中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཁུན་མིང་དུ་འཚོགས།  ཞིང་ཨུའི་རྒྱུས་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།  ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།  

ཁྱབ་བསྒྲགས་དུས་ཚོད་:2025-12-25 14:59:42 འབྱུང་ཁུངས་:云南发布

 ཀྲུང་གོའི་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྤྱི་བསྒྲགས།

2025ལོའི་ཟླ་12པའི་ཚེས་24ཉིན། ཀྲུང་གོའི་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་ཐོག་གྲོས་འཆམ་བྱུང་།)
图片

ཟླ་12པའི་ཚེས་24ཉིན།  ཀྲུང་གོའི་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཁུན་མིང་དུ་འཚོགས།

ཀྲུང་གོའི་གུང་ཁྲན་ཏང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་དེ་2025ལོའི་ཟླ་12པའི་ཚེས་24ཉིན་ཁུན་མིང་དུ་འཚོགས།

ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཨུའི་ཨུ་ཡོན་67དང་།ཞིང་ཨུའི་རྗེས་སྣོན་ཨུ་ཡོན་9ཞུགས་ཡོད་པ་དང་། ཞིང་ཆེན་སྒྲིག་ཨུའི་ཨུ་ཡོན། ཞིང་ཆེན་ལྟ་སྐུལ་ཨུ་ལྷན་གྱི་ཨུ་ཡོན་དང་དེ་བཞིན་འབྲེལ་ཡོད་ཕྱོགས་ཁག་གི་འགན་འཁུར་བློ་མཐུན།  ཞིང་ཆེན་གྱི་ཏང་གི་ཚོགས་ཆེན་ཐེངས་བཅུ་གཅིག་པའི་གཞི་རིམ་འཐུས་མི་ཁག་གཅིག་ཚོགས་འདུར་ཟུར་ཞུགས་བྱས།  

ཚང་འཛོམས་གྲོས་ཚོགས་དེ་ཞིང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ་དང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་། 

ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུམཐའ་འཁྱོངས་བྱས་པ་དང་། ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོངས་གྲོས་ཚོགས་ཚོགས་ཐེངས་ཁག་གི་དགོངས་དོན་ལག་བསྟར་བྱས་པ། ཝང་ཉིང་གིས་ཞིང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུ་ཉན་པ་དང་གྲོས་བསྡུར་བྱས། ཡུན་ནན་ཞིང་ཆེན་གྱི་2025ལོའི་ཏང་འཛུགས་སྐྱོང་ལས་དོན་སྐོར་གྱི་ཆེད་དོན་སྙན་ཞུ་དང་། ཀྲུང་གུང་ཡུན་ནན་ཞིང་ཨུའི་2025ལོར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱས་ཚུལ་སྐོར་གྱི་སྙན་ཞུ་ཉན་པ་དང་གྲོས་བསྡུར་བྱས།  《ཀྲུང་གུང་ཡུན་ནན་ཞིང་ཨུའི་ཡུན་ནན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་བསམ་འཆར་》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།   ཝང་ཉིང་གིས《བསམ་འཆར་(གྲོས་བསྡུར་མ་ཟིན་)》སྐོར་ཚང་འཛོམས་གྲོས་ཚོགས་ལ་གསལ་བཤད་གནང་བ་རེད།

