བདེ་ཆེན་ཁུལ་གྱི་མིག་སྔའི་སྤྱི་ཚོགས་བརྟན་ལྷིང་ལས་དོན་བཀོད་གཏོང་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིགས་སོ་སོའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱས་ནས་“དོན་ཆེན་མི་བྱུང་བ་དང་དོན་ཆུང་ཚོད་འཛིན་ཐུབ་པའི་”ལས་དོན་གྱི་རྣམ་པ་ཡག་པོ་ཁག་ཐེག་བྱེད་དགོས།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས་26ཉིན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཉེ་བའི་སྐབས། བདེ་ཆེན་ཁུལ་གྱིས་མིག་སྔའི་སྤྱི་ཚོགས་བརྟན་ལྷིང་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རྫོང་(གྲོང་ཁྱེར)ཁག་དང་སྡེ་ཚན་ཁག་གིས་ཞིང་ཨུའི་ཉེ་དུས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཡིག་ཆའི་དགོངས་དོན་ནན་ཏན་སྒོས་དོན་འཁྱོལ་བྱེད་དེ་“བསམ་བློ་བརྟན་ལྷིང་དང་ལས་དོན་བརྟན་ལྷིང་རྒྱུན་འཁྱོངས་བྱེད་པ་དང་། བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བཅོས་སྐྱོང་སོགས་གཅིག་འགྱུར་འཆར་འགོད་ཡག་པོ་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡིན་པ་ཁག་ཐེག་བྱེད་དགོས་པའི་”བླང་བྱ་ལྟར། རིགས་སོ་སོའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱེད་པ་དང་རང་ཉིད་ཀྱི་ལས་དོན་གྱི་གཏན་ཁེལ་རང་བཞིན་ལ་བརྟེན་ནས་གནས་བབ་འགྱུར་ལྡོག་གི་ངེས་མེད་རང་བཞིན་ལ་ལན་འདེབས་ནས་“དོན་ཆེན་མི་བྱུང་བ་དང་དོན་ཆུང་ཚོད་འཛིན་ཐུབ་པའི་”ལས་དོན་གྱི་རྣམ་པ་ཡག་པོ་ཁག་ཐེག་བྱེད་དགོས་ལ། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྤྱི་ཡོངས་ལ་རྙོག་དྲ་གཏན་ནས་མི་བཟོ།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཚོགས་འདུ་གཙོ་སྐྱོང་གནང་།
ཚོགས་འདུའི་ཐོག་རྫོང་(གྲོང་ཁྱེར)གསུམ་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་གྱི་སྙན་ཞུ་ཉན་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཁུལ་ཡོངས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གཉིས་པ་ནི་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ཚོགས་འདུ་འདི་གཉིས་ཡག་པོ་འཚོགས་པར་དོན་སྙིང་གལ་ཆེན་ལྡན། བདེ་ཆེན་འདི་ཉིད་བོད་འབྲེལ་ཁུལ་ཡིན་པའི་ཆ་ནས་ལས་དོན་གང་ཡིན་ཡང་ཆབ་སྲིད་ཀྱི་ཐོག་ནས་ལྟ་དགོས་པ་དང་ཆབ་སྲིད་ཀྱི་ཐོག་ནས་སྒྲུབ་དགོས། “དོན་རྐྱེན་བྱུང་མི་སྲིད་དང་དོན་རྐྱེན་བྱུང་མི་ཐུབ་”ཅེས་པའི་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་དེ་“ཐིག་སྒྲིལ་”གྱི་སེམས་ཁམས་དང་“དུས་དང་རྣམ་པ་ཀུན་དུ་སེམས་བདེ་མི་ཐུབ་པའི་”འགན་འཁྲི་འཁུར་སེམས་ལ་བརྟེན་ནས་བརྟན་ལྷིང་སྲུང་སྐྱོང་ལས་དོན་དམ་འཛིན་བྱེད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། དུས་དང་རྣམ་པ་ཀུན་དུ་ཁ་བྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