中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

སྒུལ་འཁོར་གྱིས“ཐག་རིང”ཇེ་ཐུང་དུ་བཏང་ནས་གྲོང་གསེབ་ཀྱི་དམངས་སྲོལ་གནས་ཚང་སྐུལ་ཁྲིད་བྱས། ——སེམས་ཀྱི་ཉི་ཟླ་ཨ་ཅག་བདག་རྩྭ་ཐང་དམངས་སྲོལ་གནས་ཚང་གི་ཕྱུག་འགྱུར་ཐབས་ལམ་དང་རང་བྱུང་འཚོ་གནས་ཀྱི་གཏམ་རྒྱུད།

ཁྱབ་བསྒྲགས་དུས་ཚོད་:2026-08-20 15:18:12
 ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་ཐོག་མེ་འཁོར་ཤར་གཏོང་ཐུབ་པ་དང་བསྟུན་ནས་དེ་སྔ་ས་བབ་མཐོ་བ་དང་འགྲིམ་འགྲུལ་སྟབས་བདེ་མེད་པའི་སེམས་ཀྱི་ཉི་ཟླ་“ཐག་རིང”དུ་གྱུར་མེད། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་ཞི་བདེ་གྲོང་ཚོའི་ཀྱོག་མཐར་གྲོང་མི་ཚོ་ཆུང་དུ་ཁྱོན་མ་དངུལ་སྒོར་ཁྲི་200ལྷག་ཙམ་བཏང་བའི་བོད་ལུགས་དམངས་སྲོལ་གནས་ཚང་ཞིག་ཡོད་པ་སྟེ། དེ་ནི་ཨ་ཅག་བདག་རྩྭ་ཐང་དམངས་སྲོལ་་ཡིན་ལ་་འདིས་སྒུལ་འཁོར་ཤར་གཏོང་ཐུབ་པ་ལས་འགྲུལ་བ་མང་པོ་ཡོང་བའི་ཆ་རྐྱེན་གྱི་དགེ་མཚན་ལ་བརྟེན་ནས་ཡུལ་སྐོར་བས་“སེམས་ཀྱི་ཉི་ཟླ”འཚོལ་རྟོགས་བྱེད་པའི་ས་ཚིགས་གལ་ཆེན་ཞིག་ཏུ་གྱུར་ཡོད།

ཀྱོག་མཐར་གྲོང་མི་ཚོ་ཆུང་དུ་བསྐྱོད་པ་ན། བོད་ལུགས་ཤིང་བཟོའི་འཛུགས་སྐྲུན་གསར་རྐྱང་ཞིག་རྩྭ་ཐང་དང་རི་སྔོན་གྱི་རྒྱན་སྤྲས་འོག་དེ་བས་མངོན་གསལ་དོད་པོ་ཡོད་པ་དང་།དེ་ནི་བཀྲ་ཤིས་རྣམ་རྒྱལ་གྱིས་སེམས་ནུས་ཡོད་རྒུ་བཏོན་པའི་ཨ་ཅག་བདག་རྩྭ་ཐང་དམངས་སྲོལ་་རེད། ཡུལ་སྐོར་བར་སྤུས་ཚད་མཐོ་བའི་ཞག་སྡོད་ཁོར་ཡུག་མཁོ་འདོན་བྱ་ཆེད། བཀྲ་ཤིས་རྣམ་རྒྱལ་གྱིས་མ་དངུལ་སྒོར་ཁྲི་200ལྷག་ཙམ་བཏང་ནས་2023ལོར་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་། ལོ་གཅིག་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་2024ལོར་དངོས་སུ་སྒོ་ཕྱེ་ནས་ཡུལ་སྐོར་བར་བསུ་བ་ཞུས་པ་རེད། ཁྱིམ་མི་ཚང་མའི་སེམས་ནུས་གཅིག་ཏུ་སྒྲིལ་བའི་མིག་འདུན་གྱི་སྒོ་ར་དེར་ལྟ་བཞིན་བཀྲ་ཤིས་རྣམ་རྒྱལ་གྱི་སེམས་ལ་མྱོང་ཚོར་ཟབ་མོ་བྱུང་བ་སྟེ། “དེ་སྔ་གྲོང་ཚོའི་ནང་ཆ་རྐྱེན་ཞན་པ་དང་ཡུལ་སྐོར་བ་ཉུང་ཉུང་རེད། ད་ཆ་བགྲོད་ལམ་ཤར་གཏོང་ཐུབ་པ་མ་ཟད་སྒུལ་འཁོར་ཡང་ཤར་གཏོང་ཐུབ་ཡོད། ང་ཚོས་ཉམས་ལེན་ཡག་ཤོས་དེ་ཐག་རིང་གི་སྐུ་མགྲོན་ཚོར་སྤྲོད་ཀྱི་ཡིན། དམངས་སྲོལ་དེ་ནི་བཀྲ་ཤིས་རྣམ་རྒྱལ་ཁྱིམ་ཚང་གང་བོའི་ཐོན་ལས་ཤིག་ཡིན་པ་མ་ཟད།གྲོང་མི་ཚོ་ཆུང་དེའི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་བསྡུས་རིས་ཤིག་ཀྱང་རེད།

