རྒྱང་སྐྱོད་རྒྱུན་འཛིན་བྱས་ནས་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ།—— ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

ཟླ་10པའི་ཚེས་22ཉིན། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་། རང་ཁུལ་གྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་ཚོས་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས། ཚང་མས་བསྟན་དོན། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་འབད་འཐབ་ཀྱི་སྙིང་སྟོབས་རྒྱུན་བསྐྱངས་ནས། རང་འཁྲིའི་ལས་ཀར་གཞི་ཚུགས་ཏེ་འགན་འཁུར་བ་དང་དངོས་སྒྲུབ་བྱས་ནས། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོར་འགྱུར་རྒྱུ།
གུང་གཞོན་ཚོགས་པ་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཧོ་ཡ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁོ་མོ་ལ་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་ཁྲོད་ཀྱི་དད་མོས་ཀྱི་སྟོབས་ཤུགས་དང་འབད་འཐབ་ཀྱི་གཤིས་རྒྱུད་མྱོང་ཚོར་ཟབ་མོ་བྱུང་ཡོད། ཁོ་མོས་རང་རྟོགས་ངང་རྒྱང་སྐྱོད་ཀྱི་སྙིང་སྟོབས་དར་སྤེལ་དང་ཁུལ་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་བྱེད་དེ། “དྲིན་ཚོར་ཡར་བརྩོན་དང་འགག་སྒྲོལ་དཀའ་སེལ”གྱི་སྤྱིའི་རྩ་དོན་ལ་དམིགས་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱི་གཙོ་རྐང་བརྟན་པོ་འཛུགས་ཏེ། བརྟན་བརླིང་དང་འཕེལ་རྒྱས། སྐྱེ་ཁམས། མཐའ་མཚམས་བརྟན་བརླིང་བཅས་དོན་ཆེན་བཞི་ལ་དམིགས་ནས། ཏང་གིས་མི་སྣ་གསོ་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོར་གཞི་ཚུགས་ཏེ། གཞོན་ནུ་ཚོས་ལྟ་འདོད་ལ་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་རྒྱང་སྐྱོད་ཀྱི་གཏམ་རྒྱུད་དང་གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་ནས། བསམ་བློའི་ཁྲིད་སྟོན་ཟབ་སྤེལ་གཏོང་བ་དང་འཐབ་ཕྱོགས་གཅིག་གྱུར་གྱི་འབྲེལ་གཏུག་ཡག་པོ་བྱེད་དེ། མི་རིགས་ཁག་གི་གཞོན་ནུའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་དགོས། དེ་དང་དུས་མཚུངས་སུ། གཞོན་ནུའི་འཚར་ལོངས་དང་འཕེལ་རྒྱས་ལ་དམིགས་པ་དང་། གཞོན་ནུའི་ལས་གཏོད་ལ་མུ་མཐུད་རོགས་སྐྱོར་བྱེད་པ། གཞོན་ནུའི་ཁེ་དབང་སྲུང་སྐྱོང་བྱེད་པའི་ལས་དོན་ཡག་པོ་སྒྲུབ་ནས། རྒྱ་ཆེའི་གཞོན་ནུ་ཚོས་རང་འགུལ་ངང་མི་རིགས་མཐུན་སྒྲིལ་དང་སྐྱེ་ཁམས་སྲུང་སྐྱོང་། གྲོང་གསེབ་དར་རྒྱས། ཐོན་ལས་སྐྱེད་སྲིང་སོགས་ཀྱི་ལས་འགན་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་དེ། ལང་ཚོའི་ཕུགས་བསམ་དེ་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་ཁྱབ་ནས། དངོས་སྒྲུབ་ལ་བརྟེན་ནས་བདེ་ཆེན་གྱི་གཞོན་ནུའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཡག་པོ་སྐྱོད་དེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་རྩོམ་ཆེད་ལང་ཚོའི་སྟོབས་ཤུགས་འབུལ་དགོས།
ཁུལ་སྲིད་དོན་ཞབས་ཞུ་དོ་དམ་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི། ཅུས་ཀྲང་ཅིན་ཞའོ་ཕིང་གིས་བསྟན་དོན། རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་པའི་རྨང་གཞི་ནི་མི་དམངས་དང་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་ཀྱི་རྨང་གཞི་ཡིན་པས་སྲིད་དོན་ཞབས་ཞུའི་ལས་དོན་གྱི་རྩ་བའི་གཞི་འཛིན་ས་ཞིག་ཡིན། བདེ་ཆེན་མཐོ་སྒང་གི་དོན་དངོས་ལ་གཞི་ཚུགས་ཏེ། ཁུལ་ཡོངས་ཀྱི་སྲིད་དོན་ཞབས་ཞུའི་སྡེ་ཚན་གྱིས་རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་ནས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་ཡག་པོ་སྐྱོད་པ་དང་། ཐོག་མཐའ་བར་གསུམ་དུ་མི་དམངས་ཀྱི་ལངས་ཕྱོགས་བརྟན་པོ་འཛུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ཏེ། “གློད་སྡོམ་ཞབས་གསུམ”གྱི་བསྒྱུར་བཅོས་མུ་མཐུད་གཏིང་ཟབ་ཏུ་བཏང་ནས། སྲིད་དོན་ཞབས་ཞུའི་སྤུས་ཚད་དང་སྤྱི་པའི་ཐོན་ཁུངས་ཉོ་ཚོང་ཚད་ལྡན་ཡོང་རྒྱུར་དམ་འཛིན་བྱ་རྒྱུ། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས། ལས་དོན་སྒྲུབ་མི་བདེ་བ་དང་ཞབས་ཞུ་དོ་སྙོམས་མིན་པ་སོགས་ཀྱི་དཀའ་གནད་སེལ་བ་དང་། ཞབས་ཞུ་གཤམ་སྤེལ་དང་བརྒྱུད་རིམ་བསྐྱར་སྐྲུན་ལ་སྐུལ་འདེད་གཏོང་བ། སེམས་ཤུགས་གཅིག་སྒྲིལ་གྱིས་ཁེ་ལས་དང་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་ཐག་གཅོད་བྱེད་དེ། དངོས་སྒྲུབ་ནུས་ཆེའི་སྲིད་དོན་ཞབས་ཞུས་བདེ་ཆེན་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་འདོན་སྤེལ་བྱེད་དགོས།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་དབྱང་ཡུན་ཤིས་ཀྱིས་བསྟན་དོན། མི་རབས་རེ་ལ་མི་རབས་རེའི་རྒྱང་སྐྱོད་ལམ་བུ་ཡོད་པ་དང་མི་རབས་རེ་ལ་རང་ཉིད་ཀྱི་རྒྱང་སྐྱོད་ལམ་བུར་ཡག་པོ་སྐྱོད་དགོས། སྤྱིར་བཏང་མིན་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས། དམར་དམག་རྒྱང་སྐྱོད་སེམས་ཀྱི་ཉི་ཟླར་བརྒྱུད་དེ། དད་སེམས་དང་བློ་སྟོབས་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འོད་སྟོང་འཕྲོ་བའི་ལེའུ་བརྩམས་པ་དེ་ནི་ང་ཚོར་ལས་སྒྲུབ་ལས་གཏོད་བྱེད་པའི་བསམ་པའི་སྟོབས་ཤུགས་ཆེན་པོ་ཞིག་ཡིན། ལོ་རྒྱུས་ཀྱི་མཚམས་ཚིགས་གསར་པར་ལངས་ནས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་གསར་བརྗེའི་རིག་གནས་དེ་ས་གནས་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་དང་དམངས་སྲོལ། སྐྱེ་ཁམས་ཐོན་ཁུངས་བཅས་དང་མཉམ་འདྲེས་གཏིང་ཟབ་བྱས་ཏེ། དབྱིངས་ཞུགས་རྣམ་པའི་ཡུལ་སྐོར་ཉམས་ལེན་ཐོན་རྫས་ཕུན་སུམ་ཚོགས་སུ་གཏོང་བ་དང་། “པར་རྒྱག་ནས་ཡུལ་སྐོར་འགྲོ་བ་དང་མཐའ་མཚམས་བརྒལ་ནས་ཡུལ་སྐོར་འགྲོ་བའི”དཀའ་གནད་སེལ་ཏེ། གྲོང་གསེབ་ཀྱི་ཡུལ་སྐོར་ཚོད་ལྟའི་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་བེད་མེད་རིག་གནས་ཡུལ་སྐོར་ཐོན་ཁུངས་གང་འགབ་ཅི་སྤྱོད་བྱེད་པ། དངོས་སྒྲུབ་ལ་བརྟེན་ནས་འཛམ་གླིང་གི་“སེམས་ཀྱི་ཉི་ཟླའི”ཡུལ་སྐོར་སྤུས་རྟགས་བཏོད་དེ་མང་ཚོགས་དེ་བས་མང་པོར་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཀྱི་ཕན་པ་ལོངས་སུ་སྤྱོད་པར་སྐུལ་ཁྲིད་བྱ་རྒྱུ།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་བཅིངས་འགྲོལ་གྲོང་ཚོའི་ཏང་གི་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་རིན་ཆེན་ཉི་མས་བསྟན་དོན། བདེ་ཆེན་ནི་དམར་དམག་རྒྱང་སྐྱོད་སྐབས་བརྒྱུད་པའི་ས་རྒྱུ་གཤིན་པོ་ཞིག་ཡིན་པས། རྒྱང་སྐྱོད་ཀྱི་སྙིང་སྟོབས་སྔ་ཙམ་ནས་གངས་ལྗོངས་མཐོ་སྒང་དུ་གཞི་ཆགས་པ། བཅིངས་འགྲོལ་གྲོང་ཚོའི་ངོས་ནས་བརྗོད་ན། མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་དང་ཁྱད་ལྡན་ཐོན་ལས་སྟོབས་ཆེར་གཏོང་བ། གཞི་རིམ་བཅོས་སྐྱོང་ལ་དམ་འཛིན་ཏན་ཏིག་བྱེད་པ། དམངས་འཚོར་ཞབས་འདེགས་ཟབ་མོ་ཞུ་བ། མི་རིགས་མཐུན་སྒྲིལ་གྱི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ་བཅས་ནི་རྒྱང་སྐྱོད་ལམ་བུ་གསར་པར་ཡག་པོ་སྐྱོད་པའི་ཞིབ་ཕྲའི་མཚོན་ཚུལ་ཞིག་ཡིན། བཅིངས་འགྲོལ་གྲོང་ཚོས་ཐོག་མཐའ་བར་གསུམ་དུ་གསར་བརྗེའི་ལོ་རྒྱུས་བློ་ལ་བརྟན་པོར་ངེས་པ་དང་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་པ། རླབས་ཆེན་རྒྱང་སྐྱོད་ཀྱི་སྙིང་སྟོབས་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་ནས། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱས་པའི”འགན་འཁྲི་ཁུར་སེམས་གཞི་རིམ་དུ་གཞི་ཚུགས་ཤིང་། འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་སྟེ། སྐྱེ་ཁམས་སྲུང་སྐྱོང་དང་རