བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སེམས་ཀྱི་གྲོང་ཁྱེར་གྱི་ཆེད་དོན་ཚོགས་འདུ་འཚོགས།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་བ་༡༢པའི་ཚེས་༢༣ཉིན། བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་ཆེད་དོན་ཚོགས་འདུ་འཚོགས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཁྱོན་ཡོངས་ནས་ལོ་ལྔའི་འཆར་གཞི་ཨང་བཞི་པའི་རིང་གི་གྲོང་ཁྱེར་ཡོངས་ཀྱིས་བརྟན་ལྷིང་དང་འཕེལ་རྒྱས།སྐྱེ་ཁམས། མཐའ་མཚམས་བརྟན་ལྷིང་བཅས་ཁྱབ་ཁོངས་སུ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ་ངོ་སྤྲོད་བྱས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འཕེལ་རྒྱས་སྒྱུར་བཅོས་ཅུས་དང་བདེ་ཆེན་ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་སེམས་ཀྱི་ཉི་ཟླ་ཡན་ལག་ཅུས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྡོད་ཁང་དང་འཛུགས་སྐྲུན་ཅུས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་བཅས་ཀྱི་འགན་འཁུར་བས་གསར་འགོད་པའི་དྲི་བར་ལན་བཏབ།

སྤྱི་ཚོགས་ཀྱི་སྤྱི་ཡོངས་རྒྱུན་མཐུད་བརྟན་ལྷིང་དང་ལེགས་སུ་ཕྱིན། ཐོག་མཐའ་བར་གསུམ་དུ་ཆབ་སྲིད་བརྟན་ལྷིང་དང་མི་རིགས་མཐུན་སྒྲིལ་དེ་ལས་འགན་ཨང་དང་པོར་བརྩིས་ནས་བསྟུད་མར་ལོ་ངོ་བཅུ་བདུན་རིང་དོན་ཆེན་མི་བྱུང་བ་དང་དོན་ཆུང་ཚོད་འཛིན་བྱེད་ཐུབ་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་བྱས་ཏེ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་བདེ་བླག་ངང་གསར་སྐྲུན་བྱས་ཤིང་བསྟུད་མར་ཐེངས་བཞི་རྒྱལ་ཡོངས་གཉིས་སྐྱོར་དཔེ་སྟོན་གྲོང་ཁྱེར་གྱི་གཟིངས་བསྟོད་ཐོབ། ༢༠༢༣ལོར་ཞིང་ཆེན་རིམ་པའི་དཔལ་ཡོན་གྲོང་ཁྱེར་དུ་བདམས་ཐུབ་ཅིང་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་ཁྱེར་གྱི་མིང་འདོན། གཙང་གསུམ་དབུས་རྒྱུད་ཀྱི་སེ་འབྲུ་དམར་པོ་སོགས་ཀྱི་ལས་གྲྭ་ལག་བསྟར་བྱས་པ་དང་། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལག་ལེན་གཏིང་ཟབ་ཏུ་བཏང་སྟེ། ལོ་བརྒྱ་སླེབས་རན་པའི་ཡུན་ནན་དང་སི་ཁྲོན་ས་མཚམས་ཀྱི་ཐོན་ཁུངས་ཀྱི་རྩོད་གཞི་བདེ་བླག་ངང་འདུམ་འགྲིག་ཐག་གཅོད་བྱས་ཐུབ་ནས་མང་ཚོགས་ཀྱི་བདེ་འཇགས་དང་བློ་ཡིད་ཚིམ་ཚད་བརྒྱ་ཆ་གོ་ལྔ་ཟིན།
དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན། མི་རེའི་ཆ་སྙོམས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་༢༠༢༠ལོའི་སྒོར་ཁྲི་བརྒྱད་སྟོང་དྲུག་བདུན་བརྒྱ་ནས་༢༠༢༤ལོའི་སྒོར་ཁྲི་དགུ་སྟོང་བརྒྱད་དྲུག་བརྒྱ་བར་འཕར་ནས་ཞིང་ཆེན་ཡོངས་ཀྱི་རྫོང་དང་གྲོང་ཁྱེར་གྱི་མདུན་གྲལ་དུ་སླེབས། ༢༠༢༥ལོའི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་བྱས་ན་སྒོར་ཐེར་འབུམ་ཆེན་མོ་གཅིག་ཐེར་འབུམ་དགུ་ལས་བརྒལ། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་བསྡོམས་འབོར་སྒོར་ཐེར་འབུམ་ཆེན་མོ་བཞི་ཐེར་འབུམ་གཉིས་དང་བྱེ་བ་བཞི་ལེགས་གྲུབ་བྱུང་། ས་ཁུལ་གཞན་གྱི་མ་དངུལ་ཁྱོན་བསྡོམས་སྒོར་ཐེར་འབུམ་བདུན་དུང་ཕྱུར་ལྔ་བྱེ་བ་གསུམ་ས་ཡ་བདུན་ནང་འདྲེན་བྱས་པ་དང་གཙོ་གནད་རྣམ་གྲངས་བརྒྱ་དང་བཅུ་མེད་བཞི་ལག་ལེན་བསྟར་ནས་ཕན་འབྲས་ཡག་པོ་ཐོབ་སྟེ། གཉེར་སྐྱོང་གཙོ་གཟུགས་དུད་ཚང་ཁྲི་གཉིས་དང་བཞི་བརྒྱ་མང་དུ་ཕྱིན་པ་དང་དམངས་གཉེར་དཔལ་འབྱོར་གྱི་རིན་ཐང་འཕར་ཚད་རྒྱལ་དམངས་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་བརྒྱ་ཆ་ཞེ་ལྔ་དང་ཚེག་དགུ་ཟིན།
རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱིས་དབྱར་མཚོ་རྒྱས་པ་ལྟར་བུའི་གསོན་ཤུགས་ཐོན། རྡོ་མཁར་གནའ་གྲོང་དེ་རྒྱལ་ཁབ་རིམ་པའི་མཚན་མོའི་རིག་གནས་ཡུལ་སྐོར་འཛད་སྤྱོད་འདུ་འཛོམས་ཁུལ་དུ་གདེང་འཇོག་ཐོབ་པ་དང་སྟག་མཆོང་གྲོག་རོང་གི་རྐང་ཐང་ལམ་ཐིག་དེ་རྒྱལ་ཡོངས་ཀྱི་སྤུས་ལེགས་ལམ་ཐིག་ཆེན་པོ་བཅུའི་ནང་བདམས། སེམས་ཀྱི་ཉི་ཟླ་དེ་ཀྲུང་གོའི་ཡུལ་སྐོར་བྱ་ཡུལ་ཆེན་པོ་བཅུའི་ནང་ངེས་པར་དུ་འགྲོ་དགོས་པའི་གྲོང་ཁྱེར་གྱི་གྲས་སུ་ཚུད། ༢༠༢༤ལོར་ཡུལ་སྐོར་བ་མི་ཐེངས་བྱེ་བ་གཉིས་ས་ཡ་གཉིས་འབུམ་ལྔ་ཁྲི་བཞི་སྟོང་དྲུག་སྣེ་ལེན་བྱས་པ་དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་ཐེར་འབུམ་ཆེན་མོ་གཉིས་ཐེར་འབུམ་ལྔ་དུང་ཕྱུར་དྲུག་བྱེ་བ་གསུམ་ས་ཡ་ལྔ་ཟིན་ཏེ། ༢༠༢༠ལོ་དང་བསྡུར་ན་ལྡབ་གཉིས་ཚེག་ལྔ་དང་གཉིས་ཚེག་དགུ་འཕར། ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་བཅུ་གཅིག་པའི་བར་དམིགས་ཚད་དེ་གཉིས་སླར་ཡང་བརྒྱ་ཆ་ཉེར་གཅིག་དང་བརྒྱ་ཆ་ཉེར་བདུན་འཕར་ནས་མང་ཚོགས་ཕྱེད་ཀ་ལྷག་གིས་ཐད་ཀར་རམ་གཞན་བརྒྱུད་ཀྱིས་རིག་གནས་ཡུལ་སྐོར་གྱི་འབྲེལ་ཡོད་ལས་རིགས་ལས་བཞིན་ཡོད།