ཞོགས་པར་བཀྲ་ཤིས་རྣམ་རྒྱལ་གྱིས་ངོ་སྤྲོད་བྱེད་དོན། མིག་སྔར་དམངས་སྲོལ་་གི་མངགས་ཐོ་གཙོ་བོ་དྲ་ཐོག་ནས་མངགས་ཉོ་བྱེད་པའི་ལས་སྟེགས་ནས་ཡོང་གི་ཡོད། སྒུལ་འཁོར་ཤར་གཏོང་ཐུབ་རྗེས་ཡུལ་སྐོར་བ་འབྱོར་བའི་དུས་ཚོད་ཧ་ཅང་ཐུང་དུ་ཕྱིན་ནས་ཞིང་ཆེན་ཕྱི་ནང་གི་འགྲུལ་ཁུངས་གྲུབ་ཆར་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་ཡོད། ཡུན་ནན་གྱི་ས་གནས་འདི་ག་དང་དེ་བཞིན་མཐའ་འཁོར་ས་ཁུལ་གྱི་ཡུལ་སྐོར་བ་ཕུད་ཀོང་ཏུང་དང་ཧྲང་ཧའེ་སོགས་ཞིང་ཆེན་ནས་ཡོང་བའི་མངགས་ཉོའི་གྲངས་འབོར་རྒྱུན་མཐུད་ངང་འཕར་ཡོད་ཟེར། གསར་འགོད་པས་བཅར་འདྲི་བྱེད་པའི་ཉིན་དེར་ཁུན་མིང་ནས་ཡོང་བའི་འགྲུལ་པ་ཁྱུ་གཅིག་གིས་སྔ་སྣུར་དུ་དྲ་ཐོག་ནས་ཁང་པ་མངགས་ཉོ་བྱས་པ་དང་ཞོགས་པ་སྔ་པོ་ནས་རེ་སྒུག་ཆེན་པོ་བྱེད་བཞིན་དུ་དམངས་སྲོལ་གནས་ཚང་དུ་འབྱོར། “ཕྲུ་གུ་ཁྲིད་དེ་རྩྭ་ཐང་དུ་རྩེད་མོ་རྩེ་བར་ཡོང་བ་དང་ཞོར་དུ་ཤ་མོ་འཐུ་བའི་སྤྲོ་སྣང་ཉམས་སུ་མྱོང་ཆེད་ཡིན། ལྷག་པར་དྲ་ཐོག་གི་དཔྱད་འཇོག་ལས་ང་ཚོ་སེམས་འགུལ་ཆེན་པོ་ཐེབས་བྱུང་། ”ཅེས་ཁྱིམ་བདག་ཞིག་གིས་གད་མོ་དགོད་བཞིན་བཤད་བྱུང་།

