中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་སྟེ་ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་སེམས་ཀྱི་ཉི་ཟླར་འཚོགས། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། ལུའོ་ཁྲའོ་ཧྥེང་གིས་གསུང་བཤད་གནང་། ཀྲང་ཝེ་ཏུང་གིས་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་།

ཁྱབ་བསྒྲགས་དུས་ཚོད་:2025-12-26 22:23:34 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

ཀྲུང་གོའི་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་སྤྱི་བསྒྲགས།

2025ལོའི་ཟླ་12པའི་ཚེས་26ཉིན། ཀྲུང་གོའི་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་ཐོག་གྲོས་འཆམ་བྱུང་།)
图片
2025ལོའི་ཟླ་12པའི་ཚེས་26ཉིན། ཀྲུང་གོའི་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་སྟེ་ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་སེམས་ཀྱི་ཉི་ཟླར་འཚོགས། 

ཀྲུང་གོའི་གུང་ཁྲན་ཏང་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་2025ལོའི་ཟླ་12པའི་ཚེས་26ཉིན་སེམས་ཀྱི་ཉི་ཟླར་འཚོགས།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཨུའི་ཨུ་ཡོན་30དང་། ཁུལ་ཨུའི་རྗེས་སྣོན་ཨུ་ཡོན་7ཞུགས་ཡོད་པ་དང་། ཁུལ་སྒྲིག་ཁྲིམས་ཨུ་ལྷན་གྱི་ཨུ་ཡོན། ཁུལ་ལྟ་སྐུལ་ཨུ་ལྷན་གྱི་ཨུ་ཡོན་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན།  ཁུལ་གྱི་ཏང་གི་ཚོགས་འདུ་ཐེངས་དགུ་པའི་གཞི་རིམ་འཐུས་མི་ཁག་གཅིག་ཚོགས་འདུར་ཟུར་ཞུགས་བྱས།  

ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་གསུང་བཤད་གནང་། 

图片
ལུའོ་ཁྲའོ་ཧྥེང་གིས་གསུང་བཤད་གནང་།

ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་།  ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུ་དང་དེ་བཞིན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཀྲང་ཝེ་ཏུང་གིས་གནང་བའི་དཔལ་འབྱོར་ལས་དོན་གྱི་བཀོད་སྒྲིག་ཉན་པ་དང་གྲོས་བསྡུར་བྱས། བདེ་ཆེན་ཁུལ་གྱི2025ལོར་ཏང་འཛུགས་སྐྱོང་ལས་དོན་གྱི་ཆེད་དོན་སྙན་ཞུ་ཉན་པ་དང་གྲོས་བསྡུར་བྱས།  ཀྲུང་གུང་བདེ་ཆེན་ཁུལ་ཨུའི་2025ལོར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུ་དང་བདེ་ཆེན་ཁུལ་གྱི་2025ལོར་འདུ་ཤེས་འཛིན་སྟངས་ལས་དོན་གནས་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་དང་གྲོས་བསྡུར་བྱས། ཀྲུང་གུང་བདེ་ཆེན་ཁུལ་ཨུའི་བདེ་ཆེན་ཁུལ་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་བསམ་འཆར་》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་། ལུའོ་ཁྲའོ་ཧྥེང་གིས་བསམ་འཆར་(གྲོས་བསྡུར་མ་ཟིན་)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཨུའི་རྒྱུས་ལས་ཨུ་ལྷན་གྱི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་། གཅིག་མཐུན་གྱིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་པར་རྒྱུན་འཁྱོངས་བྱས་པ་དང་། ཞིང་ཨུའི་འགོ་ཁྲིད་ནུས་ལྡན་འོག ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཚོགས་ཐེངས་ཁག་གི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོནལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་པ།   དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་གཏིང་ཟབ་བྱས་པ།  ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དང་ཐེངས་བརྒྱད་པའི་དགོངས་དོན་ལག་བསྟར་ནན་ཏན་བྱས་པ། ཞིང་ཨུའི་3815འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམ་པོ་དམིགས་པ་དང་། འགྲན་སློང་བཞི་ལ་ཧུར་ཐག་དང་རང་འགུལ་ངང་ཁ་གཏད་གཅོག་ནས། ཁུལ་ཡོངས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་དང་ལེགས་སུ་འགྲོ་བ། མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་འཆམ་མཐུན་གྱི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་ལ་སྐུལ་འདེད་གཏོང་། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་བརྟན་ཐོག་ཡར་འཕེལ་བྱུང་བ།  ཐོན་ལས་ཕྱོགས་སྒྱུར་རིམ་སྤར་རྒྱུན་ཆད་མེད་པར་མགྱོགས་སུ་ཕྱིན་པ། མི་རིགས་སོ་སོའི་མང་ཚོགས་ཀྱི་དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ཇེ་ཆེར་འགྲོ་བ། ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་བས་སྲ་བརྟན་དུ་འགྲོ་བ།  ཏང་གི་འཛུགས་སྐྱོང་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ།  ལོ་ལྔ་ཚན་བཅུ་བཞི་པ་བདེ་བླག་ངང་མཇུག་བསྡུ་ལ་ཉེ་བའི་ངོས་འཛིན་བྱུང་།  

