ལུའོ་ཁྲའོ་ཧྥེང་དང་ལི་ཡན་ལན་གྱིས་སྨན་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་འཐབ་ས་དང་པོའི་སྨན་དོན་ལས་དོན་པར་འཚམས་འདྲི་གནང་ནས་ཁུལ་ཡོངས་ཀྱི་སྨན་དོན་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ།
ཟླ་8ཚེས་19ཉིན་ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་སོ་སོས་རུ་སྣེ་ཁྲིད་དེ་འཐབ་ས་དང་པོའི་སྨན་དོན་ལས་དོན་པར་འཚམས་འདྲི་གནང་བ་དང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེའི་སྨན་དོན་ལས་དོན་པར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་རེད།

ལུའོ་ཁྲའོ་ཧྥེང་གིས་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་སུ་འཐབ་ས་དང་པོའི་སྨན་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་།
ལུའོ་ཁྲའོ་ཧྥེང་གིས་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་སྡེ་ཁུལ་འཕྲོད་བསྟེན་ཞབས་ཞུའི་ལྟེ་གནས་དང་བདེ་ཆེན་ཁུལ་མི་དམངས་སྨན་ཁང་དུ་འཐབ་ས་དང་པོའི་སྨན་དོན་མི་སྣ་དང་དེ་བཞིན་ཁ་གཏད་རོགས་སྐྱོར་སྨན་བཅོས་རུ་མིའི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བར་ཕེབས་ནས་སྨན་བཅོས་ཞབས་ཞུ་དང་། རིག་གཞུང་ཚན་ཁག་འཛུགས་སྐྱོང་། ཁ་གཏད་རོགས་སྐྱོར་བཅས་དང་དེ་བཞིན་ཁུལ་མི་དམངས་སྨན་ཁང་གི་མྱུར་སྐྱོབ་འཕྲལ་བཅོས་སྨན་རྩལ་ཕྱོགས་བསྡུས་ཐོག་ཁང་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། རྒྱ་ཆེའི་སྨན་དོན་ལས་དོན་པས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་དང་བདེ་ཐང་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་རེད།
ལུའོ་ཁྲའོ་ཧྥེང་གིས་སྨན་དོན་ལས་དོན་པ་ནི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་མཁན་ཞིག་དང་བདེ་ཐང་བདེ་ཆེན་འཛུགས་སྐྲུན་གྱི་གཙོ་ཤུགས་དམག་ཅིག་རེད། ཉེ་བའི་ལོ་ཤས་རིང་ཞིང་ཆེན་ཕྱི་ནང་གི་ཁ་གཏད་རོགས་སྐྱོར་སྨན་ཁང་གི་ཤུགས་ཆེའི་རྒྱབ་སྐྱོར་འོག་དང་ཁུལ་ཡོངས་ཀྱི་སྨན་དོན་ལས་དོན་པའི་ཐུན་མོང་འབད་བརྩོན་འོག་རང་ཁུལ་གྱི་སྨན་བཅོས་ལག་རྩལ་ཆུ་ཚད་དང་སྨན་ཁང་གི་དོ་དམ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཚོས་ཐག་ཉེ་ས་ནས་དེ་བས་སྤུས་ལེགས་ཀྱི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད། རྒྱ་ཆེའི་སྨན་བཅོས་ལས་དོན་པས་སྨན་པའི་ཐོག་མའི་བསམ་འདུན་བརྟན་སྲུང་དང་། བླ་ན་མེད་པའི་སྨན་པའི་ཀུན་སྤྱོད་གསོ་སྐྱོང་། སྨན་བཅོས་ལག་རྩལ་བྱང་ཆུབ་པ། ཞབས་ཞུའི་ནུས་པ་དང་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་བཅས་བྱ་དགོས་པ་དང་། གཞི་རིམ་སྨན་བཅོས་ལས་ཁུངས་ཀྱིས་གཞི་རྩའི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལེགས་པར་ཏན་ཏིག་བསྒྲུབས་ཏེ་མང་ཚོགས་ཀྱིས་ས་ཆ་དེ་རང་དང་ཐག་ཉེ་སར་སྨན་བཅོས་བྱེད་པར་སྟབས་བདེ་བཟོ་བ་དང་། སྨན་པ་བསྟེན་པའི་མ་གནས་ཆུང་དུ་ནུས་ལྡན་བཏང་ནས་"ནད་གཞི་ཆུང་ངུ་གྲོང་ཚོ་ནས་སྨན་བཅོས་ཐུབ་པ་དང་ནད་གཞི་ཚབས་ཆེན་ཁུལ་ནས་སྨན་བཅོས་ཐུབ་པ་"མངོན་འགྱུར་བྱུང་བར་ཧུར་བརྩོན་བྱེད་པ། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྨན་བཅོས་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་ལ་རྒྱུན་མཐུད་ངང་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་པ་དང་སྨན་དོན་ལས་དོན་པར་ཐུགས་ཁུར་དང་གཅེས་སྐྱོང་བྱས་ཏེ་ཚང་མའི་ལས་ཀ་དང་འཚོ་བའི་ཁྲོད་ཀྱི་དངོས་ཡོད་དཀའ་ངལ་ཐག་གཅོད་ཏན་ཏིག་བྱས་ནས་སྨན་བཅོས་འཕྲོད་བསྟེན་དཔུང་ཁག་གི་ལས་སྒྲུབ་ལས་གཏོད་ལ་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཞེས་བསྟན་པ་རེད།

