中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་རིག་གནས་ཁེ་ལས་ལ་བརྟག་ཞིབ་གནང་སྐབས་སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་རྒྱུ་མཐའ་འཁྱོངས་བྱས་ནས་རིག་གནས་ཐོན་ལས་དང་ཡུལ་སྐོར་ཁྲོམ་ར་འབྲེལ་མཐུད་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-05-12 11:56:28

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཤིན་ཧྭ་དཔེ་འཚོང་ཁང་དུ་དཔེ་དེབ་ཕྱིར་ཚོང་དང་དཔེ་འཚོང་ཁང་གི་གཉེར་སྐྱོང་གནས་ཚུལ་ལ་བརྟག་ཞིབ་དང་ཤེས་རྟོགས་གནང་བ།

ཟླ་5པའི་ཚེས་11ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་རང་ཁུལ་གྱི་རིག་གནས་ཁེ་ལས་ཁ་ཤས་སུ་ཕེབས་ནས་བརྟག་དཔྱད་ཞིབ་འཇུག་གནང་བ་དང་། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། རིག་གནས་ཐོན་ལས་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་བསམ་ཕྱོགས་ལ་བློ་རྩེ་གཅིག་སྒྲིམ་གྱིས་ཞིབ་འཇུག་བྱེད་པ། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་ཕན་ཚུན་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱས་ནས་རིག་གནས་ཐོན་རྫས་དང་ཞབས་ཞུ་རང་འགུལ་གྱིས་ཚོང་རར་སྐྱོད་པར་སྐུལ་འདེད་གཏོང་བ་དང་། ཡུལ་སྐོར་འཕེལ་རྒྱས་ཀྱི་གནས་བབ་ལ་བརྟེན་ནས་རིག་གནས་ཐོན་ལས་ཀྱི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

ཁུལ་ཤིན་ཧྭ་དཔེ་འཚོང་ཁང་དུ་ལུའོ་ཁྲའོ་ཧྥེང་གིས་དཔེ་དེབ་ཕྱིར་ཚོང་དང་དཔེ་ཚོང་གཉེར་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་། ཁོང་གིས་སྲོལ་རྒྱུན་དཔེ་འཚོང་ཁང་གིས་གསར་གཏོད་ཕྱོགས་སྒྱུར་བྱེད་མགྱོགས་སུ་གཏོང་བ་དང་། “དཔེ་ཁང”སོགས་དཔེ་ཀློག་དང་སྤྲོ་གསེང་གི་བར་མཐོངས་གསར་པ་འཚོལ་ཞིབ་བྱས་ནས་རིག་གནས་ཡུལ་སྐོར་གྱི་དགོས་མཁོ་དང་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། འཚིག་ཇ་ཁང་དང་རིག་གནས་ཉམས་ལེན་ཁང་སོགས་ལས་རྣམ་མང་པོ་དང་མཉམ་འདྲེས་མཉམ་འགུལ་བཅས་བྱས་ཏེ་“དཔེ་འཚོང་ཁང་དུ་བསྐྱོད་པ”ནི་སེམས་ཀྱི་ཉི་ཟླའི་དལ་བའི་འཚོ་བའི་ཉམས་ལེན་གྱི་བྱེད་ཐབས་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་ཞེས་བསྟན།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁ་དྲོ་ཚད་ཡོད་ཀུང་སིའི་ཁ་དྲོ་གྲི་ཕྱིར་འཚོང་ཁང་དུ་ཐོན་རྫས་ཕྱིར་འཚོང་དང་མང་ཚོགས་ཀྱི་འབབ་འཕར་ལ་སྐུལ་ཁྲིད་བྱེད་པའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ།


སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཁ་དྲོ་ཚད་ཡོད་ཀུང་སིའི་ཁ་དྲོ་གྲི་བྲིན་འཚོང་ཁང་དང་། ཨ་རོགས་ཁམས་པའི་རིག་གནས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལག་ཤེས་བཟོ་རྩལ་ཐོན་རྫས་བྲིན་འཚོང་ཁང་བཅས་སུ་ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་གྱི་སྲོལ་རྒྱུན་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་འཕེལ་རྒྱས་ཀྱི་ད་ལྟའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་བྱས་པ་དང་། འགན་འཁུར་བ་དང་ལག་ཤེས་བཟོ་རྩལ་པ་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་ཤིང་། ཁེ་ལས་ཀྱིས་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་པའི་གནས་ཚུལ་དང་དེ་བཞིན་ཐོན་རྫས་བྲིན་ཚོང་དང་བསྐུར་མ་སོགས་ཀྱི་ཐད་འཕྲད་པའི་དཀའ་ངལ་བཀའ་འདྲི་ཞིབ་ཕྲ་བྱས་པ་རེད།ཁོང་གིས་བློ་རྩེ་གཅིག་སྒྲིམ་ངང་མི་རིགས་ལག་ཤེས་བཟོ་རྩལ་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ལག་ཤེས་བཟོ་རྩལ་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ནི་རང་གི་ས་ཆ་དང་ཐག་ཉེ་སར་ལས་ཞུགས་ཐུབ་རྒྱུར་སྐུལ་འདེད་གཏོང་བ། ཕུལ་བྱུང་གི་མི་རིགས་ལག་ཤེས་རྒྱུན་འཛིན་བྱེད་པ་དང་ཆབས་ཅིག་མང་ཚོགས་དེ་བས་མང་བ་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས། འབྲེལ་ཡོད་སྡེ་ཚན་གྱིས་ཁེ་ལས་ཀྱིས་བཏོན་པའི་གནད་དོན་དངོས་ལ་མཐོང་ཆེན་བྱས་ཏེ་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་གནད་སྨིན་ཇུས་འདོན་བྱས་ནས་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཁྲོམ་རའི་ཐབས་ལམ་རྒྱ་ཆེར་གཏོང་རོགས་བྱེད་དགོས་པའི་ནན་བཤད་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་ཨ་རོགས་ཁམས་པའི་རིག་གནས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ལག་ཤེས་བཟོ་རྩལ་ཐོན་རྫས་ཚོང་ཁང་དུ་འབྲེལ་ཡོད་འགན་འཁུར་བ་དང་ལག་ཤེས་བཟོ་རྩལ་པ་དང་བྱམས་བརྩེའི་ངང་སྤེལ་རེས་བྱས་ཏེ་མང་ཚོགས་ཀྱི་འབབ་འཕར་དང་ལག་ཤེས་བཟོ་རྩལ་ཐོན་རྫས་གསར་སྤེལ་བྲིན་ཚོང་གི་གནས་ཚུལ་ལ་བརྟག་ཞིབ་བྱས་པ་རེད།


སེམས་ཀྱི་ཉི་ཟླའི་ཀུའུ་ཡུན་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཀུང་སིར་ལུའོ་ཁྲའོ་ཧྥེང་གིས་སྲོལ་རྒྱུན་གྱི་མི་རིགས་གྱོན་ཆས་དང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་འཕེལ་རྒྱས་ཀྱི་གནས་ཚུལ་ཤེས་རྟོགས་བྱས་པ་རེད། ཁོང་གིས་སྔོན་ཐོན་གྱི་ཉམས་མྱོང་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། བློ་ཁོག་ཆེན་པོས་གསར་གཏོད་བྱེད་པ། མི་རིགས་ཀྱི་གཞི་རྒྱུ་དེང་རབས་ཀྱི་རྒྱན་གོས་ནང་མཉམ་འདྲེས་བྱེད་པ། མི་རིགས་ཀྱི་ཡུལ་སྲོལ་རྒྱན་གོས་ཀྱི་ཉེར་སྤྱོད་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གཞི་རྒྱུ་ལྡན་པའི་གྱོན་ཆས་མང་ཚོགས་ཁྲོད་ཁྱབ་པ་དང་རྒྱུན་གཏན་གྱི་འཚོ་བའི་ནང་མཉམ་འདྲེས་ཐུབ་པ་བྱེད་དགོས་པའི་ནན་བཤད་གནང་།