ཚང་འཛོམས་གྲོས་ཚོགས་ཀྱིས་“ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་སུ་བདེ་ཆེན་གྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་མངོན་གསལ་དོད་པོར་ཚད་མཐོའི་གདེང་འཇོག་བྱས་པ།  “ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ནི་བདེ་ཆེན་འཕེལ་རྒྱས་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ལྔ་ཡིན། བསྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་གི་དཀའ་ཚེགས་ཆེ་བའི་ལས་འགན་དང་དུས་རབས་ཀྱིརིམས་ནད་ཀྱི་ཕོག་ཐུག་ཚབས་ཆེན་གྱི་མདུན་དུ་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་ཞིང་ཨུའི་འགོ་ཁྲིད་ནུས་ལྡན་འོག  ཁུལ་ཨུ་ཡིས་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ་དང་། ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་རྒྱུ་གཙོ་ཐིག་ཏུ་རྒྱུན་འཁྱོངས་བྱས་པ་དང་། ནུས་ཤུགས་ཡོད་རྒུས་བརྟན་ལྷིང་དང་འཕེལ་རྒྱས།  སྐྱེ་ཁམས།  མཐའ་མཚམས་བརྟན་ལྷིང་བཅས་དོན་ཚན་ཆེན་པོ་བཞི་ལ་དམ་འཛིན་ཡག་པོ་བྱས་པ།  བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་ཁག་ཐེག་བྱས་པ་དང་འཕེལ་རྒྱས་ལ་བརྟེན་ནས་དཔལ་ཡོན་ལ་སྐུལ་འདེད་གཏོང་བ།  སྔ་རྗེས་སུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དཔེ་སྟོན་ཁུལ། རྒྱལ་ཁབ་རིམ་པའི་མི་རིགས་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཁུལ་སོགས་གསར་གཏོད་ལེགས་གྲུབ་བྱུང་།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་གོམ་སྟབས་བརྟན་པོ་སྤོས་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། “ལོ་ལྔ་ཚན་བཅོལྔ་པའི་”དུས་སྐབས་སུ བདེ་ཆེན་ཁུལ་སྲིད་ཇུས་རིམ་རྩེག་གློད་པའི་གོ་སྐབས་དང་ཡུན་རིང་བདེ་འགོད་སྐུལ་འདེད་གཏོང་བའི་དུས་སྐབས།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ཕྱོགས་བསྒྱུར་དུས་སྐབས།  དུས་མཉམ་དང་གཞི་རྩའི་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་འགག་རྩའི་དུས་སྐབས་བཅས་སུ་གནས་ཡོད་པས།  འཕེལ་རྒྱས་ལ་གོ་སྐབས་དང་ཉེན་ཁ། འགྲན་སློང་མཉམ་དུ་གནས་པ།  རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་དང་གནས་བབ་ཀྱི་འགྱུར་ལྡོག་གསར་པར་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། བདེ་ཆེན་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ཁྱོན་ཡོངས་ཁྲོད་ཀྱི་གོ་གནས་དང་ནུས་པ་ཁོང་དུ་ཡང་དག་ཆུད་པ། “ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་དུས་སྐབས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་ཐོབ་པའི་གྲུབ་འབྲས་ཕྱོགས་བསྡོམས་གང་ལེགས་བྱེད་པའི་རྨང་གཞི་ཐོག་མིག་སྔའི་འཕེལ་རྒྱས་ཀྱི་འཕེལ་ཕྱོགས་ཆེན་པོ་དང་འབད་བརྩོན་གྱི་ཁ་ཕྱོགས་སྔར་བས་གསལ་པོར་ཤེས་པ་དང་།  བསམ་བློ་གཅིག་འགྱུར་དང་ཡིད་ཆེས་བརྟན་པོ།  གོ་སྐབས་དམ་འཛིན།  གནས་བབ་དང་བསྟུན་ནས་འབད་བརྩོན་བཅས་བྱས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱུང་ཆེད་རྨང་གཞི་བརྟན་པོ་བཏིང་དགོས།  

