中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ཁུལ་གྱི་“ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་སྤུས་ཚད་མཐོ་བའི་སྒོས་ནས་ལེགས་གྲུབ་ཡོང་བའི་”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འཇོལ་རྫོང་ཆེད་དོན་ཚོགས་འདུ་འཚོགས།

རྩོམ་པ་པོ་:央金拉姆 和丽瑶 此里取次 ཁྱབ་བསྒྲགས་དུས་ཚོད་:2025-12-26 11:57:14 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
图片
    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་12པའི་ཚེས་25ཉིན།  བདེ་ཆེན་ཁུལ་གྱི་“ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་སྤུས་ཚད་མཐོ་བའི་སྒོས་ནས་ལེགས་གྲུབ་ཡོང་བའི་”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འཇོལ་རྫོང་ཆེད་དོན་ཚོགས་འདུ་འཚོགས། འཇོལ་རྫོང་ཨུའི་འགོ་ཁྲིད་གཙོ་བོ་ཡིས་ཕྱོགས་ཡོངས་ནས་ལོ་ལྔ་ཚན་བཅུ་བཞི་པའི་ཚུན་ལ་རྫོང་དེ་ཡིས་བརྟན་ལྷིང་དང་འཕེལ་རྒྱས།  སྐྱེ་ཁམས།  མཐའ་མཚམས་བརྟན་ལྷིང་བཅས་དོན་ཚན་ཆེན་པོ་བཞི་སོགས་ཀྱི་ཐད་ལ་ཐོབ་པའི་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་།  འཇོལ་རྫོང་འཕེལ་རྒྱས་དང་བསྒྱུར་བཅོས་ཅུས་དང་།  སློབ་གསོ་ལུས་རྩལ་ཅུས།  འགྲིམ་འགྲུལ་སྐྱེལ་འདྲེན་ཅུས།  ཞིང་ལས་དང་གྲོང་གསེབ་ཅུས། འཕྲོད་བསྟེན་དང་བདེ་ཐང་ཅུས།  ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་འཇོལ་རྫོང་ཡན་ལག་ཅུས་བཅས་ཀྱི་འགན་འཁུར་བས་གསར་འགོད་པའི་དྲི་བར་ལན་འདེབས།
图片
སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་ལྷིང་ཡིན་པ།    སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་མཐའ་གཅིག་ཏུ་བྱས་པ་དང་།  བློ་སྐྱོང་དང་རྨང་གཞི་བརྟན་གཏོང་ལས་གཞི་སྐུལ་འདེད་གཏིང་ཟབ་གཏོང་བ།  དྲ་གསུམ་མཉམ་འདྲེས་ལས་དོན་གྱི་ལམ་སྲོལ་གཏིང་ཟབ་གཏོང་བ།  སྔ་རྗེས་སུ་རྒྱལ་ཡོངས་བདེ་བ་འཛུགས་སྐྱོང་སྔོན་ཐོན་རྫོང་ཞེས་པ་དང་།  བདེ་བའི་ཀྲུང་གོ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་ཞེས་པ།   རྒྱལ་ཡོངས་ཡིག་སྐུར་ངོ་བཅར་ལས་དོན་དཔེ་སྟོན་རྫོང་ཞེས་པ་བཅས་ཀྱི་མཚན་སྙན་ཐོབ།  རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་བདེ་བླག་ངང་གསར་གཏོད་བྱས་པ་མ་ཟད།  རྒྱལ་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་བྱ་དགའ་མཐོ་ཤོས་ཁྲང་ཨན་བུམ་པ་བསྟུད་མར་ཐོབ་པ།   “13344”ཡི་གཞི་རིམ་བཅོས་སྐྱོང་ལས་དོན་གྱི་བསམ་ཕྱོགས་དོན་འཁྱོལ་གཏིང་ཟབ་གཏོང་བ།  མང་ཚོགས་ཀྱི་བདེ་འཇགས་ཚོར་སེམས་ཀྱི་ཡིད་ཚིམ་ཚད་ལོ་གསུམ་བསྟུད་མར་ཁུལ་ཡོངས་ཀྱི་ཨང་དང་པོར་གནས་པ།  རྫོང་ཡོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བདེ་འཇགས་དང་བརྟན་ལྷིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་ཡོད།