མི་རིགས་འཁྲབ་སྟོན་གནས་ཚུལ་ལ་བརྟག་ཞིབ་བྱེད་སྐབས་ལུའོ་ཁྲའོ་ཧྥེང་གིས་ཁྲོམ་རའི་གཉེར་ཚོང་ལ་ཤུགས་སྣོན་རྒྱག་པ་དང་། ཁྱབ་གདལ་གྱི་ཐབས་ལམ་རྒྱ་ཆེར་གཏོང་བ། ས་གནས་དེ་གའི་ཤེས་ལྡན་མི་སྣ་དང་རིག་གནས་ཐོན་ཁུངས་གང་ལེགས་སྤྱོད་པ། བདེ་ཆེན་གྱི་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱེད་དགོས། ཡུལ་སྐོར་པར་རྒྱག་ལས་རིགས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་བརྟག་ཞིབ་བྱེད་སྐབས། ཡུལ་སྐོར་པར་རྒྱག་ལས་རིགས་མཐུན་ཚོགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ་དང་། ལས་རིགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། ཁ་དན་ཚིག་གནས་ཀྱི་གཉེར་སྐྱོང་དར་སྤེལ་གཏོང་བ་བཅས་བྱས་ཏེ། མི་རིགས་ཀྱི་རྒྱན་གོས་དང་མཛེས་འཆོས་ཐད་དམངས་སྲོལ་རིག་གནས་ཀྱི་ཕུལ་བྱུང་སྲོལ་རྒྱུན་ལ་བརྩི་འཇོག་བྱས་ནས་ཡུལ་སྐོར་བར་དེ་བས་སྤུས་ལེགས་ཀྱི་ཉམས་ལེན་རྣམ་པ་དང་ཡིད་རྣལ་དུ་ཕབ་ནས་ཞབས་འདེགས་ཞུ་དགོས་པའི་ནན་བཤད་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་རིམ་པ་ཁག་གི་སྡེ་ཚན་སོ་སོས་སྲིད་ཇུས་ཀྱི་བླང་བྱ་དོན་འཁྱོལ་ནན་ཏན་བྱེད་པ་དང་ཞབས་འདེགས་ཞུ་ཤུགས་ཆེ་རུ་བཏང་ནས་རིག་གནས་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱི་འཇུར་མིག་གི་གནད་དོན་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཁེ་ལས་ཀྱི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱེད་དགོས། རིག་གནས་ཁེ་ལས་སྐྱེད་སྲིང་དང་ལས་གཏོད་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁེ་ལས་ཀྱིས་ཁྲིམས་དང་སྒྲིག་སྲོལ་ལྟར་གཉེར་སྐྱོང་བྱ་རྒྱུར་ཁྲིད་སྟོན་བྱེད་པ། རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་བ་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཐོན་ཁུངས་ཕན་སྒྱུར་ནུས་ལྡན་བྱས་ཏེ་ཚོང་འགུགས་མ་འདྲེན་དང་ཤེས་ལྡན་མི་སྣ་ནང་འདྲེན་ལ་ཤུགས་སྣོན་རྒྱག་པ་དང་། དྲ་རྒྱའི་རོལ་རྩེད་གསར་པ་དང་གྲངས་རིག་རིག་གནས་ཡུལ་སྐོར་སོགས་གསར་དར་ལས་རྣམ་འཚོལ་ཞིབ་བྱས་ནས་བདེ་ཆེན་གྱི་ཁྱད་ཆོས་ལྡན་པའི་རིག་གནས་IPགསར་པ་གཏོད་དགོས། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་སྣེ་ཁྲིད་དཔེ་སྟོན་བྱས་ཏེ་རྡོ་མཁར་རྫོང་གི་ཡུལ་སྐོར་བ་གཅིག་སྡུད་དང་རིག་གནས་གསར་གཏོད་ཐོན་ལས་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེ་བའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་རིག་གནས་གསར་གཏོད་ཐོན་རྫས་དེ་བས་མང་བ་ཡུལ་སྐོར་བས་དགའ་པོ་བྱེད་པའི་“སེམས་ཀྱི་ཉི་ཟླའི་ལག་རྟགས”དང་ཐ་ན་“ཡུན་ནན་གྱི་ལག་རྟགས”སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

ཞུས་ཀོང་ཏེ་དང་ལུའུ་ཀྲི་ཅུན་བརྟག་ཞིབ་ནང་ཞུགས་ཡོད།



  • བདེ་ཆེན་གསར་འགྱུར།

ཀྲང་ཝེ་ཏུང་གིས་སྟག་མཆོང་གྲོག་རོང་གྲོང་རྡལ་དུ་གྲོང་གསེབ་ཀྱི་ཡུལ་སྐོར་རྐང་ཐང་ལམ་ཐིག་གསར་སྤེལ་དང་དོ་དམ་བྱེད་ཚུལ་ལ་རྟོག་ཞིབ་གནང་།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།

ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།

ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་བཟོ་ལ་བརྟེན་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སི་ཁྲོན་དང་ཁྲུང་ཆིང་དུ་ཚོང་འགུག་རྟོག་ཞིབ་གནང་པར་ཕེབས་པ།

བདེ་ཆེན་ཁུལ་གྱི་ཞོག་ཁོག་སྣ་ཁ་གསར་པ་“སེམས་ཀྱི་ཉི་ཟླ་ཞོག་ཁོག་3301”ལ་རྒྱལ་ཁབ་ཀྱི་ཐོ་འགོད་ཐོབ་པ།

བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com