ལི་ཡན་ལན་གྱིས་རུ་ཁག་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྲ་གཟུགས་སྦགས་རྫས་གཙང་སེལ་དང་དེ་བཞིན་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ།
ཟླ་8པའི་ཚེས་20ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་ཡུལ་དངོས་སུ་སྲ་གཟུགས་སྦགས་རྫས་གཙང་སེལ་དང་དེ་བཞིན་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལ་བརྟག་ཞིབ་གནང་ནས། ཡུལ་དངོས་སུ་གནད་དོན་དག་ཐེར་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་། ལས་ཀའི་བྱ་ཐབས་ཞིབ་ཚགས་བཟོ་བ། ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་བ། ལི་ཡན་ལན་གྱིས། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ་དང་། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། སྲ་གཟུགས་སྦགས་རྫས་བཅོས་སྒྲིག་གི་འགག་རྩའི་དུས་རིམ་ལ་དམ་པོར་དམིགས་ནས། ལས་ཀའི་ཞན་ཆ་ཁ་གསབ་བྱས་པ་དང་།ཡུན་ཕན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་སྟེ། སྲ་གཟུགས་སྦགས་རྫས་ཁག་ཚད་ལྡན་ཅན་གྱི་ཐག་གཅོད་བྱ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ནས། ནུས་ཤུགས་ཡོད་རྒུས་བདེ་ཆེན་གྱི་སྔོ་ལྗང་རི་ཀླུང་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

བརྟག་ཞིབ་ཚོགས་ཆུང་དང་བཅས་པ་བདེ་ཆེན་ཧེང་པའོ་དངོས་ཟོག་བསྐྱར་སྐྱེས་བེད་སྤྱོད་ཚད་ཡོད་འགན་འཁྲི་ཀུང་སིར་ཕེབས་ནས་ཡུལ་དངོས་སུ་བཅར་འདྲི་གནང་བ་རེད།
བརྟག་ཞིབ་ཚོགས་ཆུང་དང་བཅས་པ་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་སྦས་ས་དང་ཨར་སྐྲུན་གད་སྙིགས་གཙང་སེལ་ར་བ། བདེ་ཆེན་ཧྥུང་ཐོའུ་སྐྱེ་དངོས་ཚད་ཡོད་འགན་འཁྲི་ཀུང་སི། བདེ་ཆེན་ཧེང་པའོ་དངོས་ཟོག་བསྐྱར་སྐྱེས་བེད་སྤྱོད་ཚད་ཡོད་འགན་འཁྲི་ཀུང་སི་བཅས་སུ་བསྐྱོད་དེ་ཡུལ་དངོས་སུ་བཅར་འདྲི་བྱས་པ་རེད། འཚོ་བའི་གད་སྙིགས་བསྡུ་འདྲེན་དང་གཙང་སེལ། སྐྱེ་ཁམས་བཅོས་སྐྱོང་། ཨར་སྐྲུན་གད་སྙིགས་སྤུངས་ས། གཙང་སེལ། དོ་དམ་ཚོད་འཛིན། ཞིང་ལས་ཀྱི་གད་སྙིགས་འཁོར་རྒྱུག་བེད་སྤྱོད་དང་བསྡུ་འདྲེན་བྱེད་སྟངས། ཐོན་རྫས་ཁྱབ་གདལ་དང་དེ་བཞིན་སྲ་གཟུགས་སྦགས་རྫས་ཐོན་ཁུངས་ཅན་དུ་བེད་སྤྱོད་བྱས་པ་སོགས་ཀྱི་གནས་ཚུལ་ལ་ཤེས་རྟོགས་ཞིབ་ཕྲ་བྱེད།
བརྟག་ཞིབ་ཚོགས་ཆུང་དང་བཅས་པ་བདེ་ཆེན་ཧྥུང་ཐུའུ་སྐྱེ་དངོས་ཚད་ཡོད་འགན་འཁྲི་ཀུང་སིར་ཕེབས་ནས་ཡུལ་དངོས་སུ་བཅར་འདྲི་གནང་བ་རེད།
ལི་ཡན་ལན་གྱིས་བདེ་ཆེན་ནི་གཙང་གསུམ་མཉམ་རྒྱུག་བྱེད་པའི་འཛམ་གླིང་རང་བྱུང་ཤུལ་བཞག་གི་ལྟེ་བའི་ཁུལ་ཡིན་པ་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་སྲུང་ཡོལ་གལ་ཆེན་ཡིན་པའི་ཆ་ནས། སྲ་གཟུགས་སྦགས་རྫས་བཅོས་སྐྱོང་ལས་དོན་དེ་སྐྱེ་ཁམས་བདེ་འཇགས་དང་དམངས་འཚོའི་བདེ་སྐྱིད། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་ནས། ཐབས་ལམ་མང་བ་དང་ཕྱོགས་ཡོངས་ནས་སྲ་གཟུགས་སྦགས་རྫས་སྦགས་བཙོག་འགོག་བཅོས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་རིགས་དབྱེའི་ཐག་གཅོད་ཤེས་བྱ་ཁྱབ་གདལ་གཏོང་སྟེ། ཁེ་ལས་དང་ཚོང་དུད། མང་ཚོགས་བཅས་ཀྱིས་རང་འགུལ་ངང་ཁོར་ཡུག་སྲུང་སྐྱོང་གི་གཏན་འབེབས་ལ་བརྩི་སྲུང་ཞུ་རྒྱུར་ཁྲིད་སྟོན་བྱས་ནས། མི་ཚང་མ་སྲ་གཟུགས་སྦགས་རྫས་བཅོས་སྐྱོང་ལས་དོན་ནང་ཞུགས་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་རྣམ་པ་བཟང་པོ་ལྟ་སྐྱོང་བྱེད་དགོས། ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས། རྒྱུན་རྣམ་ཅན་གྱི་སྐོར་ཞིབ་དང་གནད་སྨིན་ཅན་གྱི་ཁྲིམས་འཛིན་མཐའ་འཁྱོངས་བྱེད་དེ། སྲ་གཟུགས་སྦགས་རྫས་ཁྲིམས་འགལ་ངང་གཤོ་བ་དང་སྒྲིག་འགལ་ངང་ཐག་གཅོད་བྱེད་པ། ཚད་བརྒལ་ངང་འབུད་གཏོང་བྱེད་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། གནད་དོན་གྲལ་བཤེར་དང་དག་ཐེར། མེད་པ་བཟོ་བ་བཅས་ཀྱི་གདུབ་ཟུམ་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་སྲ་གཟུགས་སྦགས་རྫས་གཙང་སེལ་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་སྒྲིག་ལམ་ཕྱོགས་ཡོངས་ནས་ཚད་ལྡན་དུ་གཏོང་དགོས་ཞེས་ནན་བཤད་གནང་།
ལི་ཡན་ལན་གྱིས་སྡོད་ཁང་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག ཞིང་ལས་གྲོང་གསེབ། གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་གྱི་སྟོབས་ཤུགས་སྤྱི་འདོམས་བྱེད་པ་དང་། ཆེད་དོན་ལས་དོན་གྱི་ཆེད་དོན་ཚན་ཁག་འཛུགས་ནས། ལས་བགོས་ཞིབ་ཚགས་བཟོ་བ་དང་། མཉམ་འགུལ་མཉམ་ལས་བྱེད་པ། དབང་འགན་གསལ་པོ་དང་མཉམ་འཛིན་སྤྱི་སྒྲུབ་ཀྱི་སྲ་གཟུགས་སྦགས་རྫས་བཅོས་སྒྲིག་ལས་དོན་གྱི་རྣམ་པ་བཞེངས་སྐྲུན་བྱས་ནས། སྲ་གཟུགས་སྦགས་རྫས་གྲལ་བཤེར་བཅོས་སྒྲིག་ལས་དོན་ལ་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཁོར་ཡུག་སྲུང་སྐྱོང་གི་ཚད་གཞི་དོན་འཁྱོལ་ནན་པོ་བྱས་ཏེ་ཡང་བསྐྱར་སྦགས་བཙོག་བྱེད་པར་ཚོད་འཛིན་ནན་པོ་བྱས་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་བདེ་འཇགས་དང་ཚད་ལྡན། ཚད་ལོན་བཅས་འགན་ལེན་བྱེད་དགོས། འབྱུང་རྩ་ནས་