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོར་གཏོང་། གཞི་རིམ་བཅོས་སྐྱོང་། གྲོང་གསེབ་དར་རྒྱས་སོགས་ཀྱི་ལས་འགན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ནས། གྲོང་ཚོ་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས་ལ་སེམས་ཤུགས་གཅིག་སྒྲིལ་དང་དངོས་སྒྲུབ་ཡར་བརྩོན་གྱིས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ། ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་མཛེས་སྡུག་དང་ཐོན་ལས་དར་རྒྱས། བཅོས་སྐྱོང་ནུས་ལྡན། མང་ཚོགས་བདེ་སྐྱིད་བཅས་ཀྱི་ལེའུ་གསར་པ་གཏོད་རྒྱུ།
འཇོལ་རྫོང་ཡུན་ལིང་ཤང་གི་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཚེ་རིང་དཔལ་གཡང་གིས་བསྟན་དོན། སྐབས་དེ་དུས་དམར་དམག་གིས་སྒྲིག་ཁྲིམས་ནན་སྲུང་དང་དམངས་ཀྱི་ཆེད་དུ་སེམས་ཁྲལ་སེལ་བས། མང་ཚོགས་ཚོས་ཉེན་ཁར་མ་འཛེམས་པར་དམར་དམག་ལ་རྒྱབ་སྐྱོར་དང་རྨས་མ་འགེབས་སྲུང་བྱས་ཏེ་ཤི་གསོན་མཉམ་གནས་ཀྱི་ཏང་དང་མང་ཚོགས་ཀྱི་འབྲེལ་བ་གཏོད་ཡོད། ཤང་དང་གྲོང་རྡལ་གྱི་ལས་བྱེད་པ་ཞིག་ཡིན་པའི་ངོས་ནས། ཉིན་ལྟར་མི་སེར་དང་འབྲེལ་བ་བྱེད་ཀྱིན་ཡོད་པས། མང་ཚོགས་ནི་ལས་ཀའི་རྨང་གཞི་ཡིན། སླད་ཕྱིན་རྒྱུན་གཏན་གྱི་ལས་དོན་ཁྲོད་ཏང་དང་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་སྲུང་ནས། སྒོ་རྩར་བཅར་འདྲི་དང་རེ་ཞུ་ཉན་རྒྱུ་མཐའ་འཁྱོངས་བྱེད་པ། མང་ཚོགས་ཀྱི་དོན་ཆུང་དེ་དོན་ཆེན་དུ་བརྩིས་བ། སེམས་ཤུགས་གཅིག་སྒྲིལ་ངང་མང་ཚོགས་ཀྱི་སེམས་ཁྲལ་དང་རེ་སྒུག་བྱེད་པའི་གནད་དོན་ཐག་གཅོད་བྱས་ནས། བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཡིད་ཆེས་ཐོབ་པ་བྱེད་དགོས།
འཇོལ་རྫོང་ཨུ་དྲིལ་བསྒྲགས་པུའི་ལས་དོན་མི་སྣ་བསྟན་འཛིན་ལྷ་མོས་བསྟན་དོན། ཏང་ཡོན་ཞིག་ཡིན་པའི་ངོས་ནས། ཁོ་མོས་རྒྱང་སྐྱོད་ནི་ལོ་རྒྱུས་ཤིག་ཡིན་པ་མ་ཟད། ཏང་ཡོན་ཚང་མས་རང་གཅུན་བློ་སྦྱོང་དང་ལས་སྒྲུབ་མི་བཟང་གི་བསམ་བློའི་ཚད་གཞི་ཤིག་ཀྱང་ཡིན། ལས་དོན་སྒྲུབ་སྐབས་ཁོ་མོས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས། བསམ་བློའི་རྨང་གཞི་བརྟན་དུ་གཏོང་རྒྱུ། རྒྱུན་གཏན་གྱི་འཚོ་བའི་ཁྲོད་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་ཏང་ཡོན་གྱི་ཐོབ་ཐང་བློ་ལ་བརྟན་པོར་ངེས་ནས། རང་འགུལ་ངང་འགན་འཁྲི་འཁུར་བ་དང་ལེགས་སྐྱེས་འབུལ་འདོད་པ་བཅས་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་བྱེད་པ་དེ་བྱ་སྤྱོད་དངོས་ཀྱི་ཐོག་ནས་དོན་འཁྱོལ་བྱེད་དགོས།
