ལི་ཡན་ལན་གྱིས་2026ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་བྱས་དོན། དམིགས་འབེན་ལ་དམ་པོར་དམིགས་པ་དང་ཆད་འཛོལ་ཞིབ་བཤེར་དང་སྐྱོན་ཆ་ཁ་གསབ་བྱེད་པ་དང་ཤུགས་ཡོངས་ནས་དཔྱད་ཞིབ་བསུ་བའི་མཁྲེགས་གཏོར་དམ་འཛིན་བྱེད་དགོས།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ10པའི་ཚེས་26ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ལས་ཚབ་ཁུལ་དཔོན་ལི་ཡན་ལན་གྱིས་2026ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། མིག་སྔའི་ཁུལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་གྱི་གནས་བབ་ཞིབ་འཇུག་དང་བརྡར་ཤ་གཅོད་པ་དང་། གོམ་སྟབས་རྗེས་མའི་འབྲེལ་ཡོད་ལས་དོན་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུའི་ཐོག་ཁུལ་སྲིད་གཞུང་སྡེ་ཚན་གྱི་2025ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལྡོག་སྐྱེལ་གནད་དོན་དག་ཐེར་ལེགས་བཅོས་དང་2026ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་སྐུལ་འདེད་གཏོང་ཚུལ་ཁྱབ་བསྒྲགས་བྱས། ཁུལ་ཚོང་དོན་ཅུས་དང་ཁུལ་ནོར་སྲིད་ཅུས། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས། ཁུལ་བསྡོམས་རྩིས་ཅུས་བཅས་ཀྱིས་2026ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་སྐུལ་འདེད་གཏོང་ཚུལ་སོ་སོར་སྙན་སེང་ཞུས་པ་རེད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ལ་སྣང་ཆེན་བྱེད་པ་དང་སྤྱི་ཡོངས་ལ་ལྟ་རྟོག་བྱེད་པའི་མཐོ་ཚད་ནས་བག་མེད་ལྷོད་གཡེང་དང་གཞན་སྐུལ་ཡ་ལན་གྱི་བསམ་བློ་མཐའ་གཅིག་ཏུ་དོར་དགོས་པ་དང་། ཞན་ཆ་དང་ཁྱད་པར་ལ་དོ་སྣང་བྱེད་དེ། ཞིང་ཆེན་རིམ་པའི་དཔྱད་ཞིབ་བསུ་རྒྱུ་དེ་མིག་སྔའི་ལས་དོན་གལ་ཆེན་དུ་བརྩིས་ནས་དམ་འཛིན་ནན་པོ་དང་དམ་འཛིན་ཏན་ཏིག ཕན་འབྲས་ཐོན་པར་དམ་འཛིན་བྱེད་དགོས། སྣེ་ཁྲིད་སྡེ་ཚན་གྱིས་ངེས་པར་དུ་དག་ཐེར་ལེགས་བཅོས་བྱེད་ཤུགས་ཆེར་གཏོང་བ་དང་དུས་བཀག་ལྟར་ལེགས་འགྲུབ་བྱས་ནས་མེད་པར་བཟོ་དགོས། དམིགས་ཚད་མཁྲེགས་གཏོར་ཐད་སྣེ་ཁྲིད་སྡེ་ཚན་ཁག་གིས་རེ་རེ་བཞིན་ཞིང་ཆེན་རིམ་པའི་དཔྱད་ཞིབ་སྒྲིག་སྲོལ་ཞིབ་ཕྲ་ལ་དཔེ་བསྡུར་བྱས་ནས་ལས་འགན་རེ་རེ་བཞིན་ཕྲལ་གསེད་བྱེད་པ་དང་གསལ་ཐོ་ཅན་གྱི་དོ་དམ་དང་རྣམ་གྲངས་ཅན་གྱི་སྐུལ་སྤེལ། མེད་པར་བཟོ་བ་ཅན་གྱི་དོན་འཁྱོལ་བྱེད་དགོས། ལས་སྒོའི་བྱ་བ་དང་དཔྱད་ཞིབ་དམིགས་ཚད་གཞི་གཅིག་ཏུ་འཆར་འགོད་དང་གཞི་གཅིག་ཏུ་སྐུལ་འདེད་རྒྱུན་འཁྱོངས་བྱེད་དེ་“པགས་པ་གཉིས་”གཏན་འགོག་མཐའ་གཅིག་ཏུ་བྱས་ནས་གནད་དོན་རང་རིམ་པར་ཐག་གཅོད་བྱེད་པ་དང་མངོན་མེད་རྐྱེན་ངན་དུས་རྒྱུན་དུ་དག་ཐེར་ལེགས་བཅོས་བྱེད་ཐུབ་དགོས། ཁུལ་རིམ་པའི་ནང་ལོགས་དཔྱད་ཞིབ་ལམ་སྲོལ་བེད་སྤྱོད་ཡག་པོ་བྱེད་དེ་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལ་རྨང་གཞི་བརྟན་པོ་འདིང་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཁུལ་ཡོངས་“མིག་མངས་འགྲིག་སྐོར་གཅིག་”ཡིན་པའི་བསམ་བློ་བརྟན་པོར་འཛུགས་དགོས་པ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་དང་མཉམ་སྡེབ་ཀྱི་འདུ་ཤེས་ཆེར་གཏོང་བ། རང་ཐག་རང་གཅོད་དང་རང་འགན་གཞན་དཀྲི། དོན་མེད་རྩོད་གླེང་བཅས་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། འགན་འཁུར་སྡེ་ཚན་ཁག་གིས་རང་རྟོགས་ངང་རྒྱུན་རྣམ་ཅན་གྱི་མཐུན་སྦྱོར་འབྲེལ་མཐུད་ལམ་སྲོལ་འཛུགས་ཏེ་གནད་འཕིགས་སྒོས་དམིགས་ཚད་དགོས་མཁོ་དང་གཞི་གྲངས་འབུལ་སྐྱེལ། དཔང་རྟགས་བླང་བྱ་བཅས་ཁོང་དུ་ཆུད་ནས་དུས་ཐོག་ཏུ་ལས་དོན་གྱི་ཁ་ཕྱོགས་དག་བཅོས་བྱེད་དགོས། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པ་དང་གོང་རིམ་ལ་ལས་དོན་སྤེལ་ཚུལ་དང་དཀའ་ས་དང་འགག་ས། ཁྱད་ལྡན་གྱི་ཕན་འབྲས་བཅས་ཀྱི་སྙན་སེང་ཞུ་བ་དང་། ཞིང་ཆེན་རིམ་པའི་དོ་དམ་སྡེ་ཚན་གྱི་ལས་སྒོའི་མཛུབ་སྟོན་དང་སྲིད་ཇུས་ཀྱི་གོ་རྟོགས། ལས་དོན་གྱི་རྒྱབ་སྐྱོར་བཅས་བརྩོན་ལེན་ཧུར་ཐག་བྱེད་དགོས། འགན་འཁུར་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གྱིས་སྣེ་ཁྲིད་དེ་ཆེད་དོན་ཞིབ་འཇུག་ཐེངས་གཅིག་སྤེལ་བ་དང་། ཞན་ཆ་དང་ཆད་སྐྱོན་མཐོར་འདེགས་ལ་སྐུལ་འདེད་ཐེངས་གཅིག་གཏོང་བ། གོང་རིམ་ལ་སྙན་ཞུ་དང་འབྲེལ་མཐུད་ཐེངས་གཅིག་བྱེད་པ། འཕྲེད་ཕྱོགས་མཐུན་སྦྱོར་ཐེངས་གཅིག་བྱེད་དགོས། རིམ་པ་བཞིན་ལས་འགན་གྱི་འབྲེལ་ཐག་དམ་དུ་གཏོང་བ་དང་“ཁུལ་དཔོན་གྱིས་གཅིག་འགྱུར་འཆར་འགོད་དང་ཁུལ་དཔོན་གཞོན་པས་སྣེ་ཁྲིད། སྡེ་ཚན་གྱིས་དམ་འཛིན། ཆེད་བསྐོས་མི་སྣས་ཆེད་འགན་འཁུར་བའི་”ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱེད་པ། རྒྱུན་མཐུད་ངང་སྤྱོད་ཚུལ་གསར་བརྗེ་དང་ནུས་ཕྱོད་