中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།

རྩོམ་པ་པོ་:何雨桐 李晓东 ཁྱབ་བསྒྲགས་དུས་ཚོད་:2026-10-27 16:58:35

ཟླ་10པའི་ཚེས་26ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱེད་པའི་ལས་དོན་སྤེལ་ནས། ངོ་ཐུག་གདོང་འཕྲད་ཀྱིས་མང་ཚོགས་ཀྱི་ཞུ་རེ་ཉན་ནས། ཡུལ་དངོས་སུ་འབྲེལ་ཡོད་གནད་དོན་ཞིབ་འཇུག་ཐག་གཅོད་བྱས། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མི་དམངས་ཀྱི་ཡིག་བསྐུར་ངོ་བཅར་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་སུ་ཡག་པོ་སྐྱོད་པ་དང་། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ནས། ཧུར་ཐག་ངང་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པ་དང་དཀའ་གནད་སེལ་རོགས་བྱེད་དགོས་ཞེས་ནན་གསུང་གནང་།

  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཡིག་བསྐུར་ངོ་བཅར་ཅུས་ཀྱི་སྣེ་ལེན་ཚོམས་ཆེན་དུ། ལུའོ་ཁྲའོ་ཧྥེང་གིས་འབྲེལ་ཡོད་གནས་ཚུལ་འདྲི་རྩད་ནན་ཏན་བྱས་པ་དང་། ངོ་བཅར་དུ་ཡོང་བའི་མང་ཚོགས་ཀྱིས་བཏོན་པའི་གནད་དོན་དང་རེ་ཞུ་ཤེས་རྟོགས་ཞིབ་ཕྲ་བྱས་པ། ཁོངས་གཏོགས་ས་ཆ་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་མཉམ་དུ་ཐག་གཅོད་བྱས་ཏེ། ཐག་གཅོད་བྱེད་ཐབས་དང་སྒྲུབ་ཡུན་རེ་རེ་བཞིན་གསལ་པོ་བཟོ་བ་མ་ཟད། ཁོངས་གཏོགས་ཁུལ་དང་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ནན་དུ་གཏོང་བ་དང་། རྗེས་འདེད་ལྟ་སྐུལ་སྒྲུབ་གཉེར་བྱེད་པ། གཅིག་ཤེས་ཀུན་གྲོལ་བྱས་པ། ཕྱོགས་ཡོངས་ནས་གསེད་བཀྲོལ་བཅས་བྱས་ཏེ་གྱོད་གཞི་སྒྲུབ་གཉེར་བྱེད་རིང་ཐུན་མོང་རང་བཞིན་གྱི་གནད་དོན་འཚོལ་བ་དང་ཡོངས་ཁྱབ་ཀྱི་ཆོས་ཉིད་ཁོང་དུ་ཆུད་ནས། རིགས་གཅིག་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་རྒྱུར་སྐུལ་འདེད་གཏོང་སྟེ། རྒྱུན་ཆད་མེད་པར་ཡིག་བསྐུར་ངོ་བཅར་ལས་དོན་གྱི་རྒྱང་ལྟའི་རང་བཞིན་དང་བརྒྱུད་རིམ་རང་བཞིན། དམིགས་སའི་རང་བཞིན་བཅས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན།

