ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་ཁུན་མིང་དུ་འཚོགས། ཝང་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཝང་ཡུས་པའོ་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་། ལིའུ་ཧུང་ཅན་དང་ལིའུ་ཞའོ་ཁའེ་ཚོགས་འདུར་ཞུགས།

ཟླ་བ་12པའི་ཚེས་23ཉིན། ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་ཁུན་མིང་དུ་འཚོགས།
ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཝང་ཡུས་པའོ་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་།
ཞིང་ཨུའི་ཧྲུའུ་ཅི་གཞོན་པ། ཁུན་མིང་གྲོང་ཨུའི་ཧྲུའུ་ཅི་ལིའུ་ཧུང་ཅན་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལིའུ་ཞའོ་ཁའེ་ཚོགས་འདུར་ཞུགས།


གཅིག་ནི་མུ་མཐུད་དུ་ཐོན་ལས་ལ་དམ་འཛིན་དང་བཟོ་ལས་ལ་ཤུགས་སྣོན་ཏེ་དངོས་ཚན་དཔལ་འབྱོར་གྱི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དང་སྟོབས་ཆེར་གཏོང་དགོས། དཔལ་འབྱོར་ཆེན་པོ་གསུམ་ཞེས་པ་དེ་ཐབས་ལམ་དུ་བྱས་ནས། ལས་དོན་གཙོ་བོར་དམ་འཛིན་བྱས་ཏེ། དགེ་མཚན་ལྡན་པའི་ཐོན་ཁུངས་ཅན་གྱི་ཐོན་ལས་ལ་དམིགས་ནས་ཁྲིད་འཐེན་རང་བཞིན་དང་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་གལ་ཆེན་ཁག་གཅིག་དོན་འཁྱོལ་བྱས་ཏེ། ཐོན་ཁུངས་ཀྱིས་ཐོན་ལས་དང་བརྗེ་བ་དེ་རིན་ཐང་འབྲེལ་ཐག་གི་མཐོ་རིམ་ཕྱོགས་སུ་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས། གྲུབ་ཆ་ལེགས་སུ་གཏོང་བར་དམ་འཛིན་བྱས་ཏེ་ཐ་མག་དང་ནུས་ཁུངས་མ་ཡིན་པའི་བཟོ་ལས་འཕེལ་རྒྱས་དང་རྒྱ་སྐྱེད་མགྱོགས་སུ་གཏོང་བ་དང་། སྐྱེ་དངོས་སྨན་རྫས་དང་རྒྱུ་ཆ་གསར་པ། གློག་རྡུལ་ཆ་འཕྲིན། གནོད་མེད་བཟའ་བཅའི་ལས་སྣོན་སོགས་ལ་འབད་བརྩོན་ཧུར་ཐག་བྱ་དགོས། གླིང་ཁུལ་གྱི་སྤུས་ཚད་ལེགས་སུ་གཏོང་བར་དམ་འཛིན་དང་། ས་ཆ་གྲོན་ཆུང་དང་ལེགས་བསྡུས་ཞིབ་ཚགས་ཀྱིས་སྤྱོད་པ་བྱས་ཏེ་སྐུལ་ཁྲིད་ནུས་པ་ཆེ་བའི་ཐོན་ལས་ཁྱུ་ཚོགས་ཁག་གཅིག་གསོ་སྐྱོང་བྱེད་དགོས།
གཉིས་ནི་མ་འཇོག་དང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གཏིང་ཟབ་བྱས་ཏེ་ནང་མཁོ་འཕར་བའི་བར་སྟོང་གསར་པ་རྒྱ་སྐྱེད་གཏོང་དགོས། དངོས་པོའི་ཐད་མ་འཇོག་བྱེད་པ་དང་མིའི་ཐད་མ་འཇོག་བྱེད་པར་ཟུང་འབྲེལ་བྱ་བར་རྒྱུན་འཁྱོངས་བྱས་ཏེ་འགྲིམ་འགྲུལ་དང་ནུས་ཁོངས། ཆུ་བེད། ཞིང་ལས། ཡུལ་སྐོར། སྤྱི་ཚོགས་ཀྱི་དམངས་འཚོ་བཅས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་རྣམ་གྲངས་ཆེན་པོ་དང་རྣམ་གྲངས་ཡག་པོ་ཁག་གཅིག་གནད་ལ་འཁེལ་བའི་སྒོ་ནས་འཆར་འགོད་བྱ་དགོས། འཛད་སྤྱོད་སྐུལ་སྤེལ་གྱི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ་ཞིང་ལས་དང་