་རྩ་བ་དེ་དམ་པོར་འཛིན་དགོས་ཏེ། “སྔོན་འགོག་”གི་རང་རྟོགས་དམག་འཐབ་དང་“ཐག་གཅོད་”ཀྱི་གྲ་སྒྲིག་དམག་འཐབ་ཡག་པོ་རྒྱག་རྒྱུ་གཙོ་ཐིག་ཏུ་བྱས་ནས་ཆ་འཕྲིན་འཚོལ་སྡུད་ཞིབ་འཇུག་དང་བརྡར་ཤ་གཅོད་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པའི་“13344”ལས་དོན་གྱི་བསམ་བློ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། འབྱུང་རྩ་འགོག་ཟོན་དང་སེལ་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་དང་མངོན་མེད་རྐྱེན་ངན་སྣ་ཚོགས་མཉམ་འགུལ་ཐག་གཅོད་བྱེད་དགོས། འདུ་ཤེས་འཛིན་སྟངས་ལས་དོན་གྱི་རང་འགུལ་དབང་ཆ་ཁོང་དུ་ཆུད་པ་དང་དྲ་ཐོག་སྔོན་ཚུད་ཉེན་བརྡ་ལྟ་ཞིབ་ཚད་ལེན་དང་གླེང་ཕྱོགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་ནས་རང་ཁུལ་གྱི་དྲ་རྒྱའི་བདེ་འཇགས་འགན་ལེན་བྱེད་དགོས། གཙོ་གནད་མི་སྣ་དོ་དམ་ཚོད་འཛིན་ནན་པོ་དང་ཏན་ཏིག་བྱེད་པ་དང་། ལམ་ལུགས་དང་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པ། ལས་དོན་གྱི་སྟོབས་ཤུགས་བེད་སྤྱོད་གང་ལེགས་བྱེད་པ། རྒྱུན་རྣམ་ཅན་དུ་གནད་འཁེལ་གྱི་ཞབས་ཞུའི་དོ་དམ་ཡག་པོ་བྱེད་དགོས། སྤྱི་ཚོགས་ངོས་ཀྱི་བདེ་སྐྱོང་བཀག་སྡོམ་ལ་ཤུགས་སྣོན་རྒྱག་པ་དང་། ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་ཕྱོགས་བསྡུས་ཇུས་འདོན་བྱེད་ཤུགས་ཆེ་རུ་གཏོང་བ། གཙོ་གནད་དངོས་རྫས་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ལྷུ་ཚིགས་ཁག་གི་བདེ་འཇགས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། “ཆགས་སྲེད་དང་རྒྱན་འགྱེད། དུག་རྫས་”དང་། “རྐུ་འཕྲོག་གཡོ་ཁྲམ ” “ཟས་སྨན་ཁོར་ཡུག་”སོགས་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་ནན་པོ་བྱེད་པ། གློག་འཕྲིན་ཁ་བསླུས་ལ་རྡུང་རྡེབ་དང་འགོག་ཟོན་བྱེད་ཤུགས་ཆེར་བཏང་སྟེ་མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་དང་ཡིད་ཚིམ་ཚད་གོང་དུ་གཏོང་དགོས། བདེ་འཇགས་ཐོན་སྐྱེད་དང་གནོད་འགོག་གནོད་འཕྲི་གནོད་སྐྱོབ་ལས་དོན་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱས་ཏེ། “ལས་རིགས་དོ་དམ་བྱེད་པར་ངེས་པར་དུ་བདེ་འཇགས་དོ་དམ་བྱེད་དགོས”ཞེས་པའི་བླང་བྱ་དོན་འཁྱོལ་ནན་པོ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལས་ཡུལ་ལ་དོ་གནད་བྱེད་དེ་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ། ལྟ་སྐུལ་དོ་དམ་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་གཏོང་བ། ཆར་གངས་འཁྱགས་འགོག་ཟོན་དང་། ནགས་ཚལ་དང་རྩྭ་ཐང་མེ་སྐྱོན་སྔོན་འགོག