བདེ་ཆེན་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་ཀྱི་བསམ་འཆར་བསྡུ་ལེན་ལས་དོན་གཏིང་ཟབ་ཏུ་སྤེལ།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཞིབ་འཇུག་དང་གཏན་འབེབས་ཡག་པོ་བྱས་ན་བདེ་ཆེན་གྱི་ཡུན་རིང་བདེ་འགོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་རྩོམ་རྒྱུ་ལ་དོན་སྙིང་གལ་ཆེན་ལྡན།
དགུན་ཁ་འདིར། བདེ་ཆེན་གྱི་མ་འོངས་པའི་ལོ་ལྔའི་རིང་གི་འཕེལ་རྒྱས་གཏོང་རྒྱུ་དང་འབྲེལ་བ་ཡོད་པའི་གལ་ཆེའི་གྲོས་བསྡུར་གངས་ལྗོངས་མཐོ་སྒང་དུ་སྤྲོ་སེམས་འཁོལ་བའི་ངང་སྤེལ་བ་དང་། ཁུལ་ཨུའི་གྲོས་ཚོགས་ཁང་ནས་རྫོང་དང་ཤང་གི་གཞི་རིམ་བར། ས་གནས་དེ་གའི་བརྟག་ཞིབ་ནས་ས་གནས་གཞན་དུ་རྩིས་ཆས་འདྲི་བར། ཕྱོགས་ཁག་གི་བསམ་འཆར་གྲོས་འཆར་ཀྱིས་ཁུལ་ཡོངས་མི་རིགས་ཁག་གི་མང་ཚོགས་ཐུན་མོང་འབད་འཐབ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་སྒྲིལ་བྱས་ཡོད།
ཟླ་12པའི་ཚེས་4ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་བཟོ་བའི་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་ཨུའི་གཅིག་འགྱུར་བཀོད་སྒྲིག་འོག རང་ཁུལ་གྱིས་དུས་ཐོག་ཏུ་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་གྱི་ཡིག་ཆ་འཆར་ཟིན་འགོད་པའི་ཚོ་ཆུང་བཙུགས་པ་དང་། སྟོབས་ཤུགས་སྐོང་འཐེན་བྱས་ནས་ལས་དོན་ཆེད་སྒྲུབ་ཚོ་ཆུང་བཙུགས་པ། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་འོག་འཆར་ཟིན་འགོད་པའི་ལས་དོན་ལ་གཅིག་གྱུར་གྱིས་སྐུལ་འདེད་བཏང་བ་དང་། དམངས་གཙོ་དར་སྤེལ་གཏོང་བ་དང་བློ་གྲོས་གཅིག་སྒྲིལ་འཆར་ཟིན་འགོད་པའི་ལས་དོན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ། ཁུལ་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་ཁྲོད་ཀྱི་གནད་དོན་གལ་ཆེན་དང་དཀའ་གནད་ལ་དམིགས་ནས་བརྟག་དཔྱད་དང་ཞིབ་འཇུག་བྱས་ཏེ་ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ཏུ་བསྡུ་ལེན་བྱས་པ་རེད།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་འཆར་གཞི་མངོན་འགྱུར་བྱུང་དགོས་ན་ཁུལ་ཡོངས་མི་རིགས་སོ་སོའི་མང་ཚོགས་ཀྱི་བློ་རིག་དང་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས་ཞེས་ཟླ་12པའི་ཚེས་4ཉིན་འཚོགས་པའི་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་བཟོ་བའི་བཞུགས་མོལ་ཚོགས་འདུའི་ཡུལ་དངོས་སུ། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཆེད་ལས་མཁས་པ་དང་ཁེ་ལས་ཀྱི་འཐུས་མི། གཞི་རིམ་གྱི་འཐུས་མི། ཏང་ཕྱིའི་མི་སྣ་སོགས་ལས་རིགས་ཁག་གི་འཐུས་མི་དང་ངོ་ཐུག་གདོང་འཕྲད་ཀྱིས་མཐུན་སྦྱོར་དང་སྤེལ་རེས་བྱས། 