ཕྱོགས་འདུས་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ།   ས་ཁུལ་གྱི་ཐོན་སྐྱེད་སྤྱི་འབོར་2020ལོའི་སྒོར་དུང་ཕྱུར་41.89ནས་2024ལོའི་སྒོར་དུང་ཕྱུར་60.08བར་འཕར་བ།  མི་རེའི་ཆ་སྙོམས་རྒྱལ་ནང་ཐོན་སྐྱེད་ཀྱི་སྤྱིའི་རིན་ཐང་དེ་སྒོར་76101ནས་སྒོར་90076བར་འཕར་བ།  ཚོང་འགུག་མ་འདྲེན་ལས་དོན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ།  ད་ལོའི་ཟླ1པོ་ནས་ཟླ་11པའི་བར་རིམ་བརྩིས་བྱས་ན་ཁུལ་ཕྱིའི་མ་དངུལ་སྒོར་དུང་ཕྱུར་24.23ནང་འདྲེན་བྱས་པ།  ན་ནིང་གི་དུས་མཚུངས་ལས་5.9%འཕར་བ།   རྫོང་ཁོངས་དཔལ་འབྱོར་རྒྱུན་མཐུད་དུ་བདེ་བླག་ངང་འཕེལ་རྒྱས་བྱུང་བ་ལ་སྒུལ་ཤུགས་དྲག་པོ་ལྡུག་ཡོད།


རིག་གནས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་གཏིང་ཟབ་བྱུང་བ།   སྨན་རི་གངས་རི་དང་པད་མ་རི་བོ་སོགས་འཛམ་གླིང་རིམ་པའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་དུས་བཞི་འཇོལ་དུ་ཡུལ་སྐོར་འགྲོ་ཞེས་པའི་ལས་རྣམ་གསར་པ་བཀོད་སྒྲིག་ཞིབ་ཚགས་བྱས་པ། རྫོང་དེས་རིམ་བརྩིས་བྱས་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1722.66སྣེ་ལེན་བྱས་ཡོད་པ་དང་།  ཡུལ་སྐོར་གྱི་སྤྱིའི་འགྲོ་སོང་སྒོར་དུང་ཕྱུར་172.64ཟིན།  ལོ་ལྔ་ཚན་བཅུ་གསུམ་པའི་དུས་སྐབས་དང་བསྡུར་ན་སོ་སོར་27.47%དང་49.28%འཕར་ཡོད།  ཞིང་ཆེན་རིམ་པའི་ཁོངས་ཡོངས་ཡུལ་སྐོར་དཔེ་སྟོན་ཁུལ་གསར་འཛུགས་ལེགས་གྲུབ་བྱུང་།   རིག་གནས་དང་ཡུལ་སྐོར་ཐོན་ལས་འཇོལ་རྫོང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཀ་རྟེན་གལ་ཆེན་དུ་གྱུར་ཡོད།


དགེ་མཚན་ལྡན་པའི་ཐོན་ལས་སྤུས་འབྲས་ལེགས་གཏོང་བྱུང་བ།   མཐོ་སྒང་གི་ཁྱད་ལྡན་དེང་རབས་ཞིང་ལས་ལ་ཚད་བརྒལ་གསར་པ་བྱུང་།  སྨན་རིའི་རྒུན་ཆང་ཐོན་ཁུལ་ཞེས་པ་ལ་སྐབས་བཅུ་བདུན་པའི་གསེར་ཀྲུན་བྱ་དགའ་ཡི་ལོ་འཁོར་གྱི་ཐོན་ཁུལ་ཁྱབ་སྤེལ་བྱ་དགའ་ཞེས་པ་ཐོབ་པ།  འཇོལ་རྫོང་གི་རྒུན་ཆང་སྣ་བཅོ་ལྔ་2025ལོའི་ཀྲུང་གོའི་རྒུན་ཆང་ཆེ་གྲས་བརྒྱའི་མིང་ཐོ་ནང་བདམས་པ།  ཀྲུང་ལུགས་སྨན་རྫས་དང་བཟའ་སྤྱོད་ཤ་མོ།  ཁྱད་ལྡན་ཕྱུགས་རིགས་སོགས་ཀྱི་ཐོན་ལས་གསར་གཏོད་འཕེལ་རྒྱས་བྱུང་།  “འབྱུང་འཕྲོད་ནུས་རྒྱུའི་རྟེན་གཞི”འཛུགས་སྐྲུན་མགྱོགས་སུ་བཏང་བ་དང་ཝུའུ་ནུང་ལུང་ཆུ་གློག་ས་ཚིགས་ཀྱི་གློག་འདོན་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་43.21ལས་བརྒལ་བ། ཞུས་ལུང་ཆུ་གློག་ས་ཚིགས་འཛུགས་སྐྲུན་མགྱོགས་སུ་བཏང་བ་དང་ཀོང་རྩེད་ར་ཆུ་གློག་ས་ཚིགས་ལ་ཞིབ་དཔྱད་ཆོག་འཐུས་ཐོབ་པ། ན་ཀུའུ་འོད་ཤུགས་རྣམ་གྲངས་(དུས་འགོར)དྲ་སྦྲེལ་གློག་གཏོང་བ། འབྱུང་འཕྲོད་ནུས་རྒྱུ་ཐོན་ལས་ཚོ་འདུས་ནུས་འབྲས་ཐོག་མར་མངོན་ཡོད


