ཁུལ་རིམ་པའི་ཚན་ཁག་བཞིའི་འགོ་ཁྲིད་ཁོར་ཡུག་འཕྲོད་བསྟེན་ཞིབ་བཤེར་དང་གད་སྙིགས་གཙང་སེལ་བྱས་པའི་བྱེད་སྒོ་ནང་ཞུགས།


ཟླ་10ཚེས་22ཉིན་གྱི་ཕྱི་དྲོར། ཁུལ་རིམ་པའི་ཚན་ཁག་བཞིའི་འགོ་ཁྲིད་ཀྱིས་ཁོར་ཡུག་འཕྲོད་བསྟེན་ཞིབ་བཤེར་དང་གད་སྙིགས་གཙང་སེལ་བྱས་པའི་བྱེད་སྒོ་སྤེལ་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་དཔེ་སྟོན་སྣེ་ཁྲིད་དང་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་རྟོགས་ངང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱས་པར་སྐུལ་སློང་དང་འབོད་སྐུལ་བྱས་ཏེ། རང་འགུལ་ངང་གད་སྙིགས་འཁྱེར་ནས་འགྲོ་བ་དང་། གད་སྙིགས་ལ་གཙང་སེལ་བྱེད་པ། གད་སྙིགས་གང་བྱུང་དུ་མི་དབྱུག་པ་བཅས་བྱས་ནས། ནུས་ཤུགས་ཡོད་རྒུས་བདེ་ཆེན་གྱི་རི་སྔོན་ཆུ་དྭངས་ལ་སྲུང་སྐྱོང་ཡག་པོ་བྱེད།

བྱེད་སྒོའི་ཁྲོད་ལུའོ་ཁྲའོ་ཧྥེང་དང་། ཞུས་སི་སི། མིའོ་ཡིའུ་ཧྥ་བཅས་ཀྱིས་ཚོགས་ཆུང་ཁག་བགོས་ནས་རུ་ཁག་ཁྲིད་དེ་ནགས་ཕག་མཚོའི་སྐོར་ལམ་དང་། ཤྭ་ཁ་ལམ་གྱི་འབྲེལ་མཚམས། འོ་མ་མཚོའི་ཆུ་འགོ ནགས་ལྕོག་རི་བོའི་རྐང་ཐང་ལམ་ཐིག་སོགས་སུ་བསྐྱོད་ནས། ལམ་རྒྱུད་ཀྱི་ཁོར་ཡུག་འཕྲོད་བསྟེན་གནས་ཚུལ་ལ་སྐོར་ཞིབ་ཞིབ་ཕྲ་བྱས་ཞིང་། མཚོ་འགྲམ་དང་། སྤང་ལྗོངས། ནགས་རི། ལམ་འགྲམ་བཅས་ཀྱི་གད་སྙིགས་སྣ་ཚོགས་གཙང་སེལ་བྱས་པ་རེད། ཚང་མས་ལས་བགོས་མཉམ་སྒྲུབ་དང་། གཞོགས་འདེགས་གོ་རིམ་ལྡན་པ། གཙང་སེལ་བྱེད་ཞོར་དུ་གད་སྙིགས་བྱུང་བ་དང་འཚོལ་བསྡུ་བརྒྱུད་འདྲེན། རྒྱུན་གཏན་གྱི་དོ་དམ་སྲུང་སྐྱོང་སོགས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་ནས། གནས་པའི་གནད་དོན་ལ་ཡུལ་དངོས་སུ་བཅོས་སྒྲིག་བྱེད་དགོས་པའི་བླང་བྱ་བཏོན།