འབའ་ལུང་རྫོང་ཨུ་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཆན་ལི་ཅུན་གྱིས་བསྟན་དོན། འབའ་ལུང་རྫོང་དེ་ཡུན་ནན་ཞིང་ཆེན་གསར་བརྗེའི་རྟེན་གཞིའི་ཁུལ་རྙིང་པ་ཞིག་ཡིན་པའི་ཆ་ནས། རླབས་ཆེན་གྱི་རྒྱང་སྐྱོད་ཀྱི་སྙིང་སྟོབས་སྔ་ཙམ་ནས་ས་གཞི་འདིར་ཁྱབ་ཡོད། གཞི་རིམ་གྱི་ལོ་རྒྱུས་སྡེ་ཚན་གྱི་འགན་འཁུར་བ་ཞིག་ཡིན་པའི་ངོས་ནས། ལོ་རྒྱུས་ཉར་ཚགས་དང་སྲིད་སྐྱོང་རོགས་རམ། མི་སྣ་གསོ་སྐྱོང་བཅས་ཀྱི་ལྟེ་བའི་འགན་ནུས་ལ་གཞི་ཚུགས་ཏེ། ཏང་གི་ལོ་རྒྱུས་དཔྱད་ཡིག་བསྡུ་རུབ་དང་ཁུངས་འཚོལ་ར་སྤྲོད་ལས་དོན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་། གསར་བརྗེའི་རྗེས་ཤུལ་སྲུང་སྐྱོང་དང་བེད་སྤྱོད་གང་ལེགས་བྱ་རྒྱུར་དམ་འཛིན་བྱེད་པ། མི་རིགས་ཁག་གི་མང་ཚོགས་དང་གཞོན་ནུ་ལོ་ཆུང་ལ་ཕྱོགས་ནས་གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་དེ། གསར་བརྗེའི་ཁྲག་རྒྱུན་རྒྱུན་བསྐྱངས་ནས། རང་འགུལ་ངང་ལོ་རྒྱུས་དེབ་ཐེར་གྱི་ལས་དོན་དེ་རྫོང་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་ཐུབ་རྒྱུ།
འགན་འཁུར་རྩོམ་སྒྲིག་པ།:江初卓玛
- བདེ་ཆེན་གསར་འགྱུར།
རྒྱང་སྐྱོད་རྒྱུན་འཛིན་བྱས་ནས་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ།—— ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་དེ་བདེ་ཆེན་ཁུལ་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།
ལི་ཡན་ལན་གྱིས་2026ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་བྱས་དོན། དམིགས་འབེན་ལ་དམ་པོར་དམིགས་པ་དང་ཆད་འཛོལ་ཞིབ་བཤེར་དང་སྐྱོན་ཆ་ཁ་གསབ་བྱེད་པ་དང་ཤུགས་ཡོངས་ནས་དཔྱད་ཞིབ་བསུ་བའི་མཁྲེགས་གཏོར་དམ་འཛིན་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།
བདེ་ཆེན་ཁུལ་གྱི་མིག་སྔའི་སྤྱི་ཚོགས་བརྟན་ལྷིང་ལས་དོན་བཀོད་གཏོང་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིགས་སོ་སོའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱས་ནས་“དོན་ཆེན་མི་བྱུང་བ་དང་དོན་ཆུང་ཚོད་འཛིན་ཐུབ་པའི་”ལས་དོན་གྱི་རྣམ་པ་ཡག་པོ་ཁག་ཐེག་བྱེད་དགོས།
རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་ལྷ་ས་ནས་མཇུག་བསྒྲིལ་བ།
ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་འབྲེལ་ཡོད་ལས་དོན་སྙན་སེང་འབྲེལ་མཐུད་བྱས་ པར་བསྐྱོད་པ།
ཁུལ་ཨུ་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་3པ་འཚོཊ།
ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108