ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་བྱས་པའི་ལྟ་སྐོར་སློབ་སྦྱོང་བྱེད་སྒོར་ཞུགས།
སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས22ཉིན། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བར་དྲན་གསོ་བྱེད་པའི་སྐབས་སུ། ལུའོ་ཁྲའོ་ཧྥེང་དང་ཞུས་སི་སི། མིའོ་ཡིའུ་ཧྥ་སོགས་ཁུལ་རིམ་པའི་འགོ་ཁྲིད་བདེ་ཆེན་དམར་དམག་རྒྱང་སྐྱོད་དངོས་མང་བཤམས་སྟོན་ཁང་དུ་རྒྱང་སྐྱོད་ཀྱི་སྙིང་སྟོབས་མཐོ་སྒང་དུ་དར། ཐོག་མའི་བསམ་འདུན་དང་འགན་འཁྲི་དུས་གཏན་དུ་རྒྱུན་འཛིན་བྱེད་ཅེས་དམར་དམག་རྒྱང་སྐྱོད་ཡུན་ནན་དུ་བརྒྱུད་སྐབས་ཀྱི་ཡིག་ཚགས་དང་པར་རིས་འགྲེམས་སྟོན་གྱི་བདེ་ཆེན་སྐོར་སྐྱོད་འགྲེམས་སྟོན་ལ་གཟིགས་སྐོར་གནང་ཞིང་། དམར་དམག་རྒྱང་སྐྱོད་བདེ་ཆེན་དུ་བརྒྱུད་སྐབས་ཀྱི་སྤྱིར་བཏང་མིན་པའི་ལོ་ཟླ་ཕྱིར་དྲན་བྱས་པ་དང་། རྒྱང་སྐྱོད་ཀྱི་སྙིང་སྟབས་རླབས་ཆེན་ལ་ཚོར་ཤེས་བྱས་ནས་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་བྱས་པ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་བསྡུ་ལེན་བྱས་པ་རེད།

ཟླ10པའི་ཚེས22ཉིན།ལུའོ་ཁྲའོ་ཧྥེང་དང་བཅས་པས་རྒྱང་སྐྱོད་ཀྱི་སྙིང་སྟོབས་མཐོ་སྒང་དུ་དར། ཐོག་མའི་བསམ་འདུན་དང་འགན་འཁྲི་དུས་གཏན་དུ་རྒྱུན་འཛིན་བྱེད་ཅེས་དམར་དམག་རྒྱང་སྐྱོད་ཡུན་ནན་དུ་བརྒྱུད་སྐབས་ཀྱི་ཡིག་ཚགས་དང་པར་རིས་འགྲེམས་སྟོན་གྱི་བདེ་ཆེན་སྐོར་སྐྱོད་འགྲེམས་སྟོན་ལ་གཟིགས་སྐོར་གནང་།
ལུའོ་ཁྲའོ་ཧྥེང་དང་བཅས་པས་རིམ་པ་བཞིན་གསར་བརྗེའི་ཐོག་མའི་བསམ་འདུན་གྱིས་རྒྱང་སྐྱོད་ཀྱི་ལམ་བུར་འཕྲོ་ཞེས་པ་དང་ཉ་ཆུ་ལྟ་བུའི་བརྩེ་སེམས་དམར་དམག་ལ་བཅངས་ཞེས་པ། དམར་དམག་གི་སི་ཁྲོན་དང་ཡུན་ནན་ཀུའེ་ཀྲོའུ་ངེས་མེད་རྒོལ་རྡུང་རུ་ཁག་དང་ཡུན་ནན་གྱི་ངེས་མེད་རྒོལ་རྡུང་ཡན་ལག་རུ་ཁག་ཅེས་པའི་འགྲེམས་ཁུལ་ལ་གཟིགས་སྐོར་གནང་བ་དང་། ཚང་མས་དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་ཀྱི་འགྲེལ་བཤད་ལ་ནན་ཏན་ངང་ཉན་པ་དང་། ཐུང་ཏའོ་ཚོགས་འདུ་དང་ལི་ཕིང་ཚོགས་འདུ་སོགས་ཀྱི་ལོ་རྒྱུས་དོན་ཆེན་ལ་རྒྱུས་ལོན་གཏིང་ཟབ་བྱས། ཙུན་དབྱི་ཚོགས་འདུའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཨུ་ཡོན་གྱི་པར་རིས་ལ་བལྟས། 《གསར་བརྗེའི་འཐབ་འཛིན་པ་ཡོངས་ཀྱི་ཡིག་ཚགས》སོགས་ཆབ་སྲིད་དྲིལ་བསྒྲགས་ཀྱི་ལོ་རྒྱུས་ཡིག་ཚགས་ལ་གཟིགས་སྐོར་གནང་བ་དང་། ནན་ཏན་སྒོས་དམར་དམག་གིས་ཅ་ཅིན་རི་བོ་དང་མཛོད་དགེ་རྩྭ་ཐང་། རྒྱལ་ཐང་སྤང་ཐང་སོགས་བརྒལ་བའི་པར་རིས་དང་ཡིག་ཆ་ལ་བལྟས་ནས་དམར་དམག་གིས་མཐོ་གྲང་གངས་ལྗོངས་སུ་འགག་སྒྲོལ་དཀའ་སེལ་བྱས་པའི་ཞུམ་མེད་ཀྱི་སྙིང་སྟོབས་ལ་མྱོར་ཚོར་གཏིང་ཟབ་བྱས་པ་རེད།བཤམ་སྒྲོམ་ནང་རྒྱལ་ཐང་གི་གྲྭ་མང་རྣམས་ཀྱིས་དམག་སྤྱི་ཧོ་ལུང་ལ་འབུལ་བའི་ཀོ་ཁུག་དང་བྲག་སྣ་འགོ་བའི་བསྐོ་གཞག་འཛིན་ཡིག