ཞོགས་པར། ཆར་བ་བབས་རྗེས་ཀྱི་སེམས་ཀྱི་ཉི་ཟླའི་མཁའ་དབུགས་ཧ་ཅང་དྭངས་གཙང་ཡིན། ཞོགས་ཟས་བཟས་རྗེས་བཀྲ་ཤིས་རྣམ་རྒྱལ་བཟའ་ཚོ་གཉིས་ཀྱིས་ལམ་སྣེ་འཁྲིད་དེ་ཁུན་མིང་ནས་ཡོང་བའི་སྐུ་མགྲོན་འཁྲིད་ནས་ཡུན་རིང་རེ་སྒུག་བྱས་པའི་“རི་ལ་ཤ་མོ་འཐུ་བར་འགྲོ་བའི”ཡུལ་སྐོར་བྱས།

ཀྱོག་མཐར་གྲོང་མི་ཚོ་ཆུང་གི་རི་ནི་གྲོང་ཚོ་དང་ཐག་ཉེ་བས་རྐང་ཐང་མར་སྐར་མ་10ཙམ་བསྐྱོད་རྗེས་རི་གཤམ་དུ་འབྱོར་ཐུབ། ཆར་བ་བབས་རྗེས་ཀྱི་རི་ལམ་ནི་རློན་པ་ཡིན་མོདམའོན་ཀྱང་ཚང་མའི་སྤྲོ་སྣང་ཅུང་ཙམ་ཡང་ཡལ་མེད། མི་དེ་དག་གིས་ལག་ཏུ་དབྱུག་པ་བཟུང་ནས་བརླན་གཤེར་ལྡན་པའི་རྩྭ་གསེབ་དང་ལོ་མ་གཏོར་ནས་རང་བྱུང་ཁམས་ཀྱི་ལེགས་སྐྱེས་འཚོལ་བཞིན་ཡོད།

ཨ་ཙི། ངས་རྙེད་བྱུང་། འདི་ན་ཤ་མོ་ཆེ་ཞིག་འདུག དྭངས་ཤིང་གཙང་བའི་བྱིས་པའི་སྐད་སྒྲ་དང་བསྟུན་ནས་ནགས་རིའི་ཁྲོད་དུ་གློ་བུར་སྤྲོ་སྣང་རབ་ཏུ་འཁོལ་བྱུང་། བྱིས་པ་ཆུང་ཆུང་ཞིག་གིས་དགའ་སྤྲོའི་ངང་ལག་ཏུ་ཤ་མོ་བཟུང་ནས་གདོང་ལ་གྲུབ་འབྲས་ཀྱི་ཚོར་བས་ཁེངས་འདུག དེ་རྗེས་གསོམ་སྡོང་གི་འགྲམ་དུ་ཡོད་པའི་སྦྱིན་བདག་མར་ཡང་གསར་རྙེད་ཆེན་པོ་བྱུང་བ་སྟེ་འདི་ན་བེ་ཤ་འདུག་ཅེས་སྐད་བརྒྱབ་བྱུང་། ཁོ་མོས་གཟབ་གཟབ་ངང་ཐང་ཤིང་གི་ལོ་མ་བཀོག་པས་བེ་ཤ་རྒྱགས་པ་ཞིག་ཐོན། དེ་མ་ཐག་ཚང་མའི་“ནོར་བུ་འཚོལ་བའི”འདུན་པ་འཕེལ་ནས་ཚང་མ་གཅིག་རྗེས་གཉིས་མཐུད་ངང་རུབ་ནས་ལྟ་བར་ཡོང་།

ཆུ་ཚོད་གཅིག་ལྷག་ཙམ་འཚོལ་ཞིབ་ཞིབ་ཚགས་བྱས་པ་བརྒྱུད་ཚང་མའི་སྨྱུག་སླེའི་ནང་རི་སྐྱེས་ཤ་མོ་སོས་པས་ཁེངས་ཡོད། རི་ལ་འཛེགས་ན་དབུགས་ཧལ་ཧལ་དུ་འཚང་བ་དང་། དོར་མའི་སྒབ་ལའང་འདམ་བག་གིས་ཁེངས་མོད། འོན་ཀྱང་མི་རེ་རེའི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་ཤིང་། མྱོང་ཚོར་ཧ་ཅང་ཟབ་མོ་བྱུང་ཡོད།

ཉིན་གུང་གི་དུས་སུ་ལེགས་སྐྱེས་གྱ་ནོམ་པ་ཐོབ་པའི་མགྲོན་པོ་རྣམས་དམངས་སྲོལ་་དུ་ཕྱིར་ལོག ཐབ་ཚང་ནང་ཇ་མས་ཚང་མས་དངོས་སུ་བཏུས་པའི་རི་སྐྱེས་ཤ་མོ་གཡོས་སྦྱོར་བྱས་ནས་བྲོ་བ་ཞིམ་པོའི་བཟའ་བཏུང་ཞིག་ལེགས་འགྲུབ་བྱུང་། གསོལ་ལྕོག་མདུན་དུ་བསྡད་དེ་རང་ཉིད་ཀྱི་ངལ་རྩོལ་གྲུབ་འབྲས་མྱོང་བཞིན་པའི་ཁུན་མིང་གི་ཡུལ་སྐོར་བ་ཡུས་ཅན་གྱིས་“འདི་གར་མཁའ་རླུང་གཙང་ལ་ཁོར་ཡུག་མཛེས་པས་ཧ་ཅང་སྐྱིད་པོ་འདུག ང་ཚོས་ད་དུང་རི་འཛེགས་ལུས་སྦྱོང་ཡང་བྱས་པས་ཧ་ཅང་སྤྲོ་སྣང་བྱུང་། དེ་རིང་ད་དུང་བེ་ཤ་རྙེད་བྱུང་། དངོས་གནས་ལུས་སེམས་གཉིས་ལ་ཕན་པ་ཐོབ་བྱུང་། ད་ཐེངས་ཀྱི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་རིན་ཐང་ཡང་མཐོ་རུ་ཕྱིན་སོང་”ཟེར།

ཉིན་བཞིན་ཇེ་མང་དུ་འགྲོ་བའི་མངགས་ཐོ་དང་ཡུལ་སྐོར་བའི་ཚུར་ལན་ལ་དམིགས་ནས་བཀྲ་ཤིས་རྣམ་རྒྱལ་གྱིས་རེས་སྐོར་གསར་པའི་རྒྱས་སྐྲུན་འཆར་འགོད་ལག་ལེན་བསྟར་འགོ་ཚུགས་ཡོད། “གོམ་སྟབས་རྗེས་མར།ང་ཚོས་ཁྱད་ལྡན་ཤིང་ཁང་ཆུང་ཆུང་ཁག་གཅིག་རྒྱས་སྐྲུན་བྱས་ནས་འགྲུལ་བས་བར་ཐག་དེ་བས་ཉེ་བའི་སྒོ་ནས་རྩྭ་ཐང་དང་སྐར་ཚོགས་འཐམ་འཁྱུད་བྱེད་དུ་འཇུག་རྩིས་ཡོད། བཀྲ་ཤིས་རྣམ་རྒྱལ་གྱིས་དམངས་སྲོལ་་གི་རྒྱབ་ཕྱོགས་ཀྱི་རྩྭ་རར་མཛུབ་མོ་བཙུགས་ནས་ངོ་སྤྲོད་བྱས་བྱུང་། དེ་དང་ཆབས་ཅིག ཁོང་གིས་ད་དུང་སྤྲོ་གསེང་དང་མཛེས་ལྗོངས་གཞི་གཅིག་ཏུ་འདུས་པའི་འཚིག་ཇ་ཁང་ཞིག་བསྐྲུན་ནས་ཡུལ་སྐོར་བར་རྟ་བཞོན་པ་དང་ཤ་མོ་འཐུ་རྗེས་དེ་གར་བསྡད་ནས་འཚིག་ཇ་ཕོར་བ་གང་འཐུང་དུ་བཅུག་སྟེ་གངས་རི་དང་སྤྲིན་མཚོའི་འགྱུར་ལྡོག་ལ་ལྟ་ཞིབ་བྱས་ནས་ཉིན་གཅིག་གི་ངལ་དུབ་སེལ་རྒྱུའི་འཆར་གཞི་ཡོད་ཟེར།