ཁྱད་ལྡན་དང་དགེ་མཚན་ལྡན་པའི་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཆེ་རུ་ཕྱིན། འབྲི་གཡག་ཤ་དང་ཀུ་ཀུ་ཤ་མོ་སོགས་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྤུས་གཙང་དུ་བདམས། རྒྱལ་ཡོངས་ཀྱི་བེ་ཤྭ་ཟོག་འདྲེན་བྱེད་པའི་མཁའ་ལམ་དང་པོ་ཤར་གཏོང་ཐུབ་པ་དང་སེམས་ཀྱི་ཉི་ཟླའི་བེ་ཤྭ་བསྟུད་མར་ལོ་གཉིས་རིང་ཀྲུང་གོའི་བེ་ཤྭ་རིགས་ས་ཁོངས་ཀྱི་སྤུས་རྟགས་རིན་ཐང་ཨང་དང་པོའི་གཟི་བརྗིད་ཐོབ། བེ་ཤྭ་སྤུས་རྟགས་ཀྱི་རིན་ཐང་སྒོར་ཐེར་འབུམ་བཞི་ཡན་ཟིན་པ་དང་སྒོར་ཐེར་འབུམ་གསུམ་གྱི་ཨ་བི་ཁའི་མ་འཇོག་གྲོས་མཐུན་བཞག ༢༠༢༤ལོར་བཟོ་ལས་འཕར་སྣོན་རིན་ཐང་སྒོར་ཐེར་འབུམ་བཞི་དུང་ཕྱུར་དྲུག་བྱེ་བ་ལྔ་ས་ཡ་བརྒྱད་ལེགས་གྲུབ་བྱུང་བ་དེ། ཁུལ་ཡོངས་ཀྱི་བརྒྱ་ཆ་རེ་ལྔ་ཡན་ཟིན། ༢༠༢༤ལོར་གྲོང་ཁྱེར་ཡོངས་ཀྱི་སྤྱི་ཚོགས་ཀྱི་གློག་ཤུགས་ཐོན་ཚད་ཆུ་ཚོད་རེར་སྟོང་ཝ་ཐེར་འབུམ་ཆེན་མོ་གཅིག་ཐེར་འབུམ་གསུམ་དུང་ཕྱུར་དྲུག་ཟིན་ནས་༢༠༢༠ལོའི་ལྡབ་བཞི་ཚེག་དགུ་ཟིན།
དམངས་འཚོ་བདེ་སྐྱིད་ཀྱི་འགན་སྲུང་མངོན་གསལ་དོད་པོས་མཐོ་རུ་ཕྱིན། ནོར་སྲིད་གཏོང་སྒོ་བརྒྱ་ཆ་བརྒྱད་ཆུ་ཡན་དམངས་འཚོ་འགན་སྲུང་ཐད་སྤྱོད་པ་དང་རིམ་རྩིས་བྱས་ན་གྲོང་ཁྱེར་དང་གྲོང་རྡལ་ཀྱི་སྡོད་དམངས་དང་གྲོང་གསེབ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་༢༠༢༠ལོ་ལས་སྒོར་བརྒྱད་སྟོང་བརྒྱད་བརྒྱ་རེ་གཉིས་དང་སྒོར་བཞི་སྟོང་བཞི་བརྒྱ་རེ་བདུན་འཕར་ཞིང་ལོ་རེའི་ཆ་སྙོམས་འཕར་ཚད་བརྒྱ་ཆ་ལྔ་ཚེག་གསུམ་དང་བརྒྱ་ཆ་དགུ་ཚེག་བཞི་ཟིན་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སླེབས། ལོ་ངོ་བཅོ་ལྔའི་རིན་མེད་སློབ་གསོ་ཡོངས་སུ་ཁྱབ་པ་དེ་ཞིང་ཆེན་ཡོངས་ཀྱི་སྔོན་དུ་མངོན་འགྱུར་བྱུང་། གྲོང་ཁྱེར་མི་དམངས་སྨན་ཁང་བསྐྲུན་ནས་བཀོལ་སྤྱོད་བྱེད་འགོ་ཚུགས་པ་དང་། ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་རྒྱལ་ཁབ་ཀྱི་གཞི་རྩའི་ཚད་གཞིའི་བསྡུར་ཚད་ཀྱི་བརྒྱ་ཆ་བརྒྱ་ཟིན་པ་དང་གྲོང་ཚོའི་འཕྲོད་བསྟེན་ཁང་རྒྱལ་ཁབ་ཀྱི་གཞི་རྩའི་ཚད་གཞིའི་བསྡུར་ཚད་ཀྱི་བརྒྱ་ཆ་གོ་གཉིས་ཟིན། ཀྲུང་ལུགས་དང་བོད་ལུགས་གསོ་རིག་ཞབས་ཞུ་ཡོངས་སུ་ཁྱབ། རྒྱལ་ཁབ་འཕྲོད་བསྟེན་གྲོང་ཁྱེར་འཛུགས་པ་དེ་ཞིང་ཆེན་རིམ་པའི་ལག་རྩལ་དཔྱད་དཔོག་ཐུབ། གྲོང་གསེབ་ངལ་རྩོལ་ནུས་ཤུགས་སྤོ་སྒྱུར་ལས་ཞུགས་དེ་མི་ཐེངས་ཁྲི་ལྔ་ཡས་མས་ཚོད་འཛིན་བྱས་ཐུབ་པ་དང་། ལས་གཏོད་ཁག་ཐེག་དངུལ་བུན་སྒོར་དུང་ཕྱུར་གཉིས་བྱེ་བ་བརྒྱད་སྤྲད། གཞི་རྩའི་རྒན་གསོ་འགན་བཅོལ་ནང་ཞུགས་ཚད་བརྒྱ་ཆ་གོ་དྲུག་ཟིན་ཞིང་རྒན་པ་གཅིག་དང་བྱིས་པ་གཅིག་གཅེས་པའི་ཞབས་ཞུའི་དྲ་རྒྱ་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན།
གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་གཏོང་སྟེ་རྣམ་པ་གསར་པ་མངོན། སེམས་ཀྱི་ཉི་ཟླ་ནས་ས་དམ་བར་གྱི་མྱུར་བགྲོད་གཞུང་ལམ་དང་ས་དམ་ནས་སེམས་ཀྱི་ཉི་ཟླ་བར་གྱི་ལྕགས་ལམ་གཉིས་བསྐྲུན་ནས་ཤར་གཏོང་ཐུབ་སྟེ། ཕྱོགས་ཡོངས་ནས་མྱུར་བགྲོད་ཀྱི་དུས་རབས་དང་སྒུལ་འཁོར་ཀྱི་དུས་རབས་སུ་སླེབས། གྲོང་ཁྱེར་གྱི་བཙོག་ཆུ་བསྡུ་རུབ་བྱེད་ཚད་༢༠༢༠ལོའི་བརྒྱ་ཆ་བཅོ་ལྔ་ཚེག་ལྔ་ནས་བརྒྱ་ཆ་དོན་དྲུག་ཚེག་བདུན་བར་མཐོ་རུ་ཕྱིན་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་གནོད་མེད་གཙང་སེལ་བྱེད་ཚད་དང་གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཅིག་སྡུད་གཙང་སེལ་བྱེད་ཚད་བརྒྱ་ཆ་བརྒྱ་ཟིན། ༢༠༢༣ལོར་ཞིང་ཆེན་ཡོངས་གྱི་གྲོང་ཁྱེར་ལྔ་མཉམ་འཛུགས་ཞེས་པའི་གཙོ་གནད་རྫོང་དུ་བདམས། བསྟུད་མར་ལོ་བཞིའི་རིང་། གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་ཡུལ་མི་ལས་བརྒལ་ཞིང་། སྲིད་འཛིན་གྲོང་ཚོ་རེ་ལྔའི་ཐུན་མོང་དཔལ་འབྱོར་ལོ་རེར་སྒོར་ཁྲི་ལྔ་ལས་བརྒལ་བའི་ཁེ་བཟང་ཐོན།བཟང་པོ་བཞི་ལྡན་གྱི་གྲོང་གསེབ་ལམ་ཞེས་པའི་རྒྱལ་ཡོངས་ཀྱི་དཔེ་སྟོན་རྫོང་དུ་གདེང་འཇོག་ཐོབ། གྲོང་གསེབ་ཀྱི་གསང་སྤྱོད་གཙང་མ་ཁྱབ་གདལ་བྱེད་ཚད་བརྒྱ་ཆ་བརྒྱད་ཅུ་ཡན་ཟིན་པ་དང་། གྲོང་ཚོའི་འཚོ་བའི་གད་སྙིགས་ཐག་གཅོད་སྒྲིག་ཆས་ཁྱབ་ཚད་བརྒྱ་ཆ་གོ་ལྔ་ཡན་ཟིན། ཁྲི་སྟོང་མང་པོའི་དཔེ་སྟོན་ལས་གྲྭའི་ཞིང་ཆེན་རིམ་པའི་དཔེ་སྟོན་གྲོང་རྡལ་གཉིས་དང་ཞིང་ཆེན་རིམ་པའི་དཔེ་སྟོན་གྲོང་ཚོ། མཛེས་སྡུག་ལྡན་པའི་གྲོང་གསེབ་ཞེ་དྲུག་བསྐྲུན། གླིང་གཅིག་དང་ཁུལ་ལྔ་ཞེས་པའི་ཟོག་འགྲེམས་གླིང་སྐྲུན་པའི་འཆར་འགོད་དེ་དེང་རབས་ཟོག་འགྲེམས་མ་ལག་མགྱོགས་མྱུར་འཛུགས་པ་དང་། ཡུན་ནན་དང་སི་ཁྲོན། བོད་ལྗོངས་བཅས་ཀྱི་འབྲེལ་མཚམས་ས་ཁུལ་གྱི་ཚོང་དོན་ཟོག་འགྲེམས་བསྡུ་འགྲེམས་ཁུལ་མགྱོགས་མྱུར་ཆགས་པ་བྱ་རྒྱུ།