图片
ཝང་ཉིང་གིས་གསུང་བཤད་གནང་བ།

ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱུང་དོན། “ལོ་ལྔ་ཚན་བཅུབཞི་པའི་”འཆར་འགོད་མཇུག་བསྡུ་བ་དང་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་སྒྲིག་བཟོ་བྱེད་པའི་ལོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་ཡུན་ནན་དུ་རྟོག་ཞིབ་ཕེབས་པ་དང་། མཐའ་མཚམས་ཀྱི་མི་རིགས་སོ་སོའི་མང་ཚོགས་དང་ལས་བྱེད་པ་ལ་སྐུལ་ལྕག་ཆེན་པོ་གནང་ཡོད།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་དུ་འགྱུར་བའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་ཁྱོན་ཡོངས་ནས་སྟོབས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གྲོས་ཚོགས་ཧ་ཅང་གལ་ཆེན་ཞིག་རེད། ཞིང་ཡོངས་གོང་འོག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་དང་། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་བྱས་པ་དང་། དམིགས་འབེན་གཏན་འཁེལ་དང་ཡར་རྒྱས་བརྩོན་ལེན་བྱས་ནས། ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ནུས་ཤུགས་ཡོད་རྒུས་གཏོད་དགོས། དོན་འཁྱོལ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་གཏན་འཁེལ་གཉིས་ལ་བརྩི་བཀུར་དང་སྲུང་སྐྱོང་གཉིས་མཐའ་གཅིག་ཏུ་སྒྲུབ་ཐུབ་པ་བྱ་དགོས

ཚང་འཛོམས་གྲོས་ཚོགས་ཐོག་ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་འཚོགས་ཚུན་གྱི་ཞིང་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་དང་།  གཅིག་མཐུན་གྱིས་ཞིང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེ་ཤོས་སུ་བརྩིས་ནས་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་ཚ་རླབས་མགྱོགས་མྱུར་ངང་དར་བ་དང་། ཕྱོགས་ཡོངས་ནས་དཔེ་བསྡུར་བྱས་ཏེ་ལག་བསྟར་བྱེད་ཐབས་འཆར་འགོད་བྱ་པ། རྒྱུན་ལྡན་རང་བཞིན་དང་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་ནས་དོན་སྒྲུབ་ཀྱི་རྣམ་འགྱུར་དང་འབད་བརྩོན་གྱི་བྱ་སྤྱོད་ཐོག་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་ཏང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་ཐོག་ནས་ཀྲུང་དབྱང་གི་སྐོར་ཞིབ་ལྟ་སྐུལ་དང་ལེན་བྱས་ཏེ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་གཏོང་བའི་སློབ་སྦྱོང་དང་སློབ་གསོ་ཏན་ཏིག་བྱས་ཏེ། “གནས་གཏན་འཁེལ་གསུམ་”འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བ་དང་། དཔལ་འབྱོར་ཕྱོགས་སྒྱུར་རིམ་སྤར་མགྱོགས་སུ་གཏོང་བ། ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་། དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་གཙོ་དང་ཁྲིམས་སྐྱོང་འཛུགས་སྐྱོང་དམ་འཛིན་ཡག་པོ་བྱས་པ། དྲིལ་བསྒྲགས་བསམ་བློ་རིག་གནས་ལས་དོན་ཡག་པོ་སྒྲུབ་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་ནུས་ལྡན་ངང་སེལ་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་སྐུལ་འདེད་གཏོང་བར་རྒྱུན་འཁྱོངས་བྱས་པ།  "3815"འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་ལོ་གསུམ་ནང་སྐས་རིམ་གསར་པར་སླེབས་པའི་ལས་འགན་བདེ་བླག་ངང་ལེགས་གྲུབ་བྱུང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡུན་ནན་ལག་ལེན་གོམ་སྟབས་བརྟན་པོ་སྤོས་ཡོད།