ཚང་འཛོམས་གྲོས་ཚོགས་ཐོག་ “ལོ་ལྔ་ཚན་བཅོལྔ་པའི་”དུས་སྐབས་ཀྱི་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་ཁ་གསལ་བཟོ་ཡོད་དེ།   མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “འཐུས་མི་གསུམ་”གྱི་བསམ་བློ་གལ་ཆེན་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་།  ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་པ།  ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཚོགས་ཐེངས་ཁག་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་གཏིང་ཟབ་བྱས་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལྟེ་བའི་ལས་འགན་ལ་སྐུལ་འདེད་གཏོང་རྒྱུ་ལ་དམིགས་ནས་“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། མཐུན་སྦྱོར་གྱིས“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ། གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་དང་གནད་ལ་འཁེལ་ཞིང་ཁྱོན་ཡོངས་ནས་ལག་བསྟར་བྱེད་དེ་རང་འགུལ་ངང་འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། ཞིང་ཨུའི་3815འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམ་པོ་དམིགས་ནས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་རྒྱུ་གཙོ་ཐིག་ཏུ་བྱས་པ་དང་།  དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱས་པ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་དོན་གཙོ་བོར་བྱས་པ། བསྒྱུར་བཅོས་གསར་གཏོད་རྩ་བའི་སྒུལ་ཤུགས་སུ་འཛིན་པ།  མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་དེ་རྩ་བའི་དམིགས་ཡུལ་དུ་བྱས་པ། ཕྱོགས་ཡོངས་ནས་ཏང་ནན་པོ་སྐྱོང་རྒྱུ་འགན་ལེན་དུ་བྱས་པ་བཅས་བྱས་ཏེ་རྒྱུན་མཐུད་ངང་བརྟན་ལྷིང་དང་འཕེལ་རྒྱས།  སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་དོན་ཚན་ཆེན་པོ་བཞི་དམ་འཛིན་གཏིང་ཟབ་བྱས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གྱི་ཚད་གཞི་དང་ཡུན་ནན་ཞིང་ཆེན་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གདོང་ལེན་དམག  ཡུན་ནན་གྱིས་ཨེ་ཤ་ཡ་ལྷོ་མར་ཕྱོགས་པའི་རྒྱུ་ལམ་གལ་ཆེན། འཛམ་གླིང་གི་སེམས་ཀྱི་ཉི་ཟླའི་ཡུལ་སྐོར་དམིགས་ཡུལ་བཅས་འཛུགས་སྐྲུན་ཧུར་ཐག་བྱས་པ།  མིའི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  མི་རིགས་སོ་སོའི་མང་ཚོགས་ཐུན་མོང་ཐོག་ཕྱུག་པོར་འགྱུར་རྒྱུ་གོམ་སྟབས་བརྟན་པོ་སྤོ་བ།  རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱུང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། “ལོ་ལྔ་ཚན་བཅོ་ལྔ་པའི་དུས་སྐབས་སུ། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་། འཕེལ་རྒྱས་ལ་གཅིག་གྱུར་བཀོད་འདོམས། ལས་དོན་གཅིག་གྱུར་འགོ་ཁྲིད་བཅས་བྱས་ཏེ། ཏང་གི་ཁྱོན་ཡོངས་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་གོང་དུ་འཛིན་པ་མཐའ་འཁྱོངས། སྤུས་ཚད་མཐོ་བའི་འཕེལ་རྒྱས་མཐའ་འཁྱོངས། བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་མཐའ་འཁྱོངས། ཕན་ནུས་ལྡན་པའི་ཁྲོམ་ར་དང་འཇོན་ཐང་ཡོད་པའི་སྲིད་གཞུང་ཟུང་འབྲེལ་བྱེད་པ་མཐའ་འཁྱོངས། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་མཐའ་འཁྱོངས་བཅས་ཀྱི་རྩ་དོན་གལ་ཆེན་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་གྱི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་ཁྱབ་པ་དང་ལག་ལེན་ཁྲོད་གཏིང་ཟབ་ཏུ་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་“ལོ་ལྔ་ཚན་བཅོ་ལྔ་པའི་དུས་སྐབས་ཀྱི་བདེ་ཆེན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་གཙོ་བོ་བཏོན་ཡོད་དེ།  2023ལོར་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཐོག་མངོན་འགྱུར་བྱུང་བའི་དམིགས་འབེན་ལ་དམིགས་པ་དང་། ཞིང་ཨུའི་“3815”འཐབ་ཇུས་འཕེལ་རྒྱས་གྱི་དམིགས་འབེན་གྱི་འཕེལ་རྒྱས་ཆེན་པོ་གཏོང་བའི་ལོ་བརྒྱད་ཀྱི་བླང་བྱ་ལ་གཞིགས་ནས།  མཐུན་སྒྲིལ་དང་བརྟན་ལྷིང་གི་ཆབ་སྲིད་དང་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་དང་།  དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་བའི་སྤུས་ཚད་དང་ཕན་འབྲས་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།  ཐོན་ལས་ཕྱོགས་བསྒྱུར་རིམ་སྤོར་གྱི་གོམ་པ་རྒྱུན་མཐུད་ངང་མྱུར་དུ་གཏོང་བ།  ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་བའི་སྒུལ་ནུས་རྒྱུན་མཐུད་ངང་གློད་འགྲོལ་གཏོང་བ།  སྤྱི་ཚོགས་དཔལ་ཡོན་འཛུགས་སྐྱོང་གི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ།  མི་རིགས་སོ་སོའི་མང་ཚོགས་ཀྱི་འཚོ་བའི་སྤུས་ཀ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།  ཡུན་ནན་ནུབ་བྱང་གི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས།  “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་མཇུག་ཏུ་སླེབས་དུས་དཔལ་འབྱོར་ཕྱོགས་བསྒྱུར་རིམ་སྤོར་ལ་རྩ་བའི་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་རྒྱུན་མཐུད་ངང་ཇེ་མཐོར་སོང་བས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་བར་གྱི་འཕེལ་རྒྱས་ཀྱི་ཧེ་བག་སྔར་བས་ཆུང་དུ་གཏོང་དགོས། 

