中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཡུན་ནན་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད། དཔའ་མཛངས་རྟུལ་ཕོད་ཀྱིས་“ལོ་ལྔ་ཚན་བཅོ་ལྔ་པའི་”རིང་འབད་འཐབ་བྱས་ཏེ་རྣམ་པ་གསར་པ་གཏོད།

ཁྱབ་བསྒྲགས་དུས་ཚོད་:2025-12-25 17:33:04 འབྱུང་ཁུངས་:云南发布
དཀའ་ངལ་ཁྱད་བསད་ཀྱིས་སྐས་རིམ་གསར་པར་སྤོ།  སེམས་ནུས་གཅིག་སྒྲིལ་གྱིས་གནས་བབ་གསར་པ་གཏོད། “ལོ་ལྔ་ཚན་བཅུབཞི་པ་”བདེ་བླག་ངང་མཇུག་བསྡུ་ཉེ་བ་དང་“ལོ་ལྔ་ཚན་བཅོ་ལྔ་པའི་”རྒྱང་སྐྱོད་ཀྱི་ལམ་བུར་སྐྱོད་འགོ་ཚུགས་པའི་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་དུ་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཁ་སང་ཁུན་མིང་དུ་འཚོགས་པ་རེད།  གྲོས་ཚོགས་ཐོག་ 《 ཀྲུང་གུང་ཡུན་ནན་ཞིང་ཨུའི་ཡུན་ནན་ཞིང་ཆེན་གྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་“ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་གཏན་འབེབས་བྱ་རྒྱུའི་སྐོར་གྱི་བསམ་འཆར་》གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་སྟེ  ཡུན་ནན་གྱི་མ་འོངས་པའི་ལོ་ལྔའི་ལས་དོན་བརྒྱུད་རིམ་ལྡན་པའི་ངང་འཆར་འགོད་བྱས་པ་དེས་ང་ཚོས་ཡིད་ཆེས་བརྟན་པོ་དང་། གོ་སྐབས་ཁོང་དུ་ཆུད་པ། འབད་བརྩོན་ཧུར་ཐག་བཅས་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཡུན་ནན་གྱི་ལག་ལེན་ལ་ཏན་ཏིག་ངང་སྐུལ་འདེད་གཏོང་བར་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལྡན་ཡོད།
    2025ལོ་ནི་ཡུན་ནན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ལམ་ཚད་རྡོ་རིང་གལ་ཆེན་གྱི་དོན་སྙིང་ལྡན་པའི་ལོ་གཅིག་ཡིན་ལ། ཟླ་3པའི་ཚེས་19ཉིན་ནས་ཚེས་20ཉིན་བར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡང་བསྐྱར་ཡུན་ནན་དུ་རྟོག་ཞིབ་གནང་བ་དང་།  ཡུན་ནན་གྱི་ཕྱོགས་སོ་སོའི་ཐད་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གནང་།  ང་ཚོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་ཡུན་ནན་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པའི་བླང་བྱ་གནང་།  མཉའ་མཚམས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་ལྕག་ཆེན་པོ་གནང་ཡོད།  རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཡུན་ནན་གྱི་འཕེལ་རྒྱས་ལ་མདུན་སྐྱོད་ཀྱི་ལམ་བུ་ཁ་ཕྱོགས་གསལ་པོ་སྟོན་པ་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།  
   “ལོ་ལྔ་ཚན་བཅུབཞི་པའི་”དུས་སྐབས་ནི་ཡུན་ནན་འཕེལ་རྒྱས་ཧ་ཅང་སྤྱིར་བཏང་མིན་པ་དང་གྲུབ་འབྲས་ཕུན་སུམ་ཚོགས་པའི་ལོ་ལྔ་ཡིན།  བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོ་འོག  ཞིང་ཨུ་ཡིས་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དོན་སྒྲུབ་ཀྱི་རྣམ་འགྱུར་དང་འབད་བརྩོན་གྱི་བྱ་སྤྱོད་ཐོག་ནས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་དུ་བསྐྱོད་པ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་འཛུགས་སྐྲུན་མཐོ་འདེགས་གསར་པ་མངོན་འགྱུར་བྱུང་བ།  སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གདོང་ལེན་དམག་རྣམ་པ་གསར་པ་མངོན།  ཨེ་ཤ་ཡ་ལྷོ་མ་དང་ཨེ་ཤ་ཡ་ཤར་ལྷོའི་རྩིབས་འཕྲོ་ལྟེ་གནས་འཛུགས་སྐྲུན་ལ་ཚད་བརྒལ་གསར་པ་ཐོབ   ཕྱོགས་ཡོངས་ནས་བསྒྱུར་བཅོས་སྔར་ལས་ལྷག་པར་གཏིང་ཟབ་ཏུ་གཏོང་བའི་གོམ་སྟབས་གསར་པ་སྤོས། དམངས་འཚོའི་བདེ་རྩ་ལེགས་བཅོས་གསར་པ་བྱུང་། འཆམ་མཐུན་བརྟན་ལྷིང་གི་རྣམ་པ་སྲ་བརྟན་གསར་པ་བྱུང་། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་ལ་ཕན་འབྲས་གསར་པ་ཐོབ་ར་སྐུལ་འདེད་བཏང་ཡོད།  གྲུབ་འབྲས་དེ་དག་ཐོབ་པའི་རྩ་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡིས་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ལ་རག་ལས་ཡོད། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱིས་མཐུན་སྒྲིལ་འབད་འཐབ་དང་། འབད་འཐབ་བྱས་ནས་མདུན་སྐྱོད་བྱས་པའི་འབྲས་བུ་རེད།