རིག་གནས། ཡུལ་སྐོར། ལུས་རྩལ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་དང་གནས་སྡོད་ཁོར་ཡུག་ལེགས་སུ་གཏོང་དགོས། འཛད་སྤྱོད་ཀྱི་རྣམ་པ་གསར་པ་དང་ལས་རྣམ་གསར་པ་དེ་བས་མང་པོ་བཞེངས་སྐྲུན་བྱ་དགོས། ས་ཁང་བདག་ཁོངས་ཀྱི་འཕེལ་རྒྱས་སྔར་ལས་མགྱོགས་སུ་གཏོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་ཁྱེར་གསར་སྒྱུར་དང་ཟུང་འབྲེལ་བྱས་ཏེ་རྫོང་སྡེ་ཚན་དུ་བྱས་ནས་ཆུང་བ་དང་མགྱོགས་པ། སྟབས་བདེ་བཅས་ཀྱི་སྲིད་ཇུས་བཏོན་ནས་གནད་ལ་འཁེལ་བའི་ཚོང་གཉེར་བྱ་དགོས།
གསུམ་ནི་བློ་བརྟན་འགྱུར་མེད་ངང་སྒོ་འབྱེད་རྒྱ་ཆེར་གཏོང་བ་དང་ཕྱི་ནང་གཅིག་འགྱུར་འཆར་འགོད་དང་ཕྱོགས་གཉིས་སྒོ་འབྱེད་བྱེད་པའི་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་དགོས། རྒྱལ་ཕྱི་ནང་འབྲེལ་མཐུད་ནུས་ལྡན་བྱས་ནས་ལྟེ་བའི་ནུས་པ་ཇེ་ཆེར་གཏོང་བ་དང་། འབྲི་ཆུའི་ཟུར་གསུམ་དང་། ཁྲེང་ཏུའུ་དང་ཁྲུང་ཆིང་ས་ཁུལ། ཀོང་ཏུང་དང་ཤང་ཀང་། ཨའོ་མོན་མཚོ་ཁུག་ཆེན་པོ་བཅས་མཉམ་ལས་གཏིང་ཟབ་ཏུ་གཏོང་སྟེ་ཐོན་ལས་སྤོ་སྒྱུར་དང་ལེན་ཧུར་ཐག་བྱ་དགོས། སྒོ་འབྱེད་སྟེགས་བུ་སྣ་ཚོགས་བེད་སྤྱོད་ཡག་པོ་བྱས་ཏེ། འགག་སྒོ་དང་བགྲོད་ལམ། ཚོང་ར་བཅས་མཉམ་འབྲེལ་མཉམ་ལས་བྱེད་པའི་འཕེལ་རྒྱས་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་ཞིང་། འདུས་ཐོར་ཉོ་ཚོང་གི་ལྟེ་གནས་ཁག་གཅིག་གཅིག་སྡུད་བཀོད་སྒྲིག་བྱས་ཏེ། ཀྲུང་གོ་དང་ལོ་སི་བར་གྱི་ལྕགས་ལམ་གི་ས་གནས་གཅིག་དང་ཞིབ་བཤེར་ཁག་གཉིས་ཞེས་པ་ལག་བསྟར་བྱེད་པར་སྐུལ་འདེད་གཏོང་བ་དང་། འགག་སྒོ་གཙོ་གནད་ཀྱི་ནུས་པ་རྒྱ་བསྐྱེད་དང་ཕན་འབྲས་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས། ཕྱི་ཕྱོགས་ཚོང་དོན་ལེགས་སུ་སྒྲུབ་པ་དང་ཟོག་སྐྱེལ་དང་ཉོ་ཚོང་། ཐོན་ལས་བཅས་འབྲེལ་མཐུད་བྱེད་ཐུབ་པ་བྱ་དགོས།
བཞི་ནི་གནོད་མེད་དང་ཐཱན་ཉུང་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། རི་ཀླུང་སྔོ་ལྗང་ནི་གསེར་རི་དངུལ་རི་དུ་བསྒྱུར་བའི་ཐབས་ལམ་རྒྱ་བསྐྱེད་གཏོང་དགོས། གནོད་མེད་ཀྱི་གློག་ལ་བརྟེན་ནས་སྦྲེལ་ཐག་སྣུར་སྲིང་དང་སྦྲེལ་ཐག་ཁ་གསབ། སྦྲེལ་ཐག་སྟོབས་ཆེར་གཏོང་བར་བསྐུལ་སྤེལ་གཏོང་སྟེ། གནོད་མེད་གློག་གི་ཚོང་འགུག་ཤུགས་ཆེན་སྤེལ་ཏེ། ཐཱན་མེད་གླིང་ཁུལ་ཁག་གཅིག་བསྐྲུན་དགོས་ལ། ཐཱན་མང་ཉུང་ཁས་ལེན་བྱེད་པར་ཤུགས་སྣོན་རྒྱག་ནས། ཡུན་ནན་གྱི་བཟོ་སྐྲུན་ཕྱི་རྒྱལ་ལ་བསྐྱོད་པའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་དགོས། ནགས་འོག་དཔལ་འབྱོར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་གཏིང་ཟབ་ཏུ་སྔོག་སྟེ། མགྱོགས་མྱུར་བྱ་སྤྱོད་སྤེལ་ནས་ནགས་འོག་གི་འདེབས་འཛུགས་གསོ་སྤེལ་དང་ཁྱད་ཆོས་ལྡན་པའི་དཔལ་འབྱོར་ནགས་ཚལ། ནགས་ཚལ་བདེ་ཐང་གསོ་བཅོས། སྐྱེ་ཁམས་ཡུལ་སྐོར་གྱི་ཐཱན་བསྡུ་ལེན་སོགས་འཕེལ་རྒྱས་ཧུར་ཐག་བཏང་སྟེ། གནོད་མེད་དང་ཐཱན་ཉུང་གི་ཡུན་ནན་ས་ཁོངས་ཀྱི་སྤུས་རྟགས་གཏིང་ཟབ་ཏུ་བཏང་ནས་གནོད་མེད་འཕེལ་རྒྱས་ཀྱི་མཐོ་ས་གཏོད་དགོས།
