས་བ་དང་2027ལོའི་དཔྱིད་གསར་དུས་ཆེན་གོང་མང་ཚོགས་སྡོད་ཁང་གསར་པར་སྤོ་བའི”དམིགས་ཚད་ལ་གཏན་འཁེལ་བྱས་ནས།  འགན་འཁྲི་སྔར་བས་ནན་དུ་གཏོང་བ་དང་འབད་འབུངས་ཡར་བརྩོན་བྱས་པ། དམག་འཐབ་ཀྱི་དཔེ་རིས་འགོད་པ་བཅས་བྱས་ཏེ། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་སྤྱིའི་བཀོད་སྒྲིག་དང་། ཞིང་ཆེན་སྲིད་གཞུང་གི་ཆེད་དོན་ཚོགས་འདུའི་དགོངས་དོན་དང་དཔེ་བསྡུར་ནན་མོ་བྱས་ནས།  རྣམ་གྲངས་འཛུགས་སྐྲུན་དང་མང་ཚོགས་སྐུལ་སློང་། ཉེན་ཁ་སྔོན་འགོག་ཚོད་འཛིན་སོགས་ལས་འགན་ཁག་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དེ། སྤུས་ཚད་བདེ་འཇགས་ཀྱི་འགག་སྒོ་ནན་མོ་སྲུང་བ་དང་།  གོ་རིམ་ལྡན་པའི་ངང་ལས་དོན་ཁག་དོན་འཁྱོལ་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་སྟེ།  དུས་བཀག་ལྟར་ཉེན་གཡོལ་གནས་སྤོ་གཏན་ལ་ཕབ་པའི་དམིགས་ཚད་མངོན་འགྱུར་ཡོང་བར་འགན་ལེན་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་ཏན་ཏིག་བྱེད་དགོས་ཞེས་སྟོན།

ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགོ་ཁྲིད་ཀྱིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་གནང་། འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ནི་ཕན་སྦྱར་ལས་གཞི་དང་དམངས་འཚོའི་ལས་གཞི། དམངས་སེམས་ལས་གཞི་ཞིག་ཡིན་པས། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས། ཞིང་ཆེན་འཕེལ་རྒྱས་བསྒྱུར་བཅོས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་ནོར་སྲིད་ཐིང་།  ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་གིས་མུ་མཐུད་དུ་འགན་ནུས་དང་འགན་འཁྲིར་གཞི་ཚུགས་ནས། མུ་མཐུད་རྗེས་སྙེགས་ཞབས་འདེགས་ཞུ་བ་དང་། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་སྟེ། རྣམ་གྲངས་འཛུགས་སྐྲུན་དང་མ་དངུལ་རྒྱབ་སྐྱོར། རྒྱུ་རྐྱེན་གཙོ་བོ་འགན་ལེན་སོགས་ཀྱི་ཐད་ལ་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེན་གཏོང་བ་དང་། འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ཁྲོད་གནས་པའི་འགག་གནད་དང་དཀའ་གནད་ལ་དམིགས་ནས། གནད་སྨིན་སྦྲེལ་མཐུད་དང་མཉམ་དུ་ཤུགས་སྣོན་རྒྱག་སྟེ། གནས་སྤོའི་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་ནུས་ལྡན་བྱེད་དགོས་ཞེས་སྟོན།

ཁུལ་གྱི་འགོ་ཁྲིད་མ་གོ་ཀྲུང་དང་འཇོལ་རྫོང་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ།  ཁུལ་རིམ་པའི་འབྲེལ་ཡོད་ཚན་པའི་འགན་འཁུར་བ་བཅས་བཞུགས་མོལ་ནང་ཞུགས།

འགན་འཁུར་རྩོམ་སྒྲིག་པ།:江初卓玛

  • བདེ་ཆེན་གསར་འགྱུར།

ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་འབྲེལ་ཡོད་ལས་དོན་སྙན་སེང་འབྲེལ་མཐུད་བྱས་ པར་བསྐྱོད་པ།

ཁུལ་ཨུ་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་3པ་འཚོཊ།

ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་བྱས་པའི་ལྟ་སྐོར་སློབ་སྦྱོང་བྱེད་སྒོར་ཞུགས།

ཁུལ་རིམ་པའི་ཚན་ཁག་བཞིའི་འགོ་ཁྲིད་ཁོར་ཡུག་འཕྲོད་བསྟེན་ཞིབ་བཤེར་དང་གད་སྙིགས་གཙང་སེལ་བྱས་པའི་བྱེད་སྒོ་ནང་ཞུགས།

ཁུལ་ཨུ་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚན་པས་ཞིང་ཨུའི་སྐབས་བརྗེ་བྱས་རྗེས་ཀྱི་ཁུལ་(གྲོང་ཁྱེར་)ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་གཅིག་བསྡུས་གླེང་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་སྤེལ།

ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་འཛིན་ལི་ཞུང་དང་བཅས་པར་ཐུག་འཕྲད་གནང་།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་དང་བཞུགས་མོལ་གྲོས་ཚོགས་འཚོགས་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དོན་དངོས་ཐོག་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་སུ་གྲོང་གསེབ་དར་རྒྱས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com