    ཡུན་ནན་གྱི་“ལོ་ལྔ་ཚན་བཅུབཞི་པའི་”འབད་འཐབ་བརྒྱུད་རིམ་ལ་དྲན་གསོ་བྱས་ན།  ང་ཚོས་སྔར་ལས་གཏིང་ཟབ་པའི་སྒོ་ནས་ཤེས་རྟོགས་བྱུང་སྟེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནི་ཡུན་ནན་གྱི་ལས་དོན་ཁག་ཡག་པོ་སྒྲུབ་པའི་སྤྱིའི་གཞི་འཛིན་ས་དང་སྤྱིའི་ཁྲིད་སྟོན་ཡིན་ལ།  སྤུས་ཚད་མཐོ་བའི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ནི་ཡུན་ནན་དེང་རབས་ཅན་འཛུགས་སྐྲུན་གྱི་ལས་འགན་གཙོ་བོ་ཡིན། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ལ་འཚོ་བ་དེ་བས་སྐྱིད་པོ་གཏོང་དུ་བཅུག་རྒྱུ་ནི་ཡུན་ནན་གྱིས་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པའི་ཐོག་མའི་དམིགས་ས་དང་དོན་ལ་འབབ་ས་ཡིན། མཐའ་མཚམས་བདེ་འཇགས་བརྟན་ལྷིང་སྲུང་སྐྱོང་ནི་ཡུན་ནན་གྱི་ཕྲག་ཏུ་འཁུར་བའི་ཆབ་སྲིད་ཀྱི་འགན་འཁྲི་གལ་ཆེན་ཞིག་ཡིན་པ། ཏང་གིས་ཁྱོན་ཡོངས་ལ་འགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱག་པ་ནི་ཡུན་ནན་གྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བའི་གཞི་རྩའི་འགན་ལེན་ཡིན། ཉམས་མྱོང་འདི་དག་ཧ་ཅང་རྩ་ཆེན་ཡིན་པས། ཕྱོགས་ཡོངས་ནས་“ལོ་ལྔའི་ཚན་བཅོ་ལྔ་པའི་”འཕེལ་རྒྱས་འཆར་འགོད་ཁྲོད་བཀོལ་སྤྱོད་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་ལས་དོན་ལག་ལེན་ཁྲོད་དུ་ཁྱབ་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་བྲིས་པའི་མཛེས་སྡུག་ལྡན་པའི་སྔོ་རིས་དེ་བདེ་སྐྱིད་ཀྱི་ཡུལ་ལྗོངས་དངོས་སུ་འགྱུར་དགོས།
    ཚང་འཛོམས་གྲོས་ཚོགས་ཐོག་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བའི་《བསམ་འཆར་》ནང་། “མཆོང་སྐྱོད་གཅིག”དང“ངེས་གནས་གསུམ”“འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད”ཅེས་པའི་སྤྱིའི་རྩ་འཛིན་དེར་དམ་པོར་དམིགས་པ་དང་། “3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་ལ་དམིགས་ནས། ཡུན་ནན་གྱི་མ་འོངས་པའི་ལོ་ལྔའི་ལས་དོན་གོ་རིམ་ལྡན་པའི་ངང་ཇུས་འགོད་གནང་བ། དམིགས་འབེན་གྱིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། བསམ་ཕྱོགས་ཁ་གསལ་ཡིན་པ། བྱེད་ཐབས་དངོས་གཉེར་ཐུབ་པས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པའི་མཛུབ་སྟོན་རང་བཞིན་གྱི་ཡིག་ཆ་ཞིག་ཡིན།
    སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་བྱེད་པ་ནི་སྐས་རིམ་ལྟ་བུའི་གོང་འཕེལ་དང་ཡར་རྒྱས་ཟམ་མི་ཆད་པར་འགྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཞིག་ཡིན་པས། འབད་བརྩོན་ལྷོད་མེད་དང་མུ་མཐུད་འབད་འཐབ་བྱ་དགོས། ཡུན་ནན་གྱི“ལོ་ལྔ་ཚན་བཅུ་བཞི་པའི”རིང་རྨང་གཞི་བརྟན་པོ་བཏིང་ཡོད་པ། “ལོ་ལྔ་ཚན་བཅོ་ལྔ་པའི་”རིང་། རང་ཞིང་ཆེན་ནི་དཔལ་འབྱོར་རིགས་སྒྱུར་རིམ་སྤར་གྱི་འགག་སྒྲོལ་དུས་སྐབས་དང་སྲིད་ཇུས་རྩེག་སྣོན་གྱིས་གློད་པའི་གོ་སྐབས།  “3815”འཐབ་ཇུས་འཕེལ་རྒྱས་ཀྱི་དམིགས་འབེན་“ལོ་བརྒྱད་ཀྱི་འཕེལ་རྒྱས་ཆེན་མོ་”མངོན་འགྱུར་བྱེད་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་སྐབས་སུ་གནས་ཡོད། དེང་སྐབས། “ལོ་ལྔ་ཚན་བཅོ་ལྔ་པའི་”འཆར་འགོད་ནང་བཀོད་ཡོད། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག  བསམ་བློ་དང་བྱ་སྤྱོད་དེ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས། ཕྱོགས་གང་ཅིའི་ཐད་ཀྱི་ཧུར་བརྩོན་བྱེད་སེམས་སྐུལ་སློང་བྱས། སྙིང་སྟོབས་སྔར་ལས་ཆེར་བསྐྱེད་ཀྱིས་དམིགས་འབེན་གཏན་ཁེལ་དང་། འབད་འཐབ་ཡར་བརྩོན་བྱས་ནས། དཔའ་མཛངས་རྟུལ་ཕོད་ཀྱིས་“ལོ་ལྔ་ཚན་བཅོ་ལྔ་པར་”མདུན་བསྐྱོད་བྱེད་པ་དང་རྣམ་པ་གསར་པ་གཏོད་པའི་སྒུལ་ཤུགས་ཆེན་པོ་དང་བརྗིད་རྔམ་ལྡན་པའི་སྟོབས་ཤུགས་གོང་བུར་འགྲིལ་ཏེ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཡུན་ནན་དུ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས།