དམངས་ཁང་མེ་སྐྱོན་བྱུང་བ། འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་སོགས་ཀྱི་ལས་དོན་ཁག་ལེགས་པར་བསྒྲུབས་ཏེ། དོན་རྐྱེན་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་མི་བྱུང་བའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། ས་ཡོམ་གནོད་འཚེ་ཡི“123”མྱུར་དུ་དང་ལེན་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ་དང་། འཕྲལ་སྡོམ་རོགས་སྐྱོབ་དཔུང་ཁག་སྟོབས་ཆེར་འཛུགས་པ། གེགས་སེལ་དངོས་ཟོག་འདང་ངེས་གྲ་སྒྲིག་བཅས་བྱས་ནས་གནོད་འགོག་གནོད་འཕྲི་གནོད་སྐྱོབ་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་དགོས།
གྲོས་ཚོགས་ཐོག་ནན་བཤད་བྱས་དོན། དུས་ཚིགས་བཞི་པའི་ལས་དོན་ལ་དམ་འཛིན་ཏན་ཏིག་བྱེད་དེ་ལོ་ཧྲིལ་པོའི་དམིསག་འབེན་ལ་དམིགས་ནས་ཆད་འཛོལ་ཞིབ་བཤེར་དང་སྐྱོན་ཆ་ཁ་གསབ་བྱེད་པ་དང་། གནད་དོན་ལ་དབྱེ་ཞིབ་དང་བྱ་ཐབས་ཞིབ་ཕྲ་བཟོས་ནས་དཔལ་འབྱོར་དམིགས་ཚད་བརྟན་པོའི་ངང་འཕར་བར་སྐུལ་འདེད་གཏོང་བ་དང་“ལོ་ལྔ་ཚན་བཅོ་ལྔ་པ་”འགོ་ཡག་པོ་ཚུགས་པ་དང་གོམ་པ་ཡག་པོ་སྤོ་བར་ཁག་ཐེག་བྱེད་དགོས།
ཚོགས་འདུ་དེ་བརྙན་ལམ་གྱི་ཚུལ་ནས་རྫོང་(གྲོང་ཁྱེར་)ཁག་ཏུ་འཚོགས། ཞུས་ཀོང་ཏེ་དང་ལུའུ་ཀྲི་ཅུན། མ་མུའུ། མ་གོ་ཀྲུང་། ཏོ་རུའུ་ཀྲུའུ། ཁྲེན་ཚུང་། ལིའུ་ཐེན་མིང་། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས། ཧོང་ལུང་ཞིན་གྱིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡན་ལག་ཚོགས་རར་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་གྱི་མིག་སྔའི་སྤྱི་ཚོགས་བརྟན་ལྷིང་ལས་དོན་བཀོད་གཏོང་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིགས་སོ་སོའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱས་ནས་“དོན་ཆེན་མི་བྱུང་བ་དང་དོན་ཆུང་ཚོད་འཛིན་ཐུབ་པའི་”ལས་དོན་གྱི་རྣམ་པ་ཡག་པོ་ཁག་ཐེག་བྱེད་དགོས།
རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་ལྷ་ས་ནས་མཇུག་བསྒྲིལ་བ།
ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་འབྲེལ་ཡོད་ལས་དོན་སྙན་སེང་འབྲེལ་མཐུད་བྱས་ པར་བསྐྱོད་པ།
ཁུལ་ཨུ་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་3པ་འཚོཊ།
ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་བྱས་པའི་ལྟ་སྐོར་སློབ་སྦྱོང་བྱེད་སྒོར་ཞུགས།
ཁུལ་རིམ་པའི་ཚན་ཁག་བཞིའི་འགོ་ཁྲིད་ཁོར་ཡུག་འཕྲོད་བསྟེན་ཞིབ་བཤེར་དང་གད་སྙིགས་གཙང་སེལ་བྱས་པའི་བྱེད་སྒོ་ནང་ཞུགས།
ཁུལ་ཨུ་ཁུལ་སྲིད་གཞུང་གི་འགོ་ཁྲིད་ཚན་པས་ཞིང་ཨུའི་སྐབས་བརྗེ་བྱས་རྗེས་ཀྱི་ཁུལ་(གྲོང་ཁྱེར་)ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོའི་གཅིག་བསྡུས་གླེང་མོལ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་སློབ་སྦྱོང་དང་ཞིབ་འཇུག་གྲོས་བསྡུར་སྤེལ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108