ལྔ་ནི་ཁེ་ལས་སྣ་ཚོགས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བར་རྒྱབ་སྐྱོར་ཧུར་ཐག་བྱས་ཏེ། ཁེ་ལས་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་ནས་ཁེ་ལས་ལ་རོགས་རམ་བྱེད་པའི་ལས་དོན་སྔར་བས་ཏན་ཏིག་དང་ཞིབ་ཕྲ་བསྒྲུབས་ཏེ་རྒྱབ་སྐྱོར་དང་དམིགས་བསལ་གྱིས་རང་རང་སོ་སོའི་དགེ་མཚན་མངོན་པར་བྱ་དགོས། ཀྲུང་དབྱང་དང་ས་གནས་མཉམ་ལས་གཏིང་ཟབ་ཏུ་གཏོང་སྟེ། ས་ཁོངས་ཀྱི་སྤྱི་ཁྱབ་ས་གནས་དང་ཐོན་སྐྱེད་རྟེན་གཞི། སྟེགས་བུ་གལ་ཆེན་བཅས་ཡུན་ནན་དུ་བཀོད་སྒྲིག་བྱ་བར་སྐུལ་འདེད་གཏོང་དགོས། ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཀྱིས་གཙོ་ཁྲིད་བྱ་བར་སྐུལ་འདེད་གཏོང་བ་དང་འགན་འཁྲི་གཙོ་བོར་དམིགས་པ་དང་གཙོ་ལས་སྟོབས་ཆེར་གཏོང་དགོས། དམངས་གཉེར་ཁེ་ལས་ཀྱི་མི་མངོན་པའི་ནུས་པ་སྐུལ་སྤེལ་གཏོང་བ་དང་རྒྱུན་ལྡན་ཅན་དུ་དམངས་ཁྲོད་མ་རྩ་ལ་རྣམ་གྲངས་ངོ་སྤྲོད་བྱས་ནས་དམངས་གཉེར་དཔལ་འབྱོར་གྱི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་དགོས།
བདུན་ནི་སེམས་ཤུགས་ཆེན་པོས་དམངས་འཚོ་དོན་དངོས་ཡག་པོ་བསྒྲུབས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དེ་ལས་མང་ལ་མི་རིགས་ཁག་གི་མང་ཚོགས་ལ་ཕན་པ་ཐོབ་པ་བྱེད་དགོས། མང་ཚོགས་རྒྱུན་མཐུད་ཡོང་འབབ་འཕར་བའི་དྲི་བ་ཞེས་པའི་ལན་ཡག་པོ་བཏབ་ནས་ཡོང་འབབ་དམའ་བའི་ཁྱུ་འདུས་ཀྱི་ཡོང་འབབ་འཕར་སྣོན་ཡོང་བར་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཕྱུག་འགྱུར་ཐོན་ལས་གསར་གཏོད་གསོ་སྐྱོང་བྱེད་པ། རྒྱུན་མཐུད་སྒོས་ས་གནས་དང་ཉེ་འགྲམ་གྱི་ལས་ཞུགས་དམ་འཛིན་བྱེད་པ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། སློབ་གསོ་དང་འཕྲོད་བསྟེན་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རྒན་པ་གཅིག་དང་ཆུང་ཆུང་གཅིག་ཅེས་པ་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་མང་ཚོགས་ཚང་མ་ཐུན་མོང་ཕྱུག་འགྱུར་གྱི་ལམ་བུའི་ཐོག་བསྐྱོད་དུ་འཇུག་དགོས།