དམངས་འཚོའི་བདེ་རྩ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།  དམངས་འཚོ་ཁྱབ་ཁོངས་གཏོང་སྒོ་དེས་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་གཏོང་སྒོའི་80%ཡན་ཟིན་པ།  དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་དང་གྲོང་གསེབ་དར་རྒྱས་གཏོང་བའི་ཕན་ནུས་ལྡན་པའི་སྦྲེལ་བ་སྲ་བརྟན་དང་རྒྱ་སྐྱེད་བཏང་སྟེ། རིམ་བརྩིས་བྱས་ན་ཞིང་ལས་དང་འབྲེལ་བ་ཡོད་པའི་རིགས་ཁག་དང་དེ་བཞིན་རོགས་སྐྱོར་མ་དངུལ་སྒོར་དུང་ཕྱུར་13.9འཇོག་པ་དང་། 2024ལོར་གྲོང་ཁྱེར་དང་གྲོང་གསེབ་རྒྱུན་སྡོད་གྲོང་མིའི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་སོ་སོར་སྒོར་49991དང་14526ཟིན་པ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་སྤྱོད་འཐུས་ཡོང་འབབ་འཕར་ཚད་ལོ་གསུམ་བསྟུད་མར་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད།  ཁྱོན་ཡོངས་ནས་ལོ་15རིང་གླ་ཡོན་མི་དགོས་པའི་སློབ་གསོ་ལག་བསྟར་བྱས་པ།  རྫོང་མི་དམངས་སྨན་ཁང་གཉིས་པ་བསྐྲུན་པ་དང་འཁོར་སྐྱོད་བྱས་པ། རྫོང་ཡོངས་ཀྱི་ཤང་གྲོང་འཕྲོད་བསྟེན་ཁང་10ཚང་མ་རྒྱལ་ཁབ་ཀྱི་གཞི་རྩའི་ཚད་གཞིར་སླེབས་ཡོད། གྲོང་གསེབ་ཀྱི་ངལ་རྩོལ་ནུས་ཤུགས་གནས་སྒྱུར་ལས་ཞུགས་ཀྱི་སྤྱི་འབོར་རྒྱུན་མཐུད་ངང་མི་གྲངས་ཁྲི་2.1ཡན་བརྟན་ལྷིང་བྱས་ཡོད། “རྒན་པ་གཅིག་དང་ཆུང་ཆུང་གཅིག”དང་“ཉམས་ཞན་གཅིག་དང་དབང་པོ་སྐྱོན་ཅན་གཅིག”བཅས་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་ཤུགས་ཆེ་རུ་ཕྱིན་པ་དང་མང་ཚོགས་ཀྱི་བདེ་སྐྱིད་སྟོན་གྲངས་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་ཡོད།


གྲོང་ཁྱེར་དང་གྲོང་གསེབ་ཀྱི་རྣམ་པ་ཉིན་རེ་བཞིན་དང་ཟླ་རེ་བཞིན་མི་འདྲ་བར་འགྱུར་བ།   གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་གཞི་གཅིག་ཅན་དུ་འགྱུར་བའི་འཕེལ་རིམ་ལ་སྐུལ་འདེད་རྒྱུན་མཐུད་གཏོང་།  གྲོང་ཁྱེར་གྱི་བྱེད་ནུས་རྒྱུན་མཐུད་ངང་ཇེ་མཐོར་བཏང་སྟེ། གཅིག་བསྡུས་དྲོད་འདོན་དང་། གྲོང་ཁྱེར་སྤྱི་སྤྱོད་འགྲིམ་འགྲུལ། རླངས་འཁོར་འཇོག་ས་སོགས་སྒྲིག་བཀོད་བེད་སྤྱོད་བྱས་པ། རྫོང་ཁུལ་གྱི་བཙོག་ཆུ་སྦུག་ལམ་ཁྱབ་ཚད་99%ལས་བརྒལ་བ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་སྒྲིག་གཅོད་བྱེད་ཚད་98%ལས་བརྒལ། འཚོ་བའི་བཙོག་ཆུ་བཅོས་སྐྱོང་བྱེད་ཚད་61.29%ཟིན་པས“རྒྱལ་ཡོངས་གྲོང་ཚོ་གཙང་སྦྲའི་བྱ་སྤྱོད་སྔོན་ཐོན་རྫོང་”ཐོབ་པ་རེད།  སྲིད་འཛིན་ས་ཁུལ་དབྱེ་མཚམས་ལེགས་སྒྲིག་ལ་ཆོག་མཆན་ཐོབ་པ་མ་ཟདལེགས་གྲུབ་སྤྲོད་ལེན་བདེ་བླག་བྱུང་།  རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་དོན་འཛུགས་སྐྲུན་དུས་མཚམས་སུ་སླེབས་ཤིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད།