ཚང་འཛོམས་གྲོས་ཚོགས་ཐོག་ངོས་འཛིན་བྱུང་དོན།  “ལོ་ལྔ་ཚན་བཅུ་བཞི་པའི་”དུས་སྐབས་ནི་ཡུན་ནན་འཕེལ་རྒྱས་ཧ་ཅང་སྤྱིར་བཏང་མིན་པ་དང་གྲུབ་འབྲས་ཕུན་སུམ་ཚོགས་པའི་ལོ་ལྔ་ཡིན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་འོག  ཞིང་ཨུ་ཡིས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་དུ་བསྐྱོད་པར་སྐུལ་འདེད་བཏང་བ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་མཐོ་འདེགས་གསར་པ་མངོན་འགྱུར་བྱུང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གདོང་ལེན་དམག་གིས་རྣམ་པ་གསར་པ་མངོན། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྩིབས་འཕྲོ་ལྟེ་གནས་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་ཐོབ། ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་ལས་ལྷག་པརགཏིང་ཟབ་ཏུ་གཏོང་བའི་གོམ་སྟབས་གསར་པ་སྤོས་པ། དམངས་འཚོའི་བདེ་རྩ་ལེགས་བཅོས་གསར་པ་བྱུང་བ། འཆམ་མཐུན་བརྟན་ལྷིང་གི་རྣམ་པ་སྲ་བརྟན་གསར་པ་བྱུང་བ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་་ཕན་འབྲས་གསར་པ་ཐོབ་ཡོད།  གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་་ཏང་ཀྲུང་དབྱང་གི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡིས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་ཡོད། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའིམི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་། འབད་འཐབ་བྱས་ནས་མདུན་སྐྱོད་བྱས་པའི་འབྲས་བུ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནི་ཡུན་ནན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་སྤྱིའི་གཞི་འཛིན་ས་དང་སྤྱིའི་ཁྲིད་སྟོན་ཡིན་ལ། ངེས་པར་དུ་བློ་བརྟན་འགྱུར་མེད་ངང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་བྱས་པའི་ཁ་ཕྱོགས་དང་བསྟུན་ནས་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱས་ཏེ། བློ་ཐག་ཆོད་པོས་སྤྱི་ཁྱབ་ཧྲུའུ་ཅི་ལ་བཀའ་བཀོད་ཡོད་པ་དང་ཏང་ཀྲུང་དབྱང་ལ་བཀོད་སྒྲིག་ཡོད་། ཡུན་ནན་ལ་བྱ་སྤྱོད་ཡོད་པ་བྱེད་དགོས།   སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ནི་ཡུན་ནན་དེང་རབས་ཅན་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་ཡིན་པས།  ངེས་པར་དུ་གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་དང་གནད་ལ་འཁེལ་ཞིང་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། བལྟོས་བཅས་ཀྱི་དགེ་མཚན་འདོན་སྤེལ་བྱེད་དེ་“དཔལ་འབྱོར་ཆེན་པོ་གསུམ་”སྟོབས་ཆེར་གཏོང་བ། དཔལ་འབྱོར་གྲངས་ཚད་ལུགས་མཐུན་ངང་འཕར་བའི་ཐད་འཕེལ་རྒྱས་གསར་པ་ཡོང་བ་དང་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་བའི་ཐད་ཚད་བརྒལ་གསར་པ་མངོན་འགྱུར་བྱུང་བར་སྐུལ་འདེད་གཏོང་དགོས།  ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ལ་འཚོ་བ་དེ་བས་སྐྱིད་པོ་གཏོང་དུ་བཅུག་རྒྱུ་ནི་ཡུན་ནན་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཐོག་མའི་དམིགས་ས་དང་དོན་ལ་འབབ་ས་ཡིན་པས ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་གཏིང་ཟབ་གཏོང་བ་དང་། དམངས་འཚོའི་དོན་དག་དམ་འཛིན་གནད་ལ་འཁེལ་བ་དང་ཡུན་རིང་སྒྲུབ་པ་བྱེད་དགོས། མཐའ་མཚམས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ནི་ཡུན་ནན་གྱི་ཕྲག་ཏུ་འཁུར་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པས།ངེས་པར་དུ་འཕེལ་རྒྱས་དང་བདེ་འཇགས་གཅིག་འགྱུར་འཆར་འགོད་སྔར་ལས་ལེགས་པོ་བྱེད་དེ་མཐའ་མཚམས་མི་རིགས་ས་ཁུལ་གྱི་བཅོས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་རྒྱབ་ནས་མེས་རྒྱལ་གྱི་ལྷོ་ནུབ་རྒྱལ་སྒོ་མཐའགཅིག་ཏུ་སྲུང་སྐྱོང་བྱེད་དགོས། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ་ནི་ཡུན་ནན་གྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བའི་གཞི་རྩའི་འགན་ལེན་ཡིན་པས། ངེས་པར་དུ་རང་ཉིད་གསར་བརྗེའི་སྙིང་སྟོབས་དར་སྤེལ་བཏང་ནས་རིམ་པ་ཁག་གི་ཏང་རྩ་འཛུགས་དེ་བས་སྟོབས་ལྡན་དུ་འཛུགས་སྐྱོང་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།   “ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ནི་རང་ཞིང་ཆེན་གྱི་དཔལ་འབྱོར་ཕྱོགས་བསྒྱུར་རིམ་སྤོར་གྱི་དུས་སྐབས་གནད་འགག་དང་སྲིད་ཇུས་རིམ་རྩེག་གློད་པའི་གོ་སྐབས  “3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་འཕེལ་རྒྱས་ཆེན་པོ་བྱུང་བའི་ལོ་བརྒྱད་ཀྱི་རྒྱལ་ཁ་ཕུ་ཐག་ཆོད་པའི་དུས་སྐབས་སུ་སླེབས་ཡོད།  ཚང་འཛོམས་གྲོས་ཚོགས་ཐོག་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་བླང་བྱ་གསལ་པོ་བཟོ་ཡོད་དེ།  མར་ཁེ་སི་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། “འཐུས་མི་གསུམ་”གྱི་བསམ་བློ་གལ་ཆེན་དང་། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་པ་དང་།  ཕྱོགས་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱེད་པ།  ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཚོགས་ཐེངས་ཁག་གི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་གཏོང་བ།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལྟེ་བའི་ལས་འགན་ལ་སྐུལ་འདེད་གཏོང་རྒྱུ་ལ་དམིགས་ནས་“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་གཅིག་གྱུར་གྱིས་སྐུལ་འདེད་གཏོང་བ་དང་། མཐུན་སྦྱོར་གྱིས“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་གཏོང་བ།  གོང་འཕེལ་གྱི་བསམ་གཞི་གསར་པ་ཆ་ཚང་དང་གནད་ལ་འཁེལ་ཞིང་ཁྱོན་ཡོངས་ནས་ལག་བསྟར་བྱེད་དེ་རང་འགུལ་ངང་འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། “མཆོང་སྐྱོད་གཅིག”དང་། “གནས་གཏན་འཁེལ་གསུམ། ”“འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། ”བཅས་ཀྱི་སྤྱིའི་རྩ་དོན་ལ་དམ་པོར་འཛིན་པ།  “3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམིགས་ནས་འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ།  དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་པ་དང་། སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་བརྗོད་བྱ་གཙོ་བོར་བྱེད་པ། གསར་གཏོད་བསྒྱུར་བཅོས་བྱ་རྒྱུ་རྩ་བའི་སྒུལ་ཤུགས་དུ་བྱེད་པ། སྒོ་འབྱེད་རྒྱ་ཆེར་གཏོང་རྒྱུ་ཐབས་ལམ་གལ་ཆེན་དུ་བྱེད་པ། མི་དམངས་ཀྱི་ཉིན་རེ་བཞིན་འཕར་སྣོན་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་སྐོང་རྒྱུ་རྩ་བའི་དམིགས་ཡུལ་དུ་བྱེད་པ། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་རྩ་བའི་འགན་སྲུང་དུ་བྱེད་པ་བཅས་བྱས་ནས། ཐོན་ཁུངས་ཀྱི་དཔལ་འབྱོར་དང་གླིང་ཁུལ་གྱི་དཔལ་འབྱོར། འགག་སྒོའི་དཔལ་འབྱོར་བཅས་གཞི་གཅིག་ཏུ་སྐུལ་འདེད་གཏོང་བ།  ཁྲོམ་ར་ཅན་དང་། ཐོན་ལས་ཅན། ཁྲིམས་སྐྱོང་ཅན། སྐྱེ་ཁམས་ཅན། གྲངས་གཞི་ཅན་བཅས་ཀྱི་འཕེལ་རིམ་མགྱོགས་སུ་གཏོང་ཤུགས་ཆེ་རུ་གཏོང་བ། ཡུན་ནན་གྱི་ཁྱད་ཆོས་ལེགས་ཆ་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་འཛུགས་སྐྱོང་དང་། རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གདོང་ལེན་དམག  ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྩིབས་འཕྲོ་ལྟེ་གནས་འཛུགས་སྐྲུན་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་བཏང་སྟེ། མིའི་ཕྱོགས་ཡོངས་ཡར་རྒྱས་ཡོང་བ་དང་མི་རིགས་སོ་སོའི་མི་དམངས་ཐུན་མོང་ཕྱུག་པོར་འགྱུར་བའི་གོམ་སྟབས་བརྟན་པོ་སྤོ་རྒྱུར་སྐུལ་འདེད་བཏང་ནས། རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་མངོན་འགྱུར་བྱུང་བར་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་ཡོང་བའི་འགན་ལེན་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་སྐབས་ཀྱི་ཡུན་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་བཏོན་པ་སྟེ། 2035ལོར་སླེབས་སྐབས་རྒྱལ་ཡོངས་དང་དུས་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་དམིགས་ཚད་གཞི་རྩའི་ཆ་ནས་མངོན་འགྱུར་བྱུང། “3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་གྱི་འཕེལ་རྒྱས་ཆེན་པོའི་ལོ་བརྒྱད་ཀྱི་བླང་བྱ་ལྟར།“ལོ་ལྔ་ཚན་བཅོ་ལྔ་པའི་”དུས་མཇུག་ཏུ་སླེབས་དུས། དཔལ་འབྱོར་ཕྱོགསསྒྱུར་རིམ་སྤོར་ལ་རྩ་བའི་རང་བཞིན་གྱི་འཕེལ་རྒྱས་ཐོབ་པ། སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་བུའི་ཐོག་བསྐྱོད་དེ།  རང་རྒྱལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གིགདོང་ལེན་དམག  ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་རྩིབས་འཕྲོ་ལྟེ་གནས་འཛུགས་སྐྲུན་ལ་ཐག་གཅོད་རང་བཞིན་གྱི་འཕེལ་རྒྱས་བྱུང་ནས།  ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ནང་ཡུན་ནན་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་དགོས། 