འབྲོག་པ་ནས་དམངས་སྲོལ་གནས་ཚང་གི་དོ་དམ་པར་གྱུར་པའི་བཀྲ་ཤིས་རྣམ་རྒྱལ་གྱི་འགྱུར་ལྡོག་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། སྒུལ་འཁོར་གྱིས་ཡུལ་དུས་ཀྱི་བར་ཐག་ཇེ་ཐུང་དུ་བཏང་བ་དང་། ཨ་ཅག་བདག་ལྟ་བུའི་གྲོང་གསེབ་ཀྱི་དམངས་སྲོལ་གནས་ཚང་ལ་ཡུལ་སྐོར་བ་ཞག་སྡོད་ཐུབ་པ་བྱུང་ནས་སྔོ་ཞིང་དྭངས་བའི་རི་ཆུ་ནི་གྲོང་གསེབ་དར་རྒྱས་ཀྱི་གསེར་རི་དངུལ་རིར་དངོས་སུ་གྱུར་ཡོད།

 
 


  • བདེ་ཆེན་གསར་འགྱུར།

སྒུལ་འཁོར་གྱིས“ཐག་རིང”ཇེ་ཐུང་དུ་བཏང་ནས་གྲོང་གསེབ་ཀྱི་དམངས་སྲོལ་གནས་ཚང་སྐུལ་ཁྲིད་བྱས། ——སེམས་ཀྱི་ཉི་ཟླ་ཨ་ཅག་བདག་རྩྭ་ཐང་དམངས་སྲོལ་གནས་ཚང་གི་ཕྱུག་འགྱུར་ཐབས་ལམ་དང་རང་བྱུང་འཚོ་གནས་ཀྱི་གཏམ་རྒྱུད།

རང་ཁུལ་གྱིས་2026ལོར་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་གྱི་ཚོགས་འདུ་འཚོགས།

རང་ཁུལ་གྱིས་ཆེད་དོན་གྲོས་ཚོགས་འཚོགས་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་སྐབས། གསོག་ཚད་བརྟན་པོ་དང་འཕར་ཚད་རྒྱ་ཆེར། སྤུས་ཚད་མཐོར་གཏོང་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས།

ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་སྙན་ཞུ་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མེ་ཏོག་བསུང་ངད་ཕྱོགས་བཞིར་ཁྱབ།

ཡུན་ནན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་བདེ་བླག་ངང་མཇུག་འགྲིལ་བ།  བདེ་ཆེན་ཁུལ་ལ་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་3ཐོབ།

ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། ཡངས་པའི་སྤང་ཐང་གཞི་ལ་མི་སྣ་མང་པོ་འཛོམས་བྱུང་།

“མཐོ་སྒང་འབྲོག་ཁུལ་གྱི་སྐོར་སྐྱོད་མཚན་མོའི་སྒྲོག་འགྲེལ་”སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡང་ཐང་གྲོང་རྡལ་མཉམ་འབྲེལ་གྲོང་ཚོ་དར་ར་ཚོགས་ཆུང་དུ་སྤེལ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com