《གྲོས་འཆར་》ཀྱི་མ་ཟིན་སྐོར་གྱི་བསམ་འཆར་ཉན་པ། ཚོགས་ཞུགས་འཐུས་མི་ཡིས་བརྟན་ལྷིང་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས། དམངས་འཚོ་ལེགས་བཅོས། སྐྱེ་ཁམས་སྲུང་སྐྱོང་། ཕྱི་ཕྱོགས་ལ་སྒོ་འབྱེད་པ། གཞི་རིམ་བཅོས་སྐྱོང་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཧུར་བརྩོན་གྱིས་གཏམ་བཤད་བྱས་པ་དང་། དམིགས་ས་རང་བཞིན་དང་དགེ་མཚན་ལྡན་པའི་བསམ་འཆར་དང་གྲོས་འཆར་རབ་དང་རིམ་པ་བཏོན་པ་རེད།
ཟླ་12པའི་ཚེས་15ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དུ་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་བཟོ་བའི་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱས།ལྷག་བསམ་ཟོལ་མེད་ཀྱི་བསམ་འཆར་འདོན་པའི་ཚ་རླབས་དེ་རྫོང་དང་གྲོང་ཁྱེར་ཁག་གི་ཚོགས་རར་གཅིག་མཚུངས་སུ་འཕྱུར་ཡོད།ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་དང་ཞུས་སི་སི་སོ་སོར་རུ་ཁག་སྣེ་ཁྲིད་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་། འཇོལ་རྫོང་། འབའ་ལུང་རྫོང་བཅས་སུ་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱས་པ་དང་། རྫོང་དང་གྲོང་ཁྱེར་ཁག་གི་ཏང་ཨུད་དང་། དམངས་ཆེན། སྲིད་གཞུང་། སྲིད་གྲོས་བཅས་ཀྱི་འགོ་ཁྲིད་གཙོ་བོ་དང་དེ་བཞིན་སྡེ་ཚན་གྱི་འགན་འཁུར་བློ་མཐུན། ཤང་དང་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅིའི་འཐུས་མི་བཅས་ཀྱིས་ལས་དོན་དོན་དངོས་དང་ཟུང་འབྲེལ་བྱས་ནས་བདེན་གཏམ་བཤད་པ་དང་། གནས་ཚུལ་དངོས་བཤད། གཏམ་བཤད་བཟང་པོ་བཅས་བྱས་པས་བསམ་འཆར་བསྡུ་ལེན་བརྒྱུད་རིམ་ཀྱང་གཅིག་མཐུན་གཅིག་སྒྲིལ་དང་སྡོམ་ཤུགས་གཅིག་སྒྲིལ་གྱི་བརྒྱུད་རིམ་དུ་གྱུར་ཡོད།
ཟླ་12པའི་ཚེས་11ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཕེང་ཧྲན་གྱིས་འཇོལ་རྫོང་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་བཟོ་བའི་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱས།《གྲོས་འཆར་》འཆར་ཟིན་འགོད་པའི་གོ་རིམ་ཁྲོད། བསམ་འཆར་བསྡུ་ལེན་ཁྱབ་ཁོངས་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་། ཁུལ་དམངས་ཆེན། ཁུལ་སྲིད་གྲོས་ཀྱི་ཚན་པའི་ཁོངས་མི་ཡོངས་སུ་ཁྱབ་པར་མངོན་འགྱུར་བྱུང་། ཁུལ་རིམ་པའི་སྡེ་ཚན་ཁག་དང་ཤང་དང་གྲོང་རྡལ་29ཡི་ཏང་ཨུ་ཚང་མ་བསྡུ་ལེན་ཁྱབ་ཁོངས་ནང་བཅུག་ནས་སྲིད་བཀའ་བདེ་བགྲོད་དང་སྒྲ་གཞི་རིམ་དུ་ཐད་ཀར་བསྐྱོད་རྒྱུའི་འགན