ཚང་འཛོམས་གྲོས་ཚོགས་ཐོག“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོདརིང་གི་ཡུན་ནན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་འགན་ཁ་གསལ་བཏོན་ཡོད།  ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་འགག་སྒྲོལ་ལས་ཀ་ཡག་པོ་སྒྲུབ་པ། ཐོན་ཁུངས་ཅན་གྱི་ཐོན་ལས་སྟོབས་ཆེར་གཏོང་བ། ཁྱད་ལྡན་ལེགས་ལྡན་གྱི་ཐོན་ལས་སྲ་བརྟན་དང་ལེགས་སུ་གཏོང་བ། འཐབ་ཇུས་རང་བཞིན་ལྡན་པའི་གསར་དར་ཐོན་ལས་དང་འབྱུང་འགྱུར་གྱི་ཐོན་ལས་འཕེལ་རྒྱས་ཧུར་ཐག་གཏོང་བ། ཞབས་ཞུའི་ལས་རིགས་སྤུས་ལེགས་དང་ལས་ཆོད་ཆེ་བའི་སྒོ་ནས་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ། གླིང་ཁུལ་གྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་། ཡུན་ནན་གྱི་ཁྱད་ཆོས་ལྡན་པ་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྱོང་བྱ་དགོས།   ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ། སྒོ་འབྱེད་ལས་སྟེགས་སྣ་ཚོགས་བེད་སྤྱོད་ཡག་པོ་བྱེད་པ། བགྲོད་ལམ་ཆེན་པོ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཧུར་ཐག་གཏོང་བ། འགག་སྒོའི་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ཕྱི་ནང་མཉམ་འབྲེལ་གྱི་དངོས་ཟོག་སྐྱེལ་འདྲེན་མ་ལག་འཛུགས་པ། ཐོན་ལས་སྤོ་སྒྱུར་དང་ལེན་ཧུར་ཐག་བྱེད་པ། མི་ཆོས་སྤེལ་རེས་མཉམ་ལས་ཟབ་ཏུ་སྤེལ་བ། ཕྱོགས་ཡོངས་ནས་སྒོ་བྱེ་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏོད་དགོས། ཚན་རྩལ་གྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་བ། གསར་གཏོད་མ་ལག་གི་ཕན་ནུས་ཧྲིལ་པོ་ཆེ་རུ་གཏོང་བ། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། གྲངས་ཀའི་ཡུན་ནན་འཛུགས་སྐྲུན་གཏིང་ཟབ་ཏུ་སྤེལ། སློབ་གསོའི་ཚན་རྩལ་ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བར་གཅིག་གྱུར་ངང་སྐུལ་འདེད་གཏོང་བ། གསར་གཏོད་ཅན་གྱི་ཡུན་ནན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་དགོས།   དཔལ་འབྱོར་འཁོར་རྒྱུག་ཐོགས་མེད་གཏོང་བ་དང་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་འདོན་པར་སྐུལ་འདེད་གཏོང་། ཕན་ནུས་ལྡན་པའི་མ་དངུལ་འཇོག་རྒྱ་ཆེ་རུ་ཧུར་ཐག་གཏོང་བ། ནོར་སྲིད་དང་དངུལ་རྩ་བཅོས་སྐྱོང་དང་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་བ། གཉེར་སྐྱོང་གྲུབ་ཆ་གཙོ་བོ་ཁག་གི་གསོན་ཤུགས་སྐུལ་སྤེལ་གང་ལེགས་བྱེད། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཟང་པོ་འཛུགས་སྐྱོང་ཟབ་མོ་བྱེད་དེ།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ཤུགས་དང་གསོན་ཤུགས་ཆེ་རུ་གཏོང་དགོས།  མི་རྩ་བར་འཛིན་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་གཏིང་ཟབ་གཏོང་བ། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱེད། ས་ཁོངས་མཐུན་སྦྱོར་ངང་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ། ས་ཁང་བདག་ཁོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་ཚད་མགྱོགས་སུ་གཏོང་བ་དང་། ཞིང་པའི་ཡོང་སྒོ་འཕར་བའི་ཐབས་ལམ་ཟབ་ཏུ་སྤེལ་བ། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་བྱེད་ནུས་དང་གཉེར་སྐྱོང་ཕན་འབྲས་ཆེ་རུ་གཏོང་བ། ཞིང་ལས་ལ་ཤུགས་སྣོན་དང་ཞིང་པར་གཟིགས་སྐྱོང་ ཞིང་པ་ཕྱུག་པོར་སྒྱུར་བའི་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བ། ནགས་ཚལ་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་གཏོང་བ།གནས་སྡོད་དང་ལས་ཀར་འཚམ་ཞིང་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་དགོས།  དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་དང་། འགྲིམ་འགྲུལ་སྟོབས་ཆེའི་ཞིང་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། ས་མཐོའི་ལངས་གཟུགས་ཀྱི་ཆུའི་དྲ་བ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ནུས་ཁུངས་མ་ལག་གསར་པ་འཛུགས་སྐྲུན་བྱེད་ཚད་མགྱོགས་སུ་གཏོང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་འདེགས་སྐྱོར་ནུས་ལྡན་བྱེད་དགོས།  