ཧོ་ལུང་གིས་སུམ་རྩེན་གླིང་གི་གྲྭ་རྒན་བརྒྱད་ལ་སྤྲད་པའི་འཕྲིན་ཡིག་སོགས་རིག་དངོས་རྩ་ཆེན་དང་། དམར་དམག་ཏུ་ཞུགས་པའི་བོད་རིགས་དམར་དམག་འཐབ་འཛིན་པ་ལྔའི་འདྲ་པར་དང་དམར་དམག་དང་མཉམ་དུ་བྱང་དུ་སྐྱོད་པའི་ཡིག་བསྒྱུར་དང་ལམ་འཁྲིད་ཀྱི་མིང་ཐོ་སོགས་ཀྱིས་དམར་དམག་རྒྱང་སྐྱོད་བདེ་ཆེན་དུ་བརྒྱུད་སྐབས་མི་རིགས་ཁག་གི་མང་ཚོགས་ཀྱིས་དམར་དམག་ལ་རོགས་སྐྱོར་བྱས་པ་དང་ཧུར་ཐག་སྒོས་གསར་བརྗེར་ཞུགས་པའི་མི་སེམས་འགུགས་པའི་རྣམ་པ་བསྐྱར་དུ་མངོན་ཡོད་པས་ཚང་མར་རྒྱང་སྐྱོད་སྙིང་སྟོབས་ཀྱི་ནང་དོན་གཏིང་ཟབ་པ་དང་དུས་རབས་ཀྱི་རིན་ཐང་ལ་མྱོང་ཚོར་ཟབ་མོ་བྱུང་དུ་བཅུག

ལུའོ་ཁྲའོ་ཧྥེང་དང་བཅས་པས་དངོས་མང་བཤམས་སྟོན་ཁང་གི་སྔོན་བརྗོད་ཁང་དུ་ཐུན་མོང་ཐོག་བློ་མཐུན་མའོ་ཙེ་ཏུང་གི་རྒྱང་སྐྱོད་ཀྱི་སྙན་ཚིག་《སྙན་ངག་བདུན་ཚིག་རྐང་བརྒྱད་མ། རྒྱང་སྐྱོད།》ཅེས་པ་གྱེར་འདོན་བྱས།
གཟིགས་སྐོར་རྫོགས་སྐབས། ལུའོ་ཁྲའོ་ཧྥེང་དང་བཅས་པས་དངོས་མང་བཤམས་སྟོན་ཁང་གི་སྔོན་བརྗོད་ཁང་དུ་གྲལ་འགྲིག་པོས་གྲལ་སྒྲིགས་ཏེ་བློ་མཐུན་མའོ་ཙེ་ཏུང་གི་རྒྱང་སྐྱོད་ཀྱི་སྙན་ཚིག་《སྙན་ངག་བདུན་ཚིག་རྐང་བརྒྱད་མ། རྒྱང་སྐྱོད།》ཅེས་པ་གྱེར་འདོན་བྱས་པ་རེད། སྙན་ཞིང་འཇེབས་ལ་ཤུགས་ཀྱང་ལྡན་པའི་གྱེར་འདོན་གྱི་སྒྲ་སྔོན་བརྗོད་ཁང་དུ་གྲགས་པས་གསར་བརྗེའི་སྔོན་བྱོན་མེས་པོར་དད་གུས་ཚད་མེད་དང་དུས་རབས་གསར་པའི་རྒྱང་སྐྱོད་ཀྱི་ལམ་བར་ཡག་པོ་སྐྱོད་པའི་ཡིད་ཆེས་བརྟན་པོ་མཚོན་ཡོད།
ཚང་མས་མ་གྲོས་གཅིག་མཐུན་ངང་ལོ་རྒྱུས་ཀྱི་པར་རིས་རྩ་ཆེན་རེ་རེ་དང་ཡིག་ཚགས་ཞིབ་བདེན་རེ་རེ་ཡིས་གསར་བརྗེའི་སྔོན་བྱོན་མེས་པོ་རྣམས་ཀྱི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་པ་དང་འགན་འཁྲི་འཁུར་བའི་སྤྱིར་བཏང་མིན་པའི་ལོ་ཟླ་བསྐྱར་དུ་མངོན་ཡོད་པས་མི་རྣམས་ལ་སློབ་གསོ་ཟབ་མོ་མྱོང་དུ་བཅུག་ཡོད། ཚང་མས་བདེ་ཆེན་དུ་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་གསར་བརྗེའི་སྲོལ་རྒྱུན་གཏིང་ཟབ་པ་ལྡན། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་བྱ་རྒྱུ་དེ་གོ་སྐབས་སུ་བརྩིས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་བྱས་པའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱེད་དགོས་པ་དང་། རྒྱང་སྐྱོད་ཀྱི་སྙིང་སྟོབས་རླབས