ལུའོ་ཁྲའོ་ཧྥེང་གིས་ཡིག་བསྐུར་ངོ་བཅར་ལས་དོན་ནི་ཏང་གི་མང་ཚོགས་ལས་དོན་གྱི་གྲུབ་ཆ་གལ་ཆེན་ཞིག་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་ཤེས་རྟོགས་བྱེད་པའི་སྒེའུ་ཁུང་གལ་ཆེན་ཞིག་ཡིན། ཡིག་བསྐུར་ངོ་བཅར་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ་དང་། “དོན་ཐོག་ཏུ་འཁྱོལ་བ་གསུམ་དང་ཐག་གཅོད་གཅིག”གི་ལས་ཀའི་བླང་བྱ་མཐའ་འཁྱོངས་བྱས་ཏེ། ལུགས་མཐུན་རེ་ཞུ་ཁྲིམས་དང་སྒྲིག་སྲོལ་ལྟར་ཐག་གཅོད་གནད་ལ་འཁེལ་བ་དང་། སྲིད་ཇུས་ཀྱི་དོགས་གནད་ཐད་ཀར་འགྲེལ་བཤད་དང་གསལ་བཤད་གནད་ལ་འཁེལ་བ། བསམ་བློའི་བློ་ཁ་གནད་ལ་འཁེལ་བ་བཅས་བྱས་ནས། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། “གཞི་རིམ་དུ་སླེབས་པ་བཞིའི”སྤྱོད་ཚུལ་བཟང་པོ་དར་སྤེལ་ཤུགས་ཆེན་གཏོང་སྟེ། མང་ཚོགས་ཀྱིས་ངོ་བཅར་བྱེད་པ་དེ་ལས་བྱེད་པ་གཞི་རིམ་དུ་སྐྱོད་པར་འགྱུར་ནས། གཞི་རིམ་གྱི་ལས་ཡུལ་དང་པོར་བསྐྱོད་དེ་དམངས་ཀྱི་སེམས་གཏམ་ཉན་པ་དང་། དམངས་ཀྱི་གནས་ཚུལ་རྟོག་ཞིབ་བྱེད་པ། དམངས་ཀྱི་སེམས་ཁྲལ་སེལ་བ་བཅས་བྱས་ནས། རང་འགུལ་ངང་གནད་དོན་ཤེས་རྟོགས་བྱེད་པ་དང་མདུན་དུ་རྩོད་གཞི་སེལ་བ། རང་དཔེ་གཞན་སྟོན་གྱིས་མང་ཚོགས་ལ་བསམ་བློ་གཏོང་སྟེ། རྒྱུན་ཆད་མེད་པར་ཡིག་བསྐུར་ངོ་བཅར་ལས་དོན་གྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ནས། ཧུར་ཐག་ངང་འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་ཐག་གཅོད་བྱེད་དགོས། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ་དང་། ལས་བྱེད་པ་ལས་བྲལ་རྩིས་སྤྲོད་རྩིས་ལེན་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། རྒྱུན་སྲིང་ལྷོད་མེད་ངང་ལོ་རྒྱུས་ཀྱི་ཤུལ་ལུས་གནད་དོན་ཐག་གཅོད་བྱ་རྒྱུར་དམ་འཛིན་ཡག་པོ་བཅས་བྱས་ནས་གནད་དོན་མཚམས་མི་འཇོག་པ་དང་ལས་ཀ་རྒྱུན་ཆད་མེད་པར་བྱེད་དགོས་ཞེས་ནན་གསུང་གནང་།

ཧོང་ལུང་ཞིན་དང་མཱ་མུའུ་ངོ་བཅར་དང་ལེན་ནང་ཞུགས། 

 

འགན་འཁུར་རྩོམ་སྒྲིག་པ།:江初卓玛

  • བདེ་ཆེན་གསར་འགྱུར།

རྒྱང་སྐྱོད་རྒྱུན་འཛིན་བྱས་ནས་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ།—— ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ལི་ཡན་ལན་གྱིས་2026ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་བྱས་དོན། དམིགས་འབེན་ལ་དམ་པོར་དམིགས་པ་དང་ཆད་འཛོལ་ཞིབ་བཤེར་དང་སྐྱོན་ཆ་ཁ་གསབ་བྱེད་པ་དང་ཤུགས་ཡོངས་ནས་དཔྱད་ཞིབ་བསུ་བའི་མཁྲེགས་གཏོར་དམ་འཛིན་བྱེད་དགོས།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།

བདེ་ཆེན་ཁུལ་གྱི་མིག་སྔའི་སྤྱི་ཚོགས་བརྟན་ལྷིང་ལས་དོན་བཀོད་གཏོང་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིགས་སོ་སོའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱས་ནས་“དོན་ཆེན་མི་བྱུང་བ་དང་དོན་ཆུང་ཚོད་འཛིན་ཐུབ་པའི་”ལས་དོན་གྱི་རྣམ་པ་ཡག་པོ་ཁག་ཐེག་བྱེད་དགོས།

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་ལྷ་ས་ནས་མཇུག་བསྒྲིལ་བ།

ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་འབྲེལ་ཡོད་ལས་དོན་སྙན་སེང་འབྲེལ་མཐུད་བྱས་ པར་བསྐྱོད་པ།

ཁུལ་ཨུ་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་3པ་འཚོཊ།

ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com