ཁག་བགོས་དོ་དམ་ཚོད་འཛིན་ལ་དམ་འཛིན་ནན་པོ་བྱེད་དེ། འབྱུང་རྩ་ནས་ཚད་གཞི་ཉུང་གཏོང་དང་རིགས་དབྱེ་བཅོས་སྒྲིག་མཐའ་འཁྱོངས་བྱེད་པ། འཚོ་བ་དང་འཛུགས་སྐྲུན། ཞིང་ལས། བསྐྱར་སྐྱེས་ཐོན་ཁུངས་སོགས་རིགས་མི་འདྲ་བའི་སྲ་གཟུགས་སྦགས་རྫས་ལ་དམིགས་ནས། ཧེ་བག་ཅན་གྱི་ཐག་གཅོད་ཇུས་གཞི་བཟོ་སྟེ། སྲ་གཟུགས་སྦགས་རྫས་གོ་རིམ་མེད་པར་སྤུངས་པ་དང་སྒྲིག་འགལ་ངང་ཐག་གཅོད་བྱེད་པའི་གནད་དོན་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས་ཞེས་ནན་བཤང་གནང་།
ལི་ཐའོ་དང་ཀྲོང་ཞའོ་ཕིང་། ཁུལ་དང་རྫོང་(གྲོང་ཁྱེར)བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བ་བརྟག་ཞིབ་ནང་ཞུགས་པ་རེད།
འགན་འཁུར་རྩོམ་སྒྲིག་པ།:江初卓玛
- བདེ་ཆེན་གསར་འགྱུར།
ལི་ཡན་ལན་གྱིས་རུ་ཁག་ཁྲིད་དེ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཕེབས་ནས་སྲ་གཟུགས་སྦགས་རྫས་གཙང་སེལ་དང་དེ་བཞིན་ཐོན་ཁུངས་ཅན་གྱི་བེད་སྤྱོད་ལས་དོན་ལ་བརྟག་ཞིབ་གནང་བ།
ལུའོ་ཁྲའོ་ཧྥེང་དང་ལི་ཡན་ལན་གྱིས་སྨན་པའི་དུས་ཆེན་འཆར་ཉེར་ཡོད་པའི་སྐབས་སུ་འཐབ་ས་དང་པོའི་སྨན་དོན་ལས་དོན་པར་འཚམས་འདྲི་གནང་ནས་ཁུལ་ཡོངས་ཀྱི་སྨན་དོན་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། དགུང་ཨ་སྔོན་འོག་ན་ནགས་རི་བརྗིད།
སྒུལ་འཁོར་གྱིས“ཐག་རིང”ཇེ་ཐུང་དུ་བཏང་ནས་གྲོང་གསེབ་ཀྱི་དམངས་སྲོལ་གནས་ཚང་སྐུལ་ཁྲིད་བྱས། ——སེམས་ཀྱི་ཉི་ཟླ་ཨ་ཅག་བདག་རྩྭ་ཐང་དམངས་སྲོལ་གནས་ཚང་གི་ཕྱུག་འགྱུར་ཐབས་ལམ་དང་རང་བྱུང་འཚོ་གནས་ཀྱི་གཏམ་རྒྱུད།
རང་ཁུལ་གྱིས་2026ལོར་རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལ་སྐུལ་འདེད་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བའི་ལས་དོན་གྱི་ཚོགས་འདུ་འཚོགས།
རང་ཁུལ་གྱིས་ཆེད་དོན་གྲོས་ཚོགས་འཚོགས་ནས་ཞབས་ཞུའི་ལས་རིགས་འཕེལ་རྒྱས་གཏོང་བའི་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་སྐབས། གསོག་ཚད་བརྟན་པོ་དང་འཕར་ཚད་རྒྱ་ཆེར། སྤུས་ཚད་མཐོར་གཏོང་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་ཞབས་ཞུ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས།
ཁུལ་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་པའི་སྙན་ཞུ་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་འཚོགས་པ།
ཞོགས་པ་བདེ་ལེགས། འཛམ་གླིང་གི་སེམས་ཀྱི་ཉི་ཟླ། མེ་ཏོག་བསུང་ངད་ཕྱོགས་བཞིར་ཁྱབ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108