གསར་བརྗེ་གཏིང་ཟབ་ཏུ་གཏོང་བ། དངོས་ཡོད་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་དུས་མཚུངས་སུ་མ་ལག་གི་གཞི་གྲངས་ལས་དོན་ཡག་པོ་སྒྲུབ་པ། འབད་བརྩོན་རྒྱུན་ལྡན་དུ་བྱེད་པ་དང་ལས་ཀ་རྒྱུན་ལྡན་དུ་སྒྲུབ་པ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཁྱོན་དང་གནད་ཀྱི་ལས་ཀ་ཡག་པོ་བསྒྲུབས་ནས་ཁུལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་འདིང་དགོས།
ལི་ཐའོ་དང་མ་གོ་ཀྲུང་། ཏོ་རུའུ་ཀྲུའུ། ཀྲོང་ཞའོ་ཕིང་དང་དེ་བཞིན་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།
འགན་འཁུར་རྩོམ་སྒྲིག་པ།:七林卓玛
- བདེ་ཆེན་གསར་འགྱུར།
ལི་ཡན་ལན་གྱིས་2026ལོ་འཁོར་གྱི་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་དཔྱད་ཞིབ་ལས་དོན་སྐུལ་སྤེལ་ཚོགས་འདུ་གཙོ་སྐྱོང་གནང་སྐབས་ནན་བཤད་བྱས་དོན། དམིགས་འབེན་ལ་དམ་པོར་དམིགས་པ་དང་ཆད་འཛོལ་ཞིབ་བཤེར་དང་སྐྱོན་ཆ་ཁ་གསབ་བྱེད་པ་དང་ཤུགས་ཡོངས་ནས་དཔྱད་ཞིབ་བསུ་བའི་མཁྲེགས་གཏོར་དམ་འཛིན་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ངོ་བཅར་དང་ལེན་བྱས།
བདེ་ཆེན་ཁུལ་གྱི་མིག་སྔའི་སྤྱི་ཚོགས་བརྟན་ལྷིང་ལས་དོན་བཀོད་གཏོང་ཚོགས་འདུའི་ཐོག་ནན་བཤད་བྱས་དོན། རིགས་སོ་སོའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་དང་ཐག་གཅོད་བྱས་ནས་“དོན་ཆེན་མི་བྱུང་བ་དང་དོན་ཆུང་ཚོད་འཛིན་ཐུབ་པའི་”ལས་དོན་གྱི་རྣམ་པ་ཡག་པོ་ཁག་ཐེག་བྱེད་དགོས།
རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉེར་བཞི་པ་ལྷ་ས་ནས་མཇུག་བསྒྲིལ་བ།
ལི་ཡན་ལན་གྱིས་རུ་སྣེ་ཁྲིད་དེ་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཚན་དུ་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་འབྲེལ་ཡོད་ལས་དོན་སྙན་སེང་འབྲེལ་མཐུད་བྱས་ པར་བསྐྱོད་པ།
ཁུལ་ཨུ་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱིས་གྲོས་ཚོགས་ཐེངས་3པ་འཚོཊ།
ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།
ལུའོ་ཁྲའོ་ཧྥེང་གིས་རུ་ཁག་སྣེ་ཁྲིད་དེ་ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་90འཁོར་བར་དྲན་གསོ་བྱས་པའི་ལྟ་སྐོར་སློབ་སྦྱོང་བྱེད་སྒོར་ཞུགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108