ཚང་འཛོམས་གྲོས་ཚོགས་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི”རིང་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ཁ་གསལ་བཏོན་ཡོད། སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་གཙོ་བོའི་རྒྱལ་ཁབ་ཀྱི་བདེ་འཇགས་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་པ།སྤྱི་པའི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ།གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ།རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ་བཅས་བྱས་ཏེ་ཆུ་ཚད་དེ་བས་མཐོ་བའི་དུས་བདེའི་བདེ་ཆེན་བསྐྲུན་དགོས།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་།ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་པ།མི་རིགས་ཁག་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཀྱི་ལག་ལེན་ཐབས་ལམ་རྒྱ་ཆེར་གཏོང་བ།རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་བདེ་ཆེན་གྱི་ལག་ལེན་ལ་བརྒྱུད་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བ།མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་མགྱོགས་མྱུར་འཛུགས་པ་བཅས་བྱེད་དགོས། ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་ནས།རིག་གནས་ཡུལ་སྐོར་ཐོན་ལས་ཇེ་ཆེ་ཇེ་དྲག་ཏུ་གཏོང་བ་དང་།མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས་ཇེ་ཆེ་ཇེ་ལེགས་སུ་གཏོང་བ།ལྗང་མདོག་གི་ནུས་ཁུངས་དང་ལྗང་མདོག་གི་གཏེར་ལས་གསར་པ་ཡག་པོ་སྒྲུབ་པ།ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་དང་དེང་རབས་དངོས་ཟོག་སྐྱེལ་འདྲེན་ལས་རིགས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ་དང་།དེང་རབས་ཀྱི་ཞབས་ཞུའི་ལས་རིགས་དང་།གསར་དར་ཐོན་ལས།འབྱུང་འགྱུར་གྱི་ཐོན་ལས་བཅས་འཕེལ་རྒྱས་ཧུར་ཐག་བཏང་སྟེ།བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་དགོས།གསར་གཏོད་སྐུལ་ཁྲིད་ཀྱི་གསོན་ཤུགས་སྐུལ་སྤེལ་དང་།ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད།གྲངས་ཀའི་དཔལ་འབྱོར་གྱིས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་ཡོང་བར་ཤུགས་སྣོན།སློབ་གསོའི་ཚན་རྩལ་ཤེས་ལྡན་མི་སྣ་འཕེལ་རྒྱས་ཡོང་བར་གཅིག་གྱུར་གྱིས་སྐུལ་འདེད།དཔལ་འབྱོར་འཕར་སྣོན་ཡོང་བའི་སྒུལ་ཤུགས་གསར་པ་སྐྱེད་སྲིང་དང་རྒྱ་སྐྱེད་བཅས་བྱ་དགོས།ནང་མཁོ་རྒྱ་སྐྱེད་དང་སྒོ་འབྱེད་ལ་སྐུལ་འདེད།ཚོང་གཉེར་ཁོར་ཡུག་མུ་མཐུད་ཇེ་ལེགས་གཏོང་བ།གླིང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་བ།འཛད་སྤྱོད་ཀྱི་མི་མངོན་པའི་ནུས་ཤུགས་འདོན་སྤེལ་གང་མགྱོགས་དང་།ཕན་ནུས་ལྡན་པའི་མ་དངུལ་འཇོག་རྒྱ་ཆེ་རུ་ཧུར་ཐག་གཏོང་བ།གཉེར་སྐྱོང་གྲུབ་ཆ་གཙོ་བོ་ཁག་གི་གསོན་ཤུགས་འདོན་སྤེལ་གང་ལེགས།ནོར་སྲིད་དང་དངུལ་རྩའི་ལས་དོན་གྱི་ཕན་ནུས་ཆེར་གཏོང་།ཚོང་འགུགས་མ་འདྲེན་གྱི་ཕན་ནུས་ཆེར་གཏོང་།ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པའི་ཆུ་ཚད་ཆེར་གཏོང་།ས་ཁོངས་བར་རོགས་ལས་བྱེད་རྒྱ་ཟམ་མི་ཆད་པར་ཆེར་གཏོང་།འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེར་གཏོང་བཅས་བྱ་དགོས། མི་གཙོ་བོར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་།གྲོང་