ལི་ཡན་ལན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་འཕྲོད་བསྟེན་ཁང་དུ་འཐབ་ས་དང་པོའི་སྨན་དོན་མི་སྣར་གཟིགས་པ་དང་འཚམས་འདྲི་གནང་།
ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་འཕྲོད་བསྟེན་ཁང་དང་བདེ་ཆེན་ཁུལ་བོད་སྨན་ཁང་དུ་ཕེབས་ནས་སྨན་དོན་མི་སྣ་དང་ཁ་གཏད་རོགས་སྐྱོར་སྨན་བཅོས་རུ་མིའི་འཐུས་མི་དང་སྤེལ་རེས་གཏིང་ཟབ་གནང་བ་དང་ཚན་ཁག་གི་འཕེལ་རྒྱས་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དང་དེ་བཞིན་ཁུལ་བོད་སྨན་ཁང་གིས་རིམ་པ་གསུམ་པའི་མི་རིགས་སྨན་ཁང་དང་བོད་ལུགས་གསོ་རིག་སྨན་རྫས་ཞིབ་འཇུག་གསར་སྤེལ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ནས་གཞི་རིམ་སྨན་བཅོས་སྒྲིག་གཞིས་འཐབ་ས་དང་པོར་གཞི་ཚུགས་པ་དང་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱས་པར་ཐོབ་པའི་ལས་ཀའི་ཕན་འབྲས་ལ་ཁས་ལེན་གནང་བ་རེད། ཁོང་གིས་གཞི་རིམ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་དྲ་མཐིལ་རྒྱུན་མཐུད་ངང་བརྟན་དུ་བཏང་ནས་གཞི་རྩའི་སྨན་བཅོས་དང་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ལེགས་ལ་ཏན་ཏིག་ངང་བསྒྲུབས་ཏེ་མང་ཚོགས་ཐག་ཉེ་སར་སྨན་བཅོས་བྱེད་པའི་ཐོབ་ཚོར་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་ཁ་གཏད་རོགས་སྐྱོར་གྱི་ཐོན་ཁུངས་གང་ལེགས་སྤྱད་དེ་མི་རིགས་ཀྱི་སྨན་བཅོས་ཞབས་ཞུའི་ལེགས་ཆ་རྒྱུན་མཐུད་ངང་ཆེ་རུ་གཏོང་བ་དང་བོད་ལུགས་གསོ་རིག་རྒྱུན་འཛིན་གསར་གཏོད་གཏིང་ཟབ་བྱས་ནས་ཁྱད་ལྡན་ཆེད་ལས་ཚན་ཁག་སྟོབས་ཆེར་གཏོང་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྨན་པར་བརྩི་འཇོག་དང་འཕྲོད་བསྟེན་ལ་མཐོང་ཆེན་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཧུར་ཐག་བཏོད་དེ་སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་གཤམ་སྤེལ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་གཞི་རིམ་གྱི་རྨང་གཞི་བརྟན་དུ་བཏང་ནས་མི་རིགས་ཀྱི་སྨན་རྫས་ཁྱད་ལྡན་སྤུས་རྟགས་གསལ་པོ་ཕྱིས་ཏེ་བདེ་ཐང་བདེ་ཆེན་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད།
ཞུས་ཀོང་ཏེ་དང་། ཧོང་ལུང་ཞིན། ལི་ཐའོ། ཀྲོང་ཞའོ་ཕིང་བཅས་འཚམས་འདྲིའི་ནང་ཞུགས་པ་རེད།
འགན་འཁུར་རྩོམ་སྒྲིག་པ།:江初卓玛
- བདེ་ཆེན་གསར་འགྱུར།
ལུའོ་ཁྲའོ་ཧྥེང་དང་ལི་ཡན་ལན་གྱིས་སྨན་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་འཐབ་ས་དང་པོའི་སྨན་དོན་ལས་དོན་པར་འཚམས་འདྲི་གནང་ནས་ཁུལ་ཡོངས་ཀྱི་སྨན་དོན་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དགུང་ཨ་སྔོན་འོག་ན་ནགས་རི་བརྗིད།
སྒུལ་འཁོར་གྱིས“ཐག་རིང”ཇེ་ཐུང་དུ་བཏང་ནས་གྲོང་གསེབ་ཀྱི་དམངས་སྲོལ་གནས་ཚང་སྐུལ་ཁྲིད་བྱས། ——སེམས་ཀྱི་ཉི་ཟླ་ཨ་ཅག་བདག་རྩྭ་ཐང་དམངས་སྲོལ་གནས་ཚང་གི་ཕྱུག་འགྱུར་ཐབས་ལམ་དང་རང་བྱུང་འཚོ་གནས་ཀྱི་གཏམ་རྒྱུད།
རང་ཁུལ་གྱིས་2026ལོར་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་གྱི་ཚོགས་འདུ་འཚོགས།
རང་ཁུལ་གྱིས་ཆེད་དོན་གྲོས་ཚོགས་འཚོགས་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་སྐབས། གསོག་ཚད་བརྟན་པོ་དང་འཕར་ཚད་རྒྱ་ཆེར། སྤུས་ཚད་མཐོར་གཏོང་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས།
ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་སྙན་ཞུ་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མེ་ཏོག་བསུང་ངད་ཕྱོགས་བཞིར་ཁྱབ།
ཡུན་ནན་ཞིང་ཆེན་གྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བདུན་པ་བདེ་བླག་ངང་མཇུག་འགྲིལ་བ། བདེ་ཆེན་ཁུལ་ལ་གསེར་གྱི་རྟགས་མ་4དང་དངུལ་གྱི་རྟགས་མ་3ཐོབ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108