་ཆེན་དར་སྤེལ་ཤུགས་ཆེན་གཏོང་དགོས། དམར་དམག་རྒྱང་སྐྱོད་བདེ་ཆེན་དུ་བརྒྱུད་སྐབས་ཀྱི་འོད་སྟོང་འབར་བའི་ལོ་རྒྱུས་ཁྲོད་བློ་གྲོས་དང་སྟོབས་ཤུགས་བསྡུ་ལེན་བྱེད་དེ་ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་མུ་མཐུད་ནས་དཔའ་ངར་ཆེ་སྐྱེད་ཀྱིས་མདུན་དུ་སྐྱོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་གཏོད་དགོས་ཞེས་སྟོན།
ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་དང་ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་ཀྱི་ཚན་པའི་ཁོངས་མི། ཁུལ་ཁྲིམས་ཁང་དང་ཁུལ་ཞིབ་དཔྱོད་ཁང་སོགས་ཀྱི་འགོ་ཁྲིད་བྱེད་སྒོར་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་བྱས་པའི་ལྟ་སྐོར་སློབ་སྦྱོང་བྱེད་སྒོར་ཞུགས།
ཁུལ་རིམ་པའི་ཚན་ཁག་བཞིའི་འགོ་ཁྲིད་ཁོར་ཡུག་འཕྲོད་བསྟེན་ཞིབ་བཤེར་དང་གད་སྙིགས་གཙང་སེལ་བྱས་པའི་བྱེད་སྒོ་ནང་ཞུགས།
ཁུལ་ཨུ་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚན་པས་ཞིང་ཨུའི་སྐབས་བརྗེ་བྱས་རྗེས་ཀྱི་ཁུལ་(གྲོང་ཁྱེར་)ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་གཅིག་བསྡུས་གླེང་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་སྤེལ།
ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་འཛིན་ལི་ཞུང་དང་བཅས་པར་ཐུག་འཕྲད་གནང་།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་དང་བཞུགས་མོལ་གྲོས་ཚོགས་འཚོགས་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དོན་དངོས་ཐོག་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་སུ་གྲོང་གསེབ་དར་རྒྱས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
ཁུལ་ཡོངས་ཀྱི་“ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་དེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་བདེ་ཐང་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་“ཡུན་ནན་དུ་བྱེས་སུ་སྡོད་པ་”འཕེལ་རྒྱས་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས།
ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དུ་ཕེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད་སློབ་གླིང་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་ཀར་བརྟག་ཞིབ་གནང་།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་12པ་དང་“བདེ་ཆེན་སློབ་ཁང་ཆེན་མོ·འཆད་ཁྲིད་ཐེངས་5པ”སྤེལ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108