སྐྱེ་ཁམས་སྲུང་ཡུལ་སྲ་བརྟན་དུ་བཏོད་པ།   རྒྱུན་མཐུད་ངང་གནམ་སྔོན་པོ་དང་།  ཆུ་དྭངས་མ།  ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་ཡག་པོ་བྱས་ཏེ། རྒྱལ་ཁབ་ཚོད་འཛིན་དང་ཞིང་ཆེན་གྱིས་ཚོད་འཛིན་བྱེད་པའི་ས་ངོས་ཆུའི་སྤུས་ཚད་ཚད་གཞི་དང་མཐུན་ཚད་དང་རྫོང་ཁུལ་གྱི་མཁའ་རླུང་སྤུས་ཚད་ལེགས་ཚད་རྒྱུན་མཐུད་ངང་100%རྒྱུན་འཁྱོངས་བྱས་པ་དང་།  ནགས་ཚལ་ཁེབས་ཚད་56.56%བར་མཐོ་རུ་ཕྱིན་པ། པད་མ་རི་བོའི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་རྣམ་གྲངས་དེ་རྒྱལ་ཡོངས་ཀྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་དཔེ་མཚོན་དུ་གྱུར།  “ཞིང་ཆེན་རིམ་པའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལབདེ་བླག་ངང་གཏོད་པ།  གལ་ཆེའི་སྐྱེ་ཁམས་ཉམས་གསོ་ལས་གྲྭ་མུའུ་ཁྲི་54ལྷག་ལག་བསྟར་སྤེལ་བ  རིམ་བརྩིས་བྱས་ན་སྐྱེ་ཁམས་ཀྱི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་2ལས་བརྒལ་བ་སྤྲོད་པ་རེད། ནགས་དབང་གཏའ་འཇོག་གི་དངུལ་བུན་དང་པོ་སྤྲད་པ།  འབྱུང་འཕྲོད་དངུལ་རྩའི་སྒྱུར་བཅོས་དང་གསར་གཏོད་ལ་ངོ་བོ་རང་བཞིན་གྱི་འཕེལ་རྒྱས་བྱུང་།

责任编辑:七林卓玛

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

བདེ་ཆེན་ཁུལ་གྱི་“ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་སྤུས་ཚད་མཐོ་བའི་སྒོས་ནས་ལེགས་གྲུབ་ཡོང་བའི་”གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་འཇོལ་རྫོང་ཆེད་དོན་ཚོགས་འདུ་འཚོགས།

ཡུན་ནན་ཉིན་རེའི་ཚགས་པར་གྱི་ཆེད་བརྗོད། དཔའ་མཛངས་རྟུལ་ཕོད་ཀྱིས་“ལོ་ལྔ་ཚན་བཅོ་ལྔ་པའི་”རིང་འབད་འཐབ་བྱས་ཏེ་རྣམ་པ་གསར་པ་གཏོད།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པ་ཁུན་མིང་དུ་འཚོགས།  ཞིང་ཨུའི་རྒྱུས་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།  ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།  

བདེ་ཆེན་ཁུལ་གྱི་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་སྤུས་ཚད་མཐོ་བའི་སྒོ་ནས་ལེགས་གྲུབ་ཡོང་བའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་སེམས་ཀྱི་གྲོང་ཁྱེར་གྱི་ཆེད་དོན་ཚོགས་འདུ་འཚོགས།

ཞིང་ཨུའི་དཔལ་འབྱོར་ལས་དོན་ཚོགས་འདུ་ཁུན་མིང་དུ་འཚོགས། ཝང་ཉིང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཝང་ཡུས་པའོ་ཡིས་ཕྱོགས་བསྡོམས་གསུང་བཤད་གནང་། ལིའུ་ཧུང་ཅན་དང་ལིའུ་ཞའོ་ཁའེ་ཚོགས་འདུར་ཞུགས།

བདེ་ཆེན་རུ་ཁག་མུའུ་ལ་རུ་སོང་། ཟླ་འདིའི་ཚེས་༢༧ཉིན་ཞི་ཧྲོང་པན་ན་རུ་ཁག་དང་འགྲན་བསྡུར་བྱ་རྒྱུ།

བདེ་ཆེན་གྱིས་ཁུལ་ཨུའི་“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་གྲོས་འཆར་ཀྱི་བསམ་འཆར་བསྡུ་ལེན་ལས་དོན་གཏིང་ཟབ་ཏུ་སྤེལ།

ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་ཞིང་ཆེན་ཚན་རྩལ་ཐིང་དུ་འབྲེལ་མཐུད་ལས་དོན་སྙན་སེང་ཞུ་པར་ཕེབས། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com