中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཐོག་བརྩེགས་བཟོ་བཀོད་ཀྱི་མེ་དགྲ་ཉེན་བྱོལ་རྒྱུན་ཤེས། 高层建筑火灾逃生常识

ཁྱབ་བསྒྲགས་དུས་ཚོད་:2026-05-12 15:48:36 འབྱུང་ཁུངས་:黄南民语

ཐོག་བརྩེགས་བཟོ་བཀོད་ཀྱི་མེ་དགྲ་ཉེན་བྱོལ་རྒྱུན་ཤེས།

高层建筑火灾逃生常识

དང་པོ། ཐོག་བརྩེགས་བཟོ་བཀོད་ཀྱི་མེ་དགྲའི་ཉེན་ཁ་རང་བཞིན།

1.མེ་དགྲའི་མངོན་མེད་རྐྱེན་ངན་མང་བ།

ཐོག་བརྩེགས་བཟོ་བཀོད་དང་། ལྷག་པར་དུ་ཕྱོགས་བསྡུས་རང་བཞིན་གྱི་ཐོག་བརྩེགས་བཟོ་བཀོད་ཀྱི་བྱེད་ནུས་རྙོག་འཛིང་ཆེ་ཞིང་། འབར་སླ་བའི་དངོས་རྫས་མང་བ་དང་། མེ་གསོད་བདེ་འཇགས་ཀྱི་དོ་དམ་གཟབ་ནན་མིན་པ། མེ་དགྲའི་མངོན་མེད་རྐྱེན་ངན་མང་བ། མེ་དགྲའི་ཉེན་ཁ་ཆེ་བ་རེད། ལྷག་པར་དུ་མེ་དགྲ་ཁྲོད་དུ་སྨུག་དང་དུག་རླངས་འབྱུང་བས་ཚེ་སྲོག་བདེ་འཇགས་ལ་འཇིགས་སྐུལ་ཆེན་པོ་བཟོ་བཞིན་ཡོད།

2.མེར་ཤོར་མགྱོགས་པ།

ཐོག་བརྩེགས་བཟོ་བཀོད་ལ་སྤྱིར་བཏང་དུ་ཁང་བའི་ནང་དུ་འབར་རུང་དངོས་པོ་ཅུང་