་ལེན་བྱས་པ། སྒོ་ཕྱེ་ནས་ཐབས་ཇུས་འདྲི་རྒྱུ་མཐའ་འཁྱོངས་བྱས་ཏེ། དམངས་གཉེར་ཁེ་ལས་པ་དང་ཏང་ཕྱིའི་མི་སྣ་སོགས་རྒྱ་ཁྱབ་ཏུ་གདན་འདྲེན་ཞུས་ནས་བསམ་འཆར་དང་ཐབས་ཇུས་འདོན་རྒྱུ་དང་། སྤྱི་ཚོགས་ལས་རིགས་ཁག་གི་བློ་གྲོས་བསྡུ་ལེན་གང་ལེགས་བྱས་ཡོད། གཞན་ཡང་། ད་དུང་ཚོགས་འདུ་དང་ཁ་པར། ཡིག་ཐོག་སོགས་ཀྱི་རྣམ་པ་བརྒྱུད་ནས་རྒྱལ་ཁོངས་བདེ་ཆེན་ནས་ཡིན་པའི་ཞིང་ཆེན་རིམ་པའི་འགོ་ཁྲིད་དང་། ཁུན་མིང་དུ་ཡོད་པའི་བདེ་ཆེན་གྱི་འགོ་ཁྲིད། ཁུན་མིང་དུ་བཅའ་སྡོད་བྱས་ཡོད་པའི་ལས་བྲལ་ལས་འཁྱུར་ངལ་གསོའི་ཏང་ཡོན་དང་ལས་བྱེད་པ་བཅས་ལ་བསམ་འཆར་བསྡུ་ལེན་་བྱས་ནས་བསམ་འཆར་བསྡུ་ལེན་གྱི་རྒྱ་ཁྱོན་དང་གཏིང་ཟབ་ཚད་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།

ཟླ་12པའི་ཚེས་11ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཡིས་འབའ་ལུང་རྫོང་དུ་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་བཟོ་བའི་བསམ་འཆར་བསྡུ་ལེན་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་བྱས།
མི་དམངས་ཀྱི་སྐད་ཆ་ཉན་པ་དང་། མི་དམངས་ཀྱི་བློ་གྲོས་གཅིག་སྒྲིལ་བྱས་པ་སོགས་ལས་རིགས་ཁག་གི་འཐུས་མི་ཡིས་བདེ་ཆེན་གྱི་འཕེལ་རྒྱས་དོན་དངོས་ལ་དམ་པོ་དམིགས་ནས་ཐོན་ལས་རིམ་སྤར་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ས་ཁོངས་ཇུས་བཀོད་སོགས་འགག་རྩའི་ལྷུ་ཚིགས་ཐོག་ནས་དངོས་མཐོང་བདེན་རྟོགས་བཏོན་ཡོད། ཁུལ་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་གཅིག་ལྕོགས་དང་སེམས་ཀྱི་ཉི་ཟླ་ཆང་ལས་མ་རྐང་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཚའོ་ཅན་ཧུང་གིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་དོ་གནད་བྱས་ནས་སྲིད་གཞུང་དང་ཁེ་ལས་མཉམ་ལས་གཏིང་ཟབ་བཏང་ནས་ཆང་ལས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་དང་། ཁྲོམ་རའི་འཕེལ་ཕྱོགས་ལ་དོ་སྣང་ཆེན་པོ་བྱས་ནས་ཐོན་ཁུལ་མཉམ་འགུལ་དང་ཁྱད་པར་ཅན་འཕེལ་རྒྱས་གཏོང་བར་ཤུགས་རྒྱག་སྟེ་ཚན་རྩལ་གསར་གཏོད་ལྟེ་བར་བྱས་ནས་སྤུས་ཚད་མཐོ་ཞིང་ཕན་ནུས་ཆེ་བའི་ཆང་བསྙལ་རྒུན་འབྲུམ་ཐོན་ལས་མ་ལག་བསྐྲུན་པའི་བསམ་འཆར་བཏོན། སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི། ཁུལ་མི་རིགས་འབྲིང་རིམ་ཆེད་ལས་སློབ་གྲྭའི་ཏང་ཨུའི་ཧྲུའུ་ཅི་ཧོ་ཅི་ཧྥུ་ཡིས་ཕུགས་ལ་དམིགས་ནས་སློབ་གསོ་སྐུལ་ལྕག་སྲིད་ཇུས་ཀྱི་བྱེད་ཤུགས་མུ་མཐུད་ནས་ཆེ་རུ་གཏོང་བ་སོགས་ཀྱི་ནང་དོན་བཏོན་ཡོད། འབའ་ལུང་རྫོང་མཐའ་ཆུ་གྲོང་རྡལ་གྱི་ཏང་ཨུའི་ཧྲུའུ་ཅི་ཝང་ཧྥེ་ལུང་གིས་གཞི་རིམ་གྱི་ལག་ལེན་ལ་གཞི་ཚུགས་ནས་འཆར་འགོད་སྣེ་ཁྲིད་མངོན་གསལ་དོད་དུ་གཏོང་བ་དང་། འགྲིམ་འགྲུལ་གྱི་ལམ་དྲ་ལེགས་སུ་གཏོང་བ། རྒྱལ་ཁོངས་བར་སྟོང་བཀོད་སྒྲིག་སྔར་བས་ལེགས་སུ་གཏོང་བ་སོགས་ཀྱི་ཐད་ནས་མཐའ་ཆུ་གྲོང་རྡལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བསམ་ཕྱོགས་ལེགས་སྐྱེས་སུ་ཕུལ་ཡོད།