རིག་གནས་ལ་བརྟེན་ནས་ཞིང་ཆེན་སྟོབས་ཆེར་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། རིག་གནས་བྱ་གཞག་དར་རྒྱས་ཤུགས་ཆེན་གཏོང་བ། རིག་གནས་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་བ། ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་རྒྱ་ཆེ་རུ་གཏོང་དགོས། དམངས་འཚོའི་བདེ་སྐྱིད་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་པ་དང་། སྤུས་ཚད་མཐོ་བ་ཞིང་འདང་ངེས་ཀྱི་་ལས་ཞུགས་་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་བ། སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ། སྐྱོན་བྲལ་གྱི་ཡུན་ནན་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ། མི་འབོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  མི་རིགས་སོ་སོའི་མི་དམངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཏན་ཏིག་གཏོང་དགོས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། ཁྱོན་ཡོངས་ནས་ལྗང་མདོག་ཅན་གྱི་རྣམ་པ་བསྒྱུར་བ་ཇེ་མགྱོགས་སུ་གཏོང་བ། མཛེས་སྡུག་ལྡན་པའི་ཡུན་ནན་འཛུགས་སྐྲུན་ལ་མུ་མཐུད་ནས་དམ་འཛིན་ཡག་པོ་བྱེད་པ།  རང་རྒྱལ་གྱི་ལྷོ་ནུབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་འཛུགས་དགོས།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་གཏོང་བ་དང་།  ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྐྲུན་པ།  མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། མི་རིགས་ཁག་ཕྱོགས་ཡོངས་ནས་ལག་ལེན་ཁྲོད་ཞུགས་པའི་ཐབས་ལམ་རྒྱ་བསྐྱེད་པ། མི་རིགས་ཆོས་ལུགས་ལས་དོན་བཅོས་སྐྱོང་ཟབ་སྤེལ་བྱེད་པ།   ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་རྒུས་མཐའ་མཚམས་སྲ་བརྟན་སྲུང་སྐྱོང་བྱེད་པ་དང་། ཁྱབ་ཁོངས་གཙོ་བོའི་རྒྱལ་ཁབ་ཀྱི་བདེ་འཇགས་ནུས་ཤུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་པའི་བདེ་འཇགས་བཅོས་སྐྱོང་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྱོང་ལ་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ཞུ་བ། མེས་རྒྱལ་གྱི་ལྷོ་ནུབ་བདེ་འཇགས་བརྟན་ལྷིང་སྲུང་ཡོལ་བརྟན་དུ་གཏོང་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན།ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་བྱས་ནས“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོདམངོན་འགྱུར་བྱུང་ཆེད་འབད་འཐབ་བྱེད་པ་དང་།  ཏང་གིས་ཕྱོགས་ཡོངས་ལ་འགོ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་དང་ཤུགས་ཆེར་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྤེལ་བྱེད་པར་སྐུལ་འདེད་གཏོང་། དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་གང་ལེགས་བྱེད། མཐུན་སྒྲིལ་བྱེད་ཐུབ་པའི་སྟོབས་ཤུགས་མཐའ་དག་ལ་རྒྱ་ཁྱབ་ཏུ་མཐུན་སྒྲིལ་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡུན་ནན་ལག་ལེན་ལ་སྐུལ་འདེད་གཏོང་བའི་འགྲིལ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དཔའ་མཛངས་རྟུལ་ཕོད་ཀྱིས་“ལོ་ལྔ་ཚན་བཅོ་ལྔ་པའི་”རིང་འབད་འཐབ་བྱེད་དེ་རྣམ་པ་གསར་པ་གཏོད་པ། ངེས་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ། ཞིང་ཆེན་ཡོངས་ཀྱི་ལས་དོན་ལ་གཅིག་འདོམས་བྱེད་པ་བཅས་རྒྱུན་འཁྱོངས་ལྷོད་མེད་བྱེད་དགོས། ངེས་པར་དུ་ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། མི་དམངས་ཀྱི་ཆེད་དུ་སྲིད་དོན་བྱས་རྗེས་འཇོག་པ་དང་། དོན་དངོས་སྒྲུབ་པར་བརྟེན་ནས་སྲིད་དོན་བྱས་རྗེས་འཇོག་དགོས། ངེས་པར་དུ་ཏང་གི་འགོ་ཁྲིད་དང་ཏང་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྤྱོད་ཚུལ་གསར་བརྗེ་དང་ཕན་ནུས་གསར་བརྗེ་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྣང་ཚུལ་དང་ལས་སྒྲུབ་ལས་གཏོད་ཀྱི་ཁོར་ཡུག་བཟང་པོ་མུ་མཐུད་གཏོད་དགོས  

ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་ཡག་པོ་སྒྲུབ་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ཀྱི་རྩ་གནད་དང་ཆེད་དོན་འཆར་འགོད་བཟོ་འགོད་དམ་འཛིན་བྱེད་པ། སང་ལོའི་གཙོ་གནད་ལས་འགན་ཇུས་འགོད་དང་བཀོད་སྒྲིག་ཡག་པོ་བྱས་ནས། “ལོ་ལྔ་ཚན་བཅོ་ལྔ་པའི་”འགོ་ཡག་པོ་ཚུགས་པ་དང་གོམ་པ་ཡག་པོ་སྤོ་ཐུབ་པའི་འགན་ལེན་བྱེད་དགོས།

ཚང་འཛོམས་གྲོས་ཚོགས་ཀྱིས་《ཀྲུང་གོའི་གུང་ཁྲན་ཏང་གི་སྒྲིག་ཡིག་》དང་《ཀྲུང་གོའི་གུང་ཁྲན་ཏང་གི་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག་》གི་གཏན་འབེབས་ལྟར། ན་ཡུན་ཏེ་དང་། ཡུའེ་ཞིའུ་ཧུའུ། ཅང་ཧྭ། ཀྲང་ཝུན་ཝང་། དབྱང་མུའུ་བཅས་ཀྱིས་ཀྲུང་གུང་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་གྱི་ལས་གནས་དགོངས་ཞུ་བྱས་པར་ཆོག་མཆན་བཀོད་པ།  ཀའོ་ཀུའེ་ཁྲའོ་ཡིས་ཀྲུང་གུང་ཡུན་ནན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་རྗེས་སྣོན་ཨུ་ཡོན་གྱི་ལས་གནས་དགོངས་ཞུ་བྱས་པར་ཆོག་མཆན་བཀོད་པ།  ཀྲུང་གུང་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་རྗེས་སྣོན་ཨུ་ཡོན་ལི་ཝེ་དང་། ལི་ཡུང་ཧོ། ལི་ཀྲུང་ཧའེ། དབྱང་ཀྲེང་ཆོན། དབྱང་ཆིའུ་ཕིང་བཅས་ཀྲུང་གུང་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་རིམ་གསབ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

