ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་དང་བཞུགས་མོལ་གྲོས་ཚོགས་འཚོགས་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དོན་དངོས་ཐོག་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་སུ་གྲོང་གསེབ་དར་རྒྱས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏ་པེ་ནུང་མའེ་ཁང་ཞིན་གཟན་ཆག་ཚད་ཡོད་ཀུང་སི་རུ་ཁེ་ལས་ཀྱི་གཉེར་སྐྱོང་བྱས་ཚུལ་དང་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་ལ་བརྟག་ཞིབ་དང་རྒྱུས་ལོན་བྱས།
ཟླ་10པའི་ཚེས་20ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་དུ་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་བྱས་ཚུལ་ལ་བརྟག་ཞིབ་གནང་སྟེ། ཐོན་ལས་རྟེན་གཞི་དང་གྲོང་ཚོའི་ཞིང་དུད། གྲོང་ཚོ་ཨུ་ལྷན་བཅས་སུ་ཡུལ་དངོས་མཚམས་འདྲི་བྱས་ནས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དང་ཐོན་ལས་དམངས་ཕྱུག གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་པའོ་ཧྥུ་འབྲེལ་ཡོད་བརྟག་ཞིབ་ནང་ཞུགས།

ལུའོ་ཁྲའོ་ཧྥེང་གིས་ཅིན་ཅང་གྲོང་རྡལ་ཝུའུ་ཀྲུའུ་གྲོང་ཚོའི་ཏུའེ་མན་ཚོགས་ཆུང་བདུན་པའི་གྲོང་མི་དང་སྤེལ་རེས་ཟབ་མོ་བྱས་ཏེ་འཕེལ་རྒྱས་ཀྱི་དགོས་གཏུག་ཉན་པ་དང་རོགས་སྐྱོར་བྱ་ཐབས་མཉམ་གྲོས་བྱས།
ལུའོ་ཁྲའོ་ཧྥེང་དང་བཅས་པས་སྔ་རྗེས་སུ་ཅིན་ཅང་གྲོང་རྡལ་ཞིང་ཝུན་གྲོང་ཚོ་ཨུ་ལྷན་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཏ་པེ་ནུང་མའེ་ཁང་ཞིན་གཟན་ཆག་ཚད་ཡོད་ཀུང་སི། ཝུའུ་ཀྲུའུ་གྲོང་ཚོའི་ཏུའེ་མན་ཚོགས་ཆུང་བདུན་པའི་ཞིང་དུད་ཁྱིམ་ཚང་། བདེ་ཆེན་ཤར་གྲོང་སྐྱེ་ཁམས་གསོ་སྤེལ་ཚད་ཡོད་ཀུང་སི་བཅས་སུ་བརྟག་ཞིབ་གནང་ནས། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱས་ཚུལ་དང་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་སྐུལ་ཁྲིད། རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་བྱས་ཚུལ། གྲོང་ཚོར་བཅའ་སྡོད་རོགས་སྐྱོར་ལས་དོན་འཁོར་སྐྱོད་བྱས་ཚུལ། གྲོང་ཚོ་གཅིག་མཐུན་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཚགས་བྱས་ཏེ། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས། ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་ཟབ་མོ་བྱས་ནས། འཕེལ་རྒྱས་ཀྱི་དགོས་གཏུག་ཉན་པ་དང་རོགས་སྐྱོར་བྱ་ཐབས་མཉམ་གྲོས་བྱས།

ལུའོ་ཁྲའོ་ཧྥེང་གིས་ཅིན་ཅང་གྲོང་རྡལ་སྲིད་གཞུང་དུ་བཞུགས་མོལ་གྲོས་ཚོགས་གཙོ་སྐྱོང་གནང་ནས་འཚོགས།
ལུའོ་ཁྲའོ་ཧྥེང་གིས་ནན་གསུང་གནང་དོན། “ཐོན་ལས་དར་རྒྱས་དང་སྐྱེ་ཁམས་འཚོ་སྡོད་དང་འཚམ་པ། ཡུལ་སྲོལ་ཤེས་དཔལ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་སྤྱིའི་བླང་བྱར་དམིགས་ནས། ཅིན་ཅང་གྲོང་རྡལ་གྱི་ཐོན་ཁུངས་ལེགས་ཆ་དང་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ། ཁྱད་ལྡན་འདེབས་གསོའི་ལས་རིགས་སྟོབས་ཆེར་གཏོང་བ་དང་། ཐོན་ལས་ཀྱི་སྦྲེལ་ཐག་རྒྱ་སྐྱེད་གཏོང་བ། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་བཅས་བྱས་ནས། ཐོན་ལས་ཀྱི་རིན་ཐང་འཕར་བ་དང་ཁེ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ། མང་ཚོགས་ཀྱི་འབབ་འཕར་བཅས་ལ་སྐུལ་འདེད་གཏོང་དགོས། སྣེ་འདྲེན་ཁེ་ལས་ཀྱི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས།མང་ཚོགས་དེ་བས་མང་པོ་ཐོན་ལས་འཁོར་འབྲེལ་ནང་ཞུགས་པ་དང་གནས་ཐང་འཕར་བའི་ཕན་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་སྲིད་ཇུས་གང་ལེགས་སྤྱོད་པ་དང་། རོགས་སྐྱོར་གྱི་འགན་འཁྲི་ནན་དུ་གཏོང་བ། རྗེས་སྙེག་ཕན་འབྲས་འདྲི་རྩད་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། གཞི་ཁྱོན་རང་བཞིན་གྱི་དབུལ་པོ་བསྐྱར་ལོག་གི་མཐའ་ཚད་བརྟན་པོ་མཐའ་གཅིག་ཏུ་སྲུང་དགོས། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་མུ་མཐུད་སྟོབས་ཆེར་གཏོང་བ་དང་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ། ཡུལ་བབ་དང་བསྟུན་ནས་གྲོང་གསེབ་ཀྱི་ཐོན་ཁུངས་གང་འགབ་ཅི་སྤྱོད་བཅས་བྱས་ནས། གྲོང་ཚོ་རིམ་པས་མང་ཚོགས་ལ་རྩ་འཛུགས་བྱས་ཏེ་ཞབས་འདེགས་ཞུ་བའི་ནུས་པ་དང་གཏིང་ཤུགས་ཆེ་རུ་གཏོང་དགོས། མང་ཚོགས་ཀྱི་གནས་བབ་མཐའ་འཁྱོངས་དང་མང་ཚོགས་ཀྱི་ནང་གནས་སྒུལ་ཤུགས་སྐུལ་སློང་གང་ལེགས་བྱས་ཏེ། མང་ཚོགས་ཀྱིས་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་མཛེས་སྡུག་ལྡན་པའི་འཚོ་བ་གཏོད་རྒྱུར་ཁྲིད་སྟོན་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་ནན་གསུང་གནང་དོན། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ནི་ཡུན་རིང་གི་ལས་འགན་ཞིག་ཡིན་པས་ངེས་པར་དུ་སྙིང་རུས་གཏན་འཁྱོངས་དང་ལེགས་སྒྲུབ་བྱེད་དགོས། རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་དང་“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོ་གཏིང་ཟབ་སྤེལ་ནས། མང་ཚོགས་ཀྱི་སེམས་ཁྲལ་ཆེ་བའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་སྟེ། ཏང་འཛུགས་སྐྱོང་ལ་དམ་འཛིན་བྱས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། གཞི་རིམ་བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་དོན་ཏན་ཏིག་བསྒྲུབས་ནས། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། “ས་འགུལ་ལ་ངེས་པར་དུ་འཆར་འགོད་ཡོད་པ་དང་ས་འགུལ་ལ་ངེས་པར་དུ་ཞིབ་མཆན་འགོད་དགོས་པའི”བླང་བྱ་དོན་འཁྱོལ་ནན་པོ་བྱས་ཏེ། གྲོང་གསེབ་ཀྱི་རྣམ་པར་དོ་དམ་ཚོད་འཛིན་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་གྲོང་གསེབ་ཀྱི་གདོད་མའི་རྣམ་པ་སྲུང་སྐྱོང་ཡག་པོ་བྱེད་དགོས། རང་འགུལ་ངང་སྔོན་ལ་ཞབས་འདེགས་ཞུ་བ་དང་། གནད་སྨིན་ངང་ཁེ་ལས་ཀྱི་དཀའ་ངལ་སེལ་བ། ཁེ་ལས་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་རོགས་སྐྱོར་ལ་བརྟེན་ནས་ཅིན་ཅང་གྲོང་རྡལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན། རོགས་སྐྱོར་ལས་བྱེད་པས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་བླང་བྱ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་ནས། གཞི་རིམ་བཅོས་སྐྱོང་སྲིད་ཇུས་ཀྱི་གཏན་འབེབས་ཁོང་དུ་ཆུད་པ། ཕྱོགས་ཡོངས་ནས་གྲོང་ཚོའི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་རྒྱུས་ལོན་བྱས་ཏེ་གནས་ཚུལ་ཁ་གསལ་བཟོ་དགོས། གྲོང་ཚོ་དང་དུད་ཚང་དུ་བསྐྱོད་པར་མཐའ་འཁྱོངས་བྱས་ནས་སྲིད་ཇུས་དོན་འཁྱོལ་གྱི་“མཐའ་མའི་འགག་གནད”བསལ་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་གྲུབ་འབྲས་ཕྱོགས་སྟོན་དུ་འཛིན་པར་མཐའ་འཁྱོངས་བྱས་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བ་དང་མང་ཚོགས་ལ་ཕན་པ་ཐོབ་རྒྱུར་སྐུལ་འདེད་གཏོང་དགོས། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་དོ་དམ་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ཏེ། དེའི་སྲིད་ཇུས་དྲིལ་བསྒྲགས་དང་། ཐོན་ལས་འཕེལ་རྒྱས། གཞི་རིམ་བཅོས་སྐྱོང་སོགས་ཐད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། རོགས་སྐྱོར་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་ཕན་འབྲས་དངོས་སུ་འགྱུར་དགོས།
ཁུལ་གྱི་འགོ་ཁྲིད་དབྱང་ཞུའེ་ཝུན་དང་། ཧོང་ལུང་ཞིན། མ་མུའུ་བརྟག་ཞིབ་ནང་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:达瓦只玛
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་ཁྲིད་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལས་དོན་ལ་བརྟག་ཞིབ་གནང་བ་དང་བཞུགས་མོལ་གྲོས་ཚོགས་འཚོགས་ནས་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་དོན་དངོས་ཐོག་དམ་འཛིན་བྱས་ཏེ་ཕྱོགས་ཡོངས་སུ་གྲོང་གསེབ་དར་རྒྱས་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
ཁུལ་ཡོངས་ཀྱི་“ཁྲི་སྟོང་ལས་གྲྭའི་”ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱེད་དེ་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་བཅོས་དང་བདེ་ཐང་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་“ཡུན་ནན་དུ་བྱེས་སུ་སྡོད་པ་”འཕེལ་རྒྱས་ལས་ཀའི་སྐུལ་སྤེལ་ཚོགས་འདུ་འཚོགས།
ལུའོ་ཁྲའོ་ཧྥེང་སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་དུ་ཕེབས་ནས་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་དགོངས་དོན་སྒྲོག་འགྲེལ་གནང་བ་མ་ཟད་སློབ་གླིང་འཛུགས་སྐྲུན་གྱི་འབྲེལ་ཡོད་ལས་ཀར་བརྟག་ཞིབ་གནང་།
ཁུལ་ཨུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གི་2026ལོའི་གཅིག་བསྡུས་སློབ་སྦྱོང་ཐེངས་12པ་དང་“བདེ་ཆེན་སློབ་ཁང་ཆེན་མོ·འཆད་ཁྲིད་ཐེངས་5པ”སྤེལ།
ཁུལ་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་ཐེངས་97པ་འཚོགས།
ལི་ཡན་ལན་གྱིས་བདེ་ཆེན་ཁུལ་སློབ་འབྲིང་དང་པོར་བརྟག་ཞིབ་གནང་བ་དང་བསམ་བློ་ཆབ་སྲིད་སློབ་ཚན་ཁྲིད་པ།
སྐབས་བཅུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་ཐེངས་2པ་འཚོགས།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སན་པ་ཤང་ཧྭ་པ་གྲོང་ཚོར་བརྟག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཚན་རིག་དང་མཐུན་པའི་སྒོས་འཆར་འགོད་སྣེ་ཁྲིད་དུ་བྱས་ཏེ་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་རིམ་སྤར་མྱུར་དུ་བཏང་ནས་ཡུལ་སྐོར་ཐོན་ལས་ཚད་ལྡན་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་བྱུང་བར་སྐུལ་འདེད་གཏོང་དགོས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108