ཕྱོགས་ཡོངས་དང་། རིམ་པ་མང་བ། ཡངས་ཚད་ཁྱབ་པའི་བསམ་འཆར་བསྡུ་ལེན་གྱི་ལག་ལེན་དེ་ཏང་ནང་ཁུལ་གྱི་དམངས་གཙོ་དང་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་དར་སྤེལ་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་གཞན་ཞིག་ཏུ་གྱུར་ནས་དཔལ་འབྱོར་དང་། སྤྱི་ཚོགས།དམངས་འཚོ་སོགས་མངའ་ཁོངས་མང་པོ་ཁྱབ་པའི་གྲོས་འཆར་རྩ་ཆེན་བསྡུ་ལེན་བྱས་ཡོད།བསམ་བློའི་གདོང་ཐུག་ཐེངས་རེ་རེ་དང་། དངོས་སྒྲུབ་ཀྱི་གྲོས་འགོ་རེ་རེ་ཡིས་བདེ་ཆེན་གྱི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ལ་ཚན་རིག་རང་བཞིན་དང་། རྒྱང་ལྟའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་དུ་བཅུག་པ་མ་ཟད། བདེ་ཆེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱུང་བར་ཁ་ཕྱོགས་གསལ་པོ་སྟོན་ཡོད་པ་དང་ངར་ཤུགས་ཡང་རྒྱས་ཡོད།
责任编辑:七林、曲批
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
བདེ་ཆེན་རུ་ཁག་མུའུ་ལ་རུ་སོང་། ཟླ་འདིའི་ཚེས་༢༧ཉིན་ཞི་ཧྲོང་པན་ན་རུ་ཁག་དང་འགྲན་བསྡུར་བྱ་རྒྱུ།
བདེ་ཆེན་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་ཀྱི་བསམ་འཆར་བསྡུ་ལེན་ལས་དོན་གཏིང་ཟབ་ཏུ་སྤེལ།
ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་ཞིང་ཆེན་ཚན་རྩལ་ཐིང་དུ་འབྲེལ་མཐུད་ལས་དོན་སྙན་སེང་ཞུ་པར་ཕེབས།
བདེ་ཆེན་གྱི་རིག་གནས་ཡུལ་སྐོར་འོས་སྦྱོར་ཚོགས་འདུ་མ་ལེ་ཞི་ཡའི་ཅི་ལུང་ཕོར་འཚོགས།
ཁུལ་ཨུ་སྐབས་དགུ་པའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་144པ་འཚོགས།
བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་མཐོ་སྒང་གི་ཁྱད་ལྡན་ཞིང་ལས་ཀྱི་ཆེད་དོན་ཚོགས་འདུ་འཚོགས།
མཐའ་ཆུ་གྲོང་རྡལ་གྱིས་ཏང་འཛུགས་སྐྱོང་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་དང་གྲོང་གསེབ་དར་རྒྱས་མཉམ་འདྲེས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དེ། སེ་འབྲུ་མེ་ཏོག་བཞད་སར་དར་རྒྱས་ཀྱི་གླུ་དབྱངས་དཀྲོལ།
དམངས་འཚོའི་གསལ་ཐོ་ཞེས་པ་དེ་བདེ་སྐྱིད་ཀྱི་རྩིས་ཐོ་ཞེས་པར་བསྒྱུར་བཅུག
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108