ཁྱེར་འཆར་འགོད་དང་འཛུགས་སྐྲུན་དམ་འཛིན་ཡག་པོ་བྱེད་པ།འཇོལ་རྫོང་མཁར་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ།རྫོང་མཁར་གཙོ་བོར་བྱེད་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ།གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་བདེ་ཆེན་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་དགོས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བའི་གོམ་སྟབས་མགྱོགས་སུ་གཏོང་བ་དང་།ཐབས་བརྒྱ་ཇུས་སྟོང་གིས་ཞིང་པའི་ཡོང་འབབ་རྒྱུན་མཐུད་དང་བརྟན་པོའི་ངང་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་བ།དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་མཐུད་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ།ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་དང་གཉེར་སྐྱོང་ཕན་འབྲས་ཆེ་རུ་གཏོང་བ།གནས་སྡོད་དང་།ལས་ཞུགས།མཛེས་སྡུག་ལྡན་པའི་གྲོང་གསེབ་བཅས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བ།གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱ་དགོས།འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་མགྱོགས་མྱུར་གསབ་ནས་ཆུའི་དྲ་བའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།ནུས་ཁུངས་འགན་སྲུང་དྲ་བ་གང་མགྱོགས་འཛུགས་པ།རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་བ།དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འདེགས་སྐྱོར་བརྟན་པོ་ཡོང་བ་བཅས་བྱ་དགོས།“བློ་སྦྱོང་”ལས་གྲྭ་སྐུལ་སྤེལ་གཏིང་ཟབ་དང་།སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ།རིག་གནས་བྱ་གཞག་དར་རྒྱས་ཤུགས་ཆེན།རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་མི་དམངས་ཀྱི་རིག་གནས་དགོས་མཁོ་སྐོང་བ་དང་མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་ཆེ་རུ་གཏོང་བ་གཉིས་གཅིག་གྱུར་ཡོང་བར་སྐུལ་སྤེལ་གཏོང་དགོས།བློ་བརྟན་འགྱུར་མེད་ངང་དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ་དང་།སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ལ་སྐུལ་འདེད་གཏོང་བ།མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ།འཕྲོད་བསྟེན་བདེ་ཐང་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།རིམ་པ་མང་བའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་།མི་འབོར་ཡུན་རིང་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་རྣམས་སྔར་ལས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་དགོས།སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་གཏོང་རྒྱུ་རྒྱུན་འཁྱོངས་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་ལས་ཀ་ཡག་པོ་སྒྲུབ་པ།མཛེས་སྡུག་ལྡན་པའི་བདེ་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་།ཚན་རིག་དང་མཐུན་པའི་སྒོ་ནས་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་འཆར་འགོད་བྱེད་པ།ལྗང་མདོག་ཐཱན་ཉུང་ཚུལ་སྒྱུར་འཕེལ་རྒྱས་མགྱོགས་སུ་གཏོང་བ་བཅས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་གདོང་ལེན་འཛུགས་སྐྱོང་ཁྲོད་མདུན་གྲལ་དུ་སྐྱོད་པར་འབད་དགོས།

