ཁུལ་ཨུ་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚན་པས་ཞིང་ཨུའི་སྐབས་བརྗེ་བྱས་རྗེས་ཀྱི་ཁུལ་(གྲོང་ཁྱེར་)ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་གཅིག་བསྡུས་གླེང་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་སྤེལ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་21ཉིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚན་པས་ཞིང་ཨུའི་སྐབས་བརྗེ་བྱས་རྗེས་ཀྱི་ཁུལ་(གྲོང་ཁྱེར་)ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་གཅིག་བསྡུས་གླེང་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཞིབ་འཇུག་དང་གྲོས་བསྡུར་གཙོ་སྐྱོང་གནང་བ་མ་ཟད་གནས་སྐབས་ཀྱི་ཕྱོགས་སྡོམ་གསུང་བཤད་གནང་། ཁོང་གིས་ནན་བཤད་གནང་དོན། ཁུལ་རིམ་པའི་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སློབ་སྦྱོང་དང་མིག་དཔེ་བྱེད་དགོས་ལ། ཐོག་མའི་བསམ་འདུན་མི་བརྗེད་པ་དང་འགན་འཁྲི་འཁུར་སེམས་དང་ཧུར་བརྩོན་ཀྱི་སེམས་ཤུགས། གུས་ཤིང་སྐྲག་པའི་སེམས་པ། ཡུན་བརྟན་གྱི་སེམས་པ། མཐུན་སྒྲིལ་གྱི་སེམས་པ་བཅས་ཡོད་དགོས། ལས་ཀའི་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་དམ་འཛིན་བྱེད་དགོས།
ཞུས་སི་སི་དང་མིའོ་ཡིའུ་ཧྥ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད་བྱས། ཀྲུའུ་པའོ་ཧྥུའུ་ཡན་ལག་ཚོགས་རའི་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་དུ་ཞུགས།
ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། ཞིང་ཨུའི་འགོ་ཁྲིད་གཙོ་བོས་སྐབས་བརྗེ་བྱས་རྗེས་ཀྱི་ཁུལ་(གྲོང་ཁྱེར་)ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་གཅིག་བསྡུས་གླེང་མོལ་ཚོགས་འདུའི་ཐོག་གི་གསུང་བཤད་ནི་བབ་ཆགས་དང་གཏིང་ཟབ་པ་དང་། གསུང་ཚིགས་ནན་ཞིང་ཐུགས་ཁུར་ཆེ་བ། ལས་ཀའི་བླང་བྱ་མངོན་གསལ་སྟོན་པ་མ་ཟད་ལས་ཀའི་བྱ་ཐབས་སློབ་ཁྲིད་བྱས་ཡོད་པས། ཆབ་སྲིད་རང་བཞིན་དང་མཛུབ་ཁྲིད་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་དྲག་པོ་ལྡན། ཁུལ་ཡོངས་རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་རྒྱུན་མཐུད་ངང་ཟབ་སྦྱོང་ཞིབ་རྟོགས་དང་སྣེ་ཁྲིད་དེ་དཔེ་བསྡུར་དོན་འཁྱོལ་བྱེད་དགོས་པ་དང་། ཤུགས་ཡོངས་ནས་བདེ་ཆེན་གྱི་བྱ་གཞག་འཕེལ་རྒྱས་ཀྱི་རྒྱུག་མཐུད་འགྲན་བསྡུར་ཡག་པོ་རྒྱུག་དགོས་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་གཏོད་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཐོག་མའི་བསམ་འདུན་མི་བརྗེད་དེ་གང་ནས་ཡོང་བ་དང་ཕྱོགས་གང་དུ་འགྲོ་དགོས་ཞེས་པའི་དུས་རབས་ཀྱི་འདྲི་གཞི་ལ་ལན་ཡག་པོ་འདེབས་དགོས་པ་དང་། ཀྲུང་གོའི་གུང་ཁྲན་ཏང་ནི་ཅི་ཡིན་པ་དང་ཅི་བྱེད་དགོས་པའི་རྩ་བའི་འདྲི་གཞི་འདི་བློ་ལ་བརྟན་པོར་ངེས་ཏེ་དམངས་ཀྱི་ཆེད་དུ་བདེ་སྐྱིད་སྐྲུན་རྒྱུ་དེ་སྲིད་དོན་ལས་རྗེས་ཆེ་ཤོས་སུ་བརྩིས་ནས་ཕུགས་འདུན་དད་སེམས་སྲ་བརྟན་དུ་གཏོང་དགོས། འགན་འཁྲི་འཁུར་སེམས་ཡོད་དགོས་ཏེ་དུས་དང་རྣམ་པ་ཀུན་དུ་སེམས་བདེ་མི་ཐུབ་པའི་འགན་འཁྲི་འཁུར་སེམས་དང་ཉལ་ཟས་བདེ་པོ་མེད་པའི་བསམ་པའི་རྣམ་པ་ལ་བརྟེན་ནས་རྩ་འཛུགས་ཀྱིས་སྤྲད་པའི་ལས་འགན་ཁག་ཡག་པོ་སྒྲུབ་དགོས། ཧུར་བརྩོན་གྱི་སེམས་ཤུགས་ཡོད་དགོས་ཏེ་སློབ་སྦྱོང་བརྒྱུད་ནས་ལས་ཀའི་ནུས་པ་དང་ཆུ་ཚད་མཐོ་རུ་འདེགས་པ་དང་། རྣམ་གྲངས་རྐྱང་མའི་ཨང་དང་པོ་བླངས་པའི་དཔའ་སྟོབས་དང་ཆོད་སེམས་ལ་བརྟེན་ནས་ལས་ཀ་ཁག་ལ་དམ་འཛིན་བྱེད་དེ་མཐའ་མཇུག་ལ་གོམས་གཤིས་གཏན་ནས་འགྱུར་མི་རུང་། གུས་ཤིང་སྐྲག་པའི་སེམས་པ་ཡོད་དགོས་ཏེ་སྒྲིག་ཁྲིམས་དང་སྒྲིག་ལམ་ནན་སྲུང་བྱེད་དེ་ཐོག་མཐའ་བར་གསུམ་དུ་རྩ་འཛུགས་ལ་གུས་ཤིང་སྐྲག་པ་དང་དབང་ཆ་ལ་གུས་ཤིང་སྐྲག་པ། སྒྲིག་ཁྲིམས་ལ་གུས་ཤིང་སྐྲག་པ། མི་དམངས་ལ་གུས་ཤིང་སྐྲག་པ་བཅས་བྱེད་ཐུབ་པ་བྱེད་དགོས། ཡུན་བརྟན་གྱི་སེམས་པ་ཡོད་དགོས་ཏེ་མངོན་འབྲས་དང་སྦས་འབྲས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་གཟེར་རྒྱག་པའི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ནས་ལས་ཀ་དོན་འཁྱོལ་བྱེད་པའི་མཐའ་མའི་སྨི་གཅིག་ཤར་བགྲོད་བྱེད་དགོས། མཐུན་སྒྲིལ་གྱི་སེམས་པ་ཡོད་དགོས་ཏེ་ལས་བགོས་ནའང་ཁྱིམ་མི་བགོས་བ་རྒྱུན་འཁྱོངས་བྱེད་པ་དང་། དོན་ཆེན་ལ་རྩ་དོན་དང་དོན་ཆུང་ལ་ཁྱད་ཆོས་བྱེད་ཐུབ་པ་བྱས་ནས་མཐུན་སྒྲིལ་མཉམ་ལས་ཀྱིས་ལས་ཀའི་སྡོམ་ཤུགས་གོང་བུར་འགྲིལ་དགོས།
ཁུལ་ཨུའི་རྒྱུན་ཨུ་དང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གྲོས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི། ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚན་པའི་ཁོངས་མི་བཅས་ཀྱིས་ལས་ཀའི་འགན་འཁྲི་ལ་ཟུང་འབྲེལ་བྱས་ཏེ་རེ་རེ་བཞིན་གཏམ་བཤད་བྱས་ནས་མྱོང་ཚོར་དང་ངོས་འཛིན། བསམ་ཚུལ་བཅས་གླེང་བ་རེད།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
ཁུལ་ཨུ་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚན་པས་ཞིང་ཨུའི་སྐབས་བརྗེ་བྱས་རྗེས་ཀྱི་ཁུལ་(གྲོང་ཁྱེར་)ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་གཅིག་བསྡུས་གླེང་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་སྤེལ།
ལུའོ་ཁྲའོ་ཧྥེང་གིས་ཀྲུང་གོ་དངུལ་ཁང་ཡུན་ནན་ཞིང་ཆེན་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅི། འགོ་འཛིན་ལི་ཞུང་དང་བཅས་པར་ཐུག་འཕྲད་གནང་།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་དང་བཞུགས་མོལ་གྲོས་ཚོགས་འཚོགས་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དོན་དངོས་ཐོག་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་སུ་གྲོང་གསེབ་དར་རྒྱས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
ཁུལ་ཡོངས་ཀྱི་“ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་དེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་བདེ་ཐང་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་“ཡུན་ནན་དུ་བྱེས་སུ་སྡོད་པ་”འཕེལ་རྒྱས་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས།
ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དུ་ཕེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད་སློབ་གླིང་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་ཀར་བརྟག་ཞིབ་གནང་།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་12པ་དང་“བདེ་ཆེན་སློབ་ཁང་ཆེན་མོ·འཆད་ཁྲིད་ཐེངས་5པ”སྤེལ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་97པ་འཚོགས།
ལི་ཡན་ལན་གྱིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108