ཚང་འཛོམས་གྲོས་ཚོགས་ཐོག་འབོད་སྐུལ་གནང་དོན། ཞིང་ཆེན་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་བསམ་བློར་བཅིངས་འགྲོལ་དང་། སྒྱུར་བཅོས་གསར་གཏོད། སྙིང་སྟོབས་ཆེར་སྐྱེད་དང་ཡར་རྒྱས་བརྩོན་ལེན། དམ་པ་དོན་གཉེར་བཅས་ཀྱི་སྒོ་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཡུན་ནན་གྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས།

责任编辑:七林卓玛

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཁུན་མིང་དུ་འཚོགས།  ཞིང་ཨུའི་རྒྱུས་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།  ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།  

བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སེམས་ཀྱི་གྲོང་ཁྱེར་གྱི་ཆེད་དོན་ཚོགས་འདུ་འཚོགས།

ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་ཁུན་མིང་དུ་འཚོགས། ཝང་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཝང་ཡུས་པའོ་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་། ལིའུ་ཧུང་ཅན་དང་ལིའུ་ཞའོ་ཁའེ་ཚོགས་འདུར་ཞུགས།

བདེ་ཆེན་རུ་ཁག་མུའུ་ལ་རུ་སོང་། ཟླ་འདིའི་ཚེས་༢༧ཉིན་ཞི་ཧྲོང་པན་ན་རུ་ཁག་དང་འགྲན་བསྡུར་བྱ་རྒྱུ།

བདེ་ཆེན་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་ཀྱི་བསམ་འཆར་བསྡུ་ལེན་ལས་དོན་གཏིང་ཟབ་ཏུ་སྤེལ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་ཞིང་ཆེན་ཚན་རྩལ་ཐིང་དུ་འབྲེལ་མཐུད་ལས་དོན་སྙན་སེང་ཞུ་པར་ཕེབས། 

བདེ་ཆེན་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་མ་ལེ་ཞི་ཡའི་ཅི་ལུང་ཕོར་འཚོགས།

ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་144པ་འཚོགས། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com