གྲོས་ཚོགས་ཐོག་ནན་བཤད་གནང་དོན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་སྟེ་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྤེལ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་ཡོངས་ཀྱི་སྟོབས་ཤུགས་སྐུལ་སློང་གང་ལེགས་བྱེད་པ། ཁུལ་ཡོངས་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་མངག་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། དྲིན་དྲན་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པ་བཅས་བྱས་ནས། ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་དམིགས་འབེན་མངོན་འགྱུར་བྱེད་ཆེད་མཐུན་སྒྲིལ་འབད་འཐབ་བྱ་དགོས། 

ཚང་འཛོམས་གྲོས་ཚོགས་ཐོག་2026ལོར་ནུས་ཤུགས་ཡོད་རྒུསལོ་ལྔ་ཚན་བཅོ་ལྔ་པའིའགོ་ཡག་པོ་འཛུགས་རྒྱུའི་ཐད་བཀོད་སྒྲིག་བྱས། བརྟན་ལྷིང་ལ་བརྟེན་ནས་འཕེལ་རྒྱས་འགན་ལེན་བྱེད་པ། སྔོན་འགོགགི་རང་འགུལ་དམག་འཐབ་དང་ཐག་གཅོདཀྱི་གྲ་སྒྲིག་དམག་འཐབ་མཐའ་གཅིག་ཏུ་ཡག་པོ་རྒྱག་པ། བློ་སྦྱོང་དངརྨང་གཞི་བརྟན་གཏོངའདུ་འགོད་ཆེན་པོ་གཉིས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། ཕྱི་འདྲེན་དང་ནང་ཁུལ་གསོ་སྐྱོང་བྱེད་ཐབས་ཆེན་པོ་གཉིས་གསར་གཏོད་བྱེད་པ།ཐོན་ལས་རིགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་གཏོང་བ། རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ཤུགས་ཆེན་བྱེད། ཚོང་འགུགས་མ་འདྲེན་དམ་འཛིན་ཤུགས་ཆེན་བྱེད།ནང་མཁོའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས།བསྒྱུར་བཅོས་སྒོ་འབྱེད་ཟབ་སྤེལ་བྱེད། སྐྱེ་ཁམས་སྔོན་ལ་འཇོག་པ་དང་གནོད་མེད་ངང་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་བྱེད་དེ། ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་དང་། ཞིང་ལས་ཀྱི་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་འདེད་གཏོང་རྒྱུ་གཙོ་གནད་དུ་བཟུང་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་སྤེལ་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་བཅོས་གང་ཐུབ་བྱེད། མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་བས་ཆེ་རུ་གཏོང་དགོས། བདེ་འཇགས་ཀྱི་གཞི་ཐིག་བརྟན་སྲུང་བྱེད་པ་དང་།འཇོལ་རྫོང་གི་ཉེན་གཡོལ་གནས་སྤོ་མགྱོགས་སུ་སྐུལ་འདེད་གཏོང་།  ལུང་ཕན་ཆུ་གློག་ས་ཚིགས་ཀྱི་དུས་འགོའི་ལས་དོན་ལ་ཧུར་བརྩོན་བརྟན་བརླིང་ངང་སྐུལ་འདེད་ཧུར་ཐག་གཏོང་བ། སྲིད་གཞུང་གི་བུ་ལོན་དང་ཁྱབ་ཁོངས་གཞན་དག་གི་ཉེན་ཁ་སྔོན་འགོག་དང་སེལ་ཐབས་ཤུགས་ཆེན་བྱ་དགོས། ཏང་འཛུགས་སྐྱོང་བྱེད་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་། ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཨང་དང་པོར་བཞག  ལས་བྱེད་པ་དང་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱེད། སྤྱོད་ཚུལ་འཛུགས་སྐྱོང་རྒྱུན་གཏན་ཅན་དང་ཕུགས་ཕན་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བ།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་གཏོང་བཅས་བྱེད་དེ། བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས། 

ཚོགས་འདུའི་ཐོག་བསྟན་དོན། བདེ་ཆེན་གྱིལོ་ལྔ་ཚན་བཅོ་ལྔ་པའིའགོ་ཡག་པོ་འཛུགས་རྒྱུ་དེ་ནུས་ཤུགས་ཡོད་རྒུས་མངོན་འགྱུར་བྱུང་བར། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་ཡང་དག་པ་ངེས་པར་དམ་འཛིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད་བློ་བརྟན་འགྱུར་མེད་ངང་མདུན་དུ་བསྐྱོད་དགོས། སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་ཡང་དག་པ་ངེས་པར་དུ་འཛུགས་པ་དང་ལག་བསྟར་བྱེད་པ་དང་། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་སུ་བརྩིས། དངོས་སྒྲུབ་ལ་བརྟེན་ནས་དངོས་ཕན་བརྩོན་ལེན་བྱེད་པ། རྨང་གཞི་འདིང་བ་དང་། གཏིང་ཤུགས་ཆེ་རུ་གཏོང་བ། ཡུན་རིང་ཕན་པ་བཅས་ཀྱི་ལས་དོན་མང་ཙམ་བསྒྲུབ་དགོས། ངེས་པར་དུ་ལས་ཀའི་འགན་འཁྲི་ནན་དུ་གཏོང་བ་དང་། འགན་འཁྲི་འཁུར་མཁས་པོ། སྤྱོད་ཚུལ་ལེགས་འགྱུར་བཅས་བྱས་ནས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཟེར་འདེབས་པ་ལྟ་བུའི་སྙིང་སྟོབས་ཐོག་ནས་དོན་འཁྱོལ་དམ་འཛིན་བྱེད་དགོས།ངེས་པར་དུ་ལས་བྱེད་པའི་རུ་ཁག་གི་སྲིད་ཇུས་སློབ་སྦྱོང་ཞིབ་འཇུག་དང་བེད་སྤྱོད། གཅིག་གྱུར་མཐུན་སྦྱོར། རུལ་རྒོལ་འགྱུར་འགོག་བཅས་ཀྱི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བ་དང་། དཔུང་ཁག་གི་སྐྱེ་སྟོབས་དང་གསོན་ཤུགས་རྒྱུན་འཁྱོངས་བྱེད་དགོས།

ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་།  ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་ཀྱི་རྩ་གནད་དང་ཆེད་དོན་འཆར་འགོད་བཟོ་འགོད་དམ་འཛིན་བྱེད་པ། གནམ་ལོ་གསར་པ་དང་དཔྱིད་གསར་དུས་ཆེན་རིང་གི་དམངས་འཚོའི་ཚོང་ཟོག་གལ་ཆེན་ཁག་མཁོ་འདོན་དང་ཐུགས་ཁུར་འཚམས་འདྲི་སོགས་ཀྱི་ལས་ཀ་གཅིག་གྱུར་བྱེད་པ། ཡོམ་འགོག་གེགས་སེལ་དང་གཞུང་ལམ་འགྲིམ་འགྲུལ་བདེ་འཇགས། མི་བསད་ཀྱི་གྱོད་དོན་སྔོན་འགོག་ཚོད་འཛིན། ནགས་ཚལ་མེ་འགོག  མེ་ཟོན་བདེ་འཇགས། དྲོད་ཚད་དམའ་བའི་གངས་ཆར་གྱི་འཁྱགས་འཁེངས་འགོག་ཟོན། ཞིང་པ་ལས་མིའི་གླ་ཕོགས་འགྱངས་ཆད་བཅོས་སྐྱོང་སོགས་ལས་ཀ་ཁག་གཅིག་འགྱུར་བྱེད་དེ། སྤྱི་ཚོགས་ཁྱོན་ཡོངས་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་གནང་དོན། ཁུལ་ཡོངས་ཀྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མི་རིགས་ཁག་གི་མང་ཚོགས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་དང་།ཞིང་ཨུའི་ནུས་ལྡན་གྱི་འགོ་ཁྲིད་འོག་བསམ་བློ་བཅིངས་འགྲོལ་དང་།བསྒྱུར་བཅོས་གསར་གཏོད། སྙིང་སྟོབས་ཆེར་བསྐྱེད། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ཧུར་ཐག་བརྩམས་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་ཡོང་ཆེད་ཐུན་མོང་ཐོག་འབད་འཐབ་བྱེད་དགོས།

责任编辑:七林卓玛

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་སྟེ་ཁུལ་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་སེམས་ཀྱི་ཉི་ཟླར་འཚོགས། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། ལུའོ་ཁྲའོ་ཧྥེང་གིས་གསུང་བཤད་གནང་། ཀྲང་ཝེ་ཏུང་གིས་དཔལ་འབྱོར་ལས་དོན་བཀོད་སྒྲིག་གནང་།

བདེ་ཆེན་ཁུལ་གྱི་“ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་སྤུས་ཚད་མཐོ་བའི་སྒོས་ནས་ལེགས་གྲུབ་ཡོང་བའི་”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འཇོལ་རྫོང་ཆེད་དོན་ཚོགས་འདུ་འཚོགས།

ཡུན་ནན་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད། དཔའ་མཛངས་རྟུལ་ཕོད་ཀྱིས་“ལོ་ལྔ་ཚན་བཅོ་ལྔ་པའི་”རིང་འབད་འཐབ་བྱས་ཏེ་རྣམ་པ་གསར་པ་གཏོད།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཁུན་མིང་དུ་འཚོགས།  ཞིང་ཨུའི་རྒྱུས་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།  ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།  

བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སེམས་ཀྱི་གྲོང་ཁྱེར་གྱི་ཆེད་དོན་ཚོགས་འདུ་འཚོགས།

ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་ཁུན་མིང་དུ་འཚོགས། ཝང་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཝང་ཡུས་པའོ་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་། ལིའུ་ཧུང་ཅན་དང་ལིའུ་ཞའོ་ཁའེ་ཚོགས་འདུར་ཞུགས།

བདེ་ཆེན་རུ་ཁག་མུའུ་ལ་རུ་སོང་། ཟླ་འདིའི་ཚེས་༢༧ཉིན་ཞི་ཧྲོང་པན་ན་རུ་ཁག་དང་འགྲན་བསྡུར་བྱ་རྒྱུ།

བདེ་ཆེན་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་ཀྱི་བསམ་འཆར་བསྡུ་ལེན་ལས་དོན་གཏིང་ཟབ་ཏུ་སྤེལ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com