ལྗང་མདོག་འཕེལ་རྒྱས་ཀྱི་ཕན་འབྲས་མངོན་གསལ་དོད་པོ་བྱུང་། ནགས་ཚལ་ཁེབས་ཚད་བརྒྱ་ཆ་རེ་དྲུག་དང་ཚེག་བདུན་གསུམ་ཟིན། གྲོང་ཁྱེར་གྱི་མི་རེའི་ཆ་སྙོམས་པའི་སྤྱི་གླིང་གི་སྤང་ལྗང་རྒྱ་ཁྱོན་ནི་༢༠༢༠ལོའི་ལྡབ་གཉིས་ཟིན་པ་དང་མཁའ་རླུང་ཁོར་ཡུག་གི་སྤུས་ཚད་ལེགས་ཚད་བརྒྱ་ཆ་བརྒྱ་རྒྱུན་འཁྱོངས་བྱས་ཐུབ། ནགས་འོག་དཔལ་འབྱོར་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་དྲུག་བྱེ་བ་བཞི་ས་ཡ་བདུན་ཟིན་ཏེ་༢༠༢༠ལོའི་ལྡབ་གཅིག་ཚེག་ལྔ་ཟིན། ཞིང་ཆེན་ཡོངས་ཀྱི་ཐཱན་འབུད་དབང་གཏའ་འཇོག་པའི་དངུལ་བུན་དང་པོ་སྤྲད་པ་དང་པོ་ཏ་མཚོའི་སྐྱེ་ཁམས་སྲུང་སྐྱོང་གི་ཕྱོགས་བསྡུས་ཁ་གསབ་བྱེད་སྟངས་རྒྱལ་ཡོངས་སུ་ཁྱབ་གདལ་བཏང་ཞིང་གནོད་མེད་ཐཱན་ཉུང་གི་འཕེལ་རྒྱས་དེ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས།
责任编辑:七林、曲批
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སེམས་ཀྱི་གྲོང་ཁྱེར་གྱི་ཆེད་དོན་ཚོགས་འདུ་འཚོགས།
ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་ཁུན་མིང་དུ་འཚོགས། ཝང་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཝང་ཡུས་པའོ་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་། ལིའུ་ཧུང་ཅན་དང་ལིའུ་ཞའོ་ཁའེ་ཚོགས་འདུར་ཞུགས།
བདེ་ཆེན་རུ་ཁག་མུའུ་ལ་རུ་སོང་། ཟླ་འདིའི་ཚེས་༢༧ཉིན་ཞི་ཧྲོང་པན་ན་རུ་ཁག་དང་འགྲན་བསྡུར་བྱ་རྒྱུ།
བདེ་ཆེན་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་ཀྱི་བསམ་འཆར་བསྡུ་ལེན་ལས་དོན་གཏིང་ཟབ་ཏུ་སྤེལ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་ཞིང་ཆེན་ཚན་རྩལ་ཐིང་དུ་འབྲེལ་མཐུད་ལས་དོན་སྙན་སེང་ཞུ་པར་ཕེབས།
བདེ་ཆེན་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་མ་ལེ་ཞི་ཡའི་ཅི་ལུང་ཕོར་འཚོགས།
ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་144པ་འཚོགས།
བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཀྱི་ཆེད་དོན་ཚོགས་འདུ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