བརྒྱད་ནི་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱས་ཏེ་འགོག་ཟོན་གྱི་ཉེན་ཁ་སེལ་བའི་མངོན་མེད་རྐྱེན་ངན་ཀྱི་རང་འགུལ་དམག་འཐབ་ཡག་པོ་རྒྱག་དགོས། འདུ་ཤེས་འཛིན་སྟངས་ཀྱི་མངའ་ཁོངས་བདེ་འཇགས་དམ་སྲུང་བརྟན་པོ་དང་། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ། མངའ་ཁོངས་གཙོ་གནད་ཀྱི་ཉེན་ཁ་འགོག་ཟོན་སེལ་རྒྱུར་ཤུགས་སྣོན་རྒྱག་པ། བདེ་འཇགས་དང་བརྟན་ལྷིང་གི་འཕེལ་རྒྱས་ཁོར་ཡུག་གཏོད་དགོས།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཨུའི་ལས་ཀའི་བླང་བྱ་ལྟར། གནས་བབ་ཆེན་པོ་ཁོང་དུ་ཆུད་པ་དང་ཡིད་ཆེས་བརྟན་པོ་བྱས་ཏེ་རྣམ་གྲངས་འཆར་འགོད་ལ་སྐུལ་འདེད་གཏོང་བ་དང་། ཐོན་ལས་སྟོབས་ལྡན་ཞིང་ཆེན་འཛུགས་སྐྲུན། ནང་མཁོ་བར་མཐོངས་རྒྱ་སྐྱེད། བསྒྱུར་བཅོས་སྒོ་འབྱེད་གཏིང་ཟབ་ཏུ་གཏོང་བ། དམངས་འཚོའི་བདེ་རྩ་འཕེལ་རྒྱས། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཅིག་གྱུར་འཆར་འགོད་བྱེད་པ། འགོག་ཟོན་ཉེན་ཁ་སེལ་བ་སོགས་ཏན་ཏིག་བྱ་དགོས་པ་དང་ས་གནས་ཀྱི་གནས་ཚུལ་དང་བསྟུན་པ་དང་དུས་ཀྱི་གནས་ཚུལ་དང་བསྟུན་ནས་ལས་དོན་དམ་འཛིན་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་དངོས་གནས་ཀྱི་འཕར་སྣོན་དོན་གཉེར་བྱས་ཏེ། མི་དམངས་ལ་སྲིད་དོན་ལས་རྗེས་འདོན་རྒྱུ་དང་། དོན་གཉེར་ལ་བརྟེན་ནས་སྲིད་དོན་ལས་རྗེས་འདོན་རྒྱུ་ཏན་ཏིག་བྱེད་དགོས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པ་སྒྲིག་བཟོ་ལག་བསྟར་ཡག་པོ་བྱས་ཏེ། ལོ་མཇུག་དང་ལོ་འགོའི་ལས་དོན་ཁག་ཡག་པོ་སྒྲུབ་པ། མདུན་ལ་བརྟེན་ནས་སྟོབས་ཤུགས་འདོན་པ་དང་དངོས་ཕན་དོན་གཉེར་བྱས་ཏེ། དཔལ་འབྱོར་འཁོར་བསྐྱོད་བརྟན་ལྷིང་ངང་འགོ་ཚུགས་པར་འགན་ལེན་བྱ་དགོས།
责任编辑:次称曲批、七林卓玛
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་ཁུན་མིང་དུ་འཚོགས། ཝང་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཝང་ཡུས་པའོ་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་། ལིའུ་ཧུང་ཅན་དང་ལིའུ་ཞའོ་ཁའེ་ཚོགས་འདུར་ཞུགས།
བདེ་ཆེན་རུ་ཁག་མུའུ་ལ་རུ་སོང་། ཟླ་འདིའི་ཚེས་༢༧ཉིན་ཞི་ཧྲོང་པན་ན་རུ་ཁག་དང་འགྲན་བསྡུར་བྱ་རྒྱུ།
བདེ་ཆེན་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་ཀྱི་བསམ་འཆར་བསྡུ་ལེན་ལས་དོན་གཏིང་ཟབ་ཏུ་སྤེལ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་ཞིང་ཆེན་ཚན་རྩལ་ཐིང་དུ་འབྲེལ་མཐུད་ལས་དོན་སྙན་སེང་ཞུ་པར་ཕེབས།
བདེ་ཆེན་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་མ་ལེ་ཞི་ཡའི་ཅི་ལུང་ཕོར་འཚོགས།
ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་144པ་འཚོགས།
བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཀྱི་ཆེད་དོན་ཚོགས་འདུ་འཚོགས།
མཐའ་ཆུ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དེ། སེ་འབྲུ་མེ་ཏོག་བཞད་སར་དར་རྒྱས་ཀྱི་གླུ་དབྱངས་དཀྲོལ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
