中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་འཛིན་ལི་ཞུང་དང་བཅས་པར་ཐུག་འཕྲད་གནང་།

རྩོམ་པ་པོ་:杨涛 陈杰 ཁྱབ་བསྒྲགས་དུས་ཚོད་:2026-10-22 10:27:36

ཟླ་10པའི་ཚེས་21ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་དངུལ་ཁང་ཡན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་འཛིན་ལི་ཞུང་དང་བཅས་པར་ཐུག་འཕྲད་གནང་སྟེ། ཕྱོགས་གཉིས་ཀྱིས་སྲིད་གཞུང་དང་དངུལ་ཁང་མཉམ་ལས་བྱས་པར་སྔར་བས་ཤུགས་སྣོན་རྒྱག་པ་དང་བདེ་ཆེན་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྤེལ་རེས་ཟབ་མོ་བྱས། 

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ལི་ཞུང་དང་བཅས་པའི་ཕེབས་པར་དགའ་བསུ་ཞུས་པ་རེད། ཀྲུང་གོ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ཡུན་རིང་ངང་བདེ་ཆེན་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་རོགས་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོང་གིས་དཔལ་འབྱོར་འཕེལ་རྒྱས་དེ་དངུལ་རྩའི་རྒྱབ་སྐྱོར་དང་ཁ་བྲལ་ཐབས་མེད། ཀྲུང་གོ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་རྒྱུན་མཐུད་ངང་བདེ་ཆེན་དུ་ཟབ་ཞུགས་བྱས་པ་དང་ས་ཆར་ཞབས་ཞུ་བྱས་ཏེ། ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཡོང་བར་དངུལ་རྩའི་རྒྱབ་སྐྱོར་མཁོ་འདོན་བྱེད་ཡོད། མིག་སྔར། བདེ་ཆེན་གྱིས་བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་བརླིང་བཅས་དོན་ཆེན་བཞི་ལ་དམིགས་ནས། ཕྱོགས་ཡོངས་ངང་རིག་གནས་ཡུལ་སྐོར་དང་མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས། གནོད་མེད་ནུས་ཁོངས། གནོད་མེད་གཏེར་ལས་སོགས་ཐོན་ལས་འཕེལ་རྒྱས་གཏོང་སྟེ། ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་མཐུད་ངང་ལེགས་སུ་འགྲོ་ནས། བདེ་ཆེན་ཁུལ་གྱིས་ཀྲུང་གོ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་གཏོང་ཡོད། ཀྲུང་གོ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་རྒྱུན་མཐུད་ངང་བདེ་ཆེན་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་སྟེ། སྲིད་གཞུང་དང་དངུལ་ཁང་གི་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཉམ་ལས་ཁྱབ་ཁོངས་རྒྱ་སྐྱེད་གཏོང་ནས། བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་རེ་བ་ཡོད་ཅེས་སྟོན། 

ལི་ཞུང་གིས་བདེ་ཆེན་གྱི་འཕེལ་རྒྱས་རྣམ་པ་བརྟན་པོ་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན། ཀྲུང་གོ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་རང་འགུལ་ངང་བདེ་ཆེན་གྱི་འཕེལ་རྒྱས་སྤྱི་ཡོངས་སུ་མཉམ་འདྲེས་བྱས་ཏེ། ཁུལ་ཡོངས་ཀྱི་ལྟེ་བའི་ལས་དོན་དང་གཙོ་གནད་འཕེལ་རྒྱས་ཀྱི་ཁ་ཕྱོགས་དམ་པོར་དམིགས་ནས། ཧུར་ཐག་ངང་ཁུལ་ཡོངས་ཀྱི་མཚོན་རྟགས་རང་བཞིན་དང་ས་ཁོངས་རང་བཞིན་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་ནང་ཞུགས་ཏེ། རྒྱུན་མཐུད་ངང་དངུལ་རྩ་ཞབས་ཞུ་ལེགས་བཅོས་བྱས་པ་དང་གནད་སྨིན་ངང་དངུལ་རྩའི་ཐོན་ཁུངས་མཁོ་འདོན་བྱས་ནས། བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་དངུལ་རྩའི་སྒུལ་ནུས་ཆེན་པོ་སྣོན་ཡོད་ཅེས་སྟོན། 

རང་ཁུལ་གྱི་འགོ་ཁྲིད་མ་མུའུ། ཀྲུང་གོ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་འགོ་ཁྲིད་ཡེ་ལུའུ་ལུའུ། དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བ་ཐུག་འཕྲད་ནང་ཞུགས།

འགན་འཁུར་རྩོམ་སྒྲིག་པ།:达瓦只玛

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་འཛིན་ལི་ཞུང་དང་བཅས་པར་ཐུག་འཕྲད་གནང་།

ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་དང་བཞུགས་མོལ་གྲོས་ཚོགས་འཚོགས་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དོན་དངོས་ཐོག་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་སུ་གྲོང་གསེབ་དར་རྒྱས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

ཁུལ་ཡོངས་ཀྱི་“ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་དེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་བདེ་ཐང་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་“ཡུན་ནན་དུ་བྱེས་སུ་སྡོད་པ་”འཕེལ་རྒྱས་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས།

ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དུ་ཕེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད་སློབ་གླིང་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་ཀར་བརྟག་ཞིབ་གནང་།

ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་12པ་དང་“བདེ་ཆེན་སློབ་ཁང་ཆེན་མོ·འཆད་ཁྲིད་ཐེངས་5པ”སྤེལ། 

ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་97པ་འཚོགས།

ལི་ཡན་ལན་གྱིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་པ།

སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་2པ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com