    དཔའ་མཛངས་རྟུལ་ཕོད་ཀྱིས་“ལོ་ལྔ་ཚན་བཅོ་ལྔ་པའི་”རིང་འབད་འཐབ་བྱས་ཏེ་རྣམ་པ་གསར་པ་གཏོད་པ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་བསམ་བློ་གཅིག་གྱུར་དང་། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་གཅིག་འདོམས་བྱེད་པ། ཞིང་ཆེན་ཡོངས་ཀྱི་ལས་ཀར་གཅིག་འདོམས་བྱེད་པ་བཅས་བྱས་ནས། ཆབ་སྲིད་ཀྱི་ཐད་བློ་དཀར་བརྟན་པོ་བྱེད་པ། བསམ་བློའི་ཐད་ཟབ་སྦྱོང་མཐིལ་རྟོགས་བྱེད་པ། བྱ་སྤྱོད་ཀྱི་ཐད་ཚད་གཞི་ལ་དམིགས་པ། བློ་བརྟན་འགྱུར་མེད་ངང་ལག་བསྟར་དང་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་དགོས། ཡང་དག་པའི་སྲིད་སྐྱོང་བྱས་རྗེས་ཀྱི་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་བ། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་སུ་བརྩིས། དོན་དངོས་སྒྲུབ་པའི་གྲུབ་འབྲས་དངོས་པོ་དེ་ཞིབ་བཤེར་བྱེད་པའི་ཚད་གཞིར་བྱས། གནད་དོན་ཐག་གཅོད་བྱ་རྒྱུ་དེ་ལས་ཀའི་ཕྱོགས་སྟོན་དུ་བྱས། མི་དམངས་ཀྱི་ཆེད་དུ་སྲིད་དོན་བྱས་རྗེས་འཇོག་པ་དང་། དོན་དངོས་སྒྲུབ་པར་བརྟེན་ནས་སྲིད་དོན་བྱས་རྗེས་འཇོག་དགོས། གཟེར་འདེབས་པ་ལྟ་བུའི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་དམ་འཛིན་དང་། འཇོན་ཐང་ཆེ་རུ་བཏང་ནས་དོན་འཁྱོལ་དམ་འཛིན། འགྲིལ་ཤུགས་གཅིག་ཏུ་བསྒྲིལ་ནས་དོན་འཁྱོལ་དམ་འཛིན། སྤྱོད་ཚུལ་ལེགས་འགྱུར་དང་དོན་འཁྱོལ་དམ་འཛིན། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བཅོས་སྐྱོང་ཤུགས་ཆེན་བྱེད་པ། གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱས་ཏེ་རེ་རེ་བཞིན་དམ་འཛིན་དང་རེ་རེ་བཞིན་མདུན་དུ་སྤེལ་དགོས། ཏང་གི་འགོ་ཁྲིད་དང་ཏང་ལེགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ལེགས་བཅོས་བྱེད་པ། བསྒྱུར་བཅོས་ཀྱི་སྙིང་སྟོབས་དང་ཚད་གཞི་ནན་པོར་བརྟེན་ནས་ཏང་དོ་དམ་དང་ཏང་ནན་སྐྱོང་། ལས་བྱེད་པ་སྟེ་ཐག་གཅོད་རང་བཞིན་ལྡན་པའི་རྒྱུ་རྐྱེན་འདི་དམ་འཛིན་བྱེད་པ། མཐའ་མཚམས་ཀྱི་ཏང་སྐྱོང་བར་ཁྱམས་འཛུགས་སྐྲུན་བྱེད་ཤུགས་ཆེར་གཏོང་བ། སྤྱོད་ཚུལ་གསར་བརྗེ་དང་ནུས་ཕྱོད་གསར་བརྗེ་མཐོ་རུ་གཏོང་བའི་བྱ་སྤྱོད་སྤེལ་བ། སྲོལ་བཟང་སྤྱོད་བཟང་གི་ཆབ་སྲིད་སྐྱེ་ཁམས་དང་ལས་སྒྲུབ་ལས་སྐྲུན་གྱི་ཁོར་ཡུག་བཟང་པོ་སྐྲུན་པ་བཅས་བྱས་ཏེ་སྤུས་ཚད་མཐོ་བའི་ཏང་འཛུགས་སྐྱོང་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ཁྲིད་སྟོན་དང་འགན་སྲུང་བྱ་དགོས།
    དམིགས་ཚད་ཀྱིས་མི་རྣམས་དཔའ་ངར་ཆེར་བསྐྱེད། ལས་དོན་སྒྲུབ་པའི་དུས་ལ་བབས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི་”རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་གྲབས་ཡོད་དེ། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དེ་བས་དམ་ཟབ་བྱེད་པ་དང་། བསམ་བློ་བཅིངས་འགྲོལ་དང་། བསྒྱུར་བཅོས་གསར་གཏོད། སྙིང་སྟོབས་ཆེར་བསྐྱེད་ཀྱིས་ཡར་རྒྱས་བརྩོན་ལེན་དང་དངོས་འཛིན་དངོས་སྒྲུབ། གྲུབ་འབྲས་དངོས་ལ་བརྟེན་ནས་ཕན་འབྲས་དངོས་ཐོན་པའི་ཐོག་ནས“གཏན་འཁེལ་གཉིས”ལ་བརྩི་བཀུར་མཐའ་གཅིག་ཏུ་ཞུ་བ་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བའི་འཕེལ་རིམ་ནང་ཡུན་ནན་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་གཏོད་གང་ཐུབ་བྱ་དགོས།

责任编辑:七林卓玛

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ཡུན་ནན་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད། དཔའ་མཛངས་རྟུལ་ཕོད་ཀྱིས་“ལོ་ལྔ་ཚན་བཅོ་ལྔ་པའི་”རིང་འབད་འཐབ་བྱས་ཏེ་རྣམ་པ་གསར་པ་གཏོད།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཁུན་མིང་དུ་འཚོགས།  ཞིང་ཨུའི་རྒྱུས་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།  ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།  

བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སེམས་ཀྱི་གྲོང་ཁྱེར་གྱི་ཆེད་དོན་ཚོགས་འདུ་འཚོགས།

ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་ཁུན་མིང་དུ་འཚོགས། ཝང་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཝང་ཡུས་པའོ་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་། ལིའུ་ཧུང་ཅན་དང་ལིའུ་ཞའོ་ཁའེ་ཚོགས་འདུར་ཞུགས།

བདེ་ཆེན་རུ་ཁག་མུའུ་ལ་རུ་སོང་། ཟླ་འདིའི་ཚེས་༢༧ཉིན་ཞི་ཧྲོང་པན་ན་རུ་ཁག་དང་འགྲན་བསྡུར་བྱ་རྒྱུ།

བདེ་ཆེན་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་ཀྱི་བསམ་འཆར་བསྡུ་ལེན་ལས་དོན་གཏིང་ཟབ་ཏུ་སྤེལ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་ཞིང་ཆེན་ཚན་རྩལ་ཐིང་དུ་འབྲེལ་མཐུད་ལས་དོན་སྙན་སེང་ཞུ་པར་ཕེབས། 

བདེ་ཆེན་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་མ་ལེ་ཞི་ཡའི་ཅི་ལུང་ཕོར་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com