ལུའོ་ཁྲའོ་ཧྥེང་གིས་ཡུལ་དངོས་སུ་བདེ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་པར་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དམ་འཛིན་བྱས་ཏེ། འབྱུང་རྩ་ནས་བཅོས་སྒྲིག་དང་། ཐབས་མང་མཉམ་སྤྱོད། ཕྱོགས་བསྡུས་ཇུས་འདོན་བཅས་མཐའ་འཁྱོངས་བྱེད་དགོས། ཕྱོགས་ཁག་གི་འགན་འཁྲི་ནན་དུ་གཏོང་བ་དང་མཉམ་བཅོས་མཉམ་ཤུགས་གཅིག་སྒྲིལ་གྱིས་མགྲོན་ཁང་དང་། དམངས་སྲོལ་གནས་ཚང་། འགྲིམ་འགྲུལ་སྐྱེལ་འདྲེན། ཡུལ་སྐོར་ལས་དོན་ཁང་། རྐང་ཐང་སྣེ་ཤན་པ། མཛེས་ལྗོངས་ཁུལ་སོགས་གཉེར་སྐྱོང་བྱེད་མཁན་གྱི་འགན་འཁྲི་དང་། ཤང་(གྲོང་རྡལ)། གྲོང་ཚོ་(སྡེ་ཁུལ)གཏོགས་ཁོངས་ཀྱི་དོ་དམ་འགན་འཁྲི་དོན་འཁྱོལ་བྱས་ཏེ། ནགས་སྲུང་པ་དང་། དྲ་མིག་ཅན། མང་ཚོགས། དང་བླངས་པ་བཅས་ཀྱི་སྟོབས་ཤུགས་སྤྱི་འདོམས་བྱས་ནས་རྒྱུན་རྣམ་ཅན་གྱི་གད་སྙིགས་གཙང་སེལ་བཅོས་སྒྲིག་བྱེད་དགོས། དྲིལ་བསྒྲགས་སློབ་གསོ་དང་ལྟ་སྐུལ་ཆད་གཅོད་ཕྱོགས་གཉིས་ནས་ཤུགས་སྣོན་རྒྱག་པར་མཐའ་འཁྱོངས་བྱེད་དགོས་པ་སྟེ། ཕྱོགས་གཅིག་ནས་དྲིལ་བསྒྲགས་ཁ་ཏ་སློབ་སྟོན་ས་ཚིགས་ཡག་པོ་སྤྱོད་པ་དང་། དྲན་སྐུལ་སྦྱར་ཡིག་ཚད་ལྡན་བཟོ་བ། འཕྲིན་ཐུང་གི་དྲན་སྐུལ་དང་། བརྙན་འཕྲིན་གྱི་སྤྱི་ཕན་བརྡ་ཁྱབ། དྲ་གྲགས་ཀྱི་སྤྱི་ཕན་དར་སྤེལ་སོགས་ཀྱི་རྣམ་པ་ཕྱོགས་བསྡུས་བེད་སྤྱོད་བྱས་ཏེ། མང་ཚོགས་དང་ཡུལ་སྐོར་བ་དཔལ་ཡོན་ངང་ཡུལ་སྐོར་འགྲོ་བར་ཁྲིད་སྟོན་ཡག་པོ་བྱེད་དགོས།ཕྱོགས་གཞན་ཞིག་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་ནན་པོར་གཞིགས་ནས་གང་བྱུང་དུ་གད་སྙིགས་དབྱུག་པ་དང་སྒྲིག་འགལ་ངང་ཨར་སྐྲུན་གད་སྙིགས་གཤོ་བ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ཁྲིམས་ལྟར་བཅོས་སྒྲིག་བྱས་ཏེ། སློབ་གསོ་ཁྲིད་སྟོན་དང་འགྱུར་མེད་གཅུན་འདོམས་མཉམ་དུ་བྱས་ནས། ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་མང་ཚོགས་ཀྱི་བསམ་བློའི་རང་རྟོགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས། ཁུལ་དམངས་ཆེན་གྱིས་ཁོར་ཡུག་འཕྲོད་བསྟེན་དང་སྐྱེ་ཁམས་སྲུང་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་ལ་དམིགས་ནས། “འཇུག་སྒོ་ཆུང་ཆུང”གི་ཁྲིམས་འཛུགས་ལ་སྐུལ་འདེད་གཏོང་བ་དང་། རྒྱུན་མཐུད་ངང་ཁུལ་ཡོངས་ཀྱི་ཁྱབ་ཁོངས་སུ་འབྲེལ་ཡོད་ཁྲིམས་བསྟར་ཞིབ་བཤེར་བྱས་ཏེ། ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་དགོས་ཞེས་ནན་གསུང་གནང་།
འགན་འཁུར་རྩོམ་སྒྲིག་པ།:达瓦只玛
- བདེ་ཆེན་གསར་འགྱུར།
ཁུལ་རིམ་པའི་ཚན་ཁག་བཞིའི་འགོ་ཁྲིད་ཁོར་ཡུག་འཕྲོད་བསྟེན་ཞིབ་བཤེར་དང་གད་སྙིགས་གཙང་སེལ་བྱས་པའི་བྱེད་སྒོ་ནང་ཞུགས།
ཁུལ་ཨུ་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚན་པས་ཞིང་ཨུའི་སྐབས་བརྗེ་བྱས་རྗེས་ཀྱི་ཁུལ་(གྲོང་ཁྱེར་)ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་གཅིག་བསྡུས་གླེང་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་སྤེལ།
ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་འཛིན་ལི་ཞུང་དང་བཅས་པར་ཐུག་འཕྲད་གནང་།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་དང་བཞུགས་མོལ་གྲོས་ཚོགས་འཚོགས་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དོན་དངོས་ཐོག་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་སུ་གྲོང་གསེབ་དར་རྒྱས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
ཁུལ་ཡོངས་ཀྱི་“ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་དེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་བདེ་ཐང་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་“ཡུན་ནན་དུ་བྱེས་སུ་སྡོད་པ་”འཕེལ་རྒྱས་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས།
ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དུ་ཕེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད་སློབ་གླིང་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་ཀར་བརྟག་ཞིབ་གནང་།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་12པ་དང་“བདེ་ཆེན་སློབ་ཁང་ཆེན་མོ·འཆད་ཁྲིད་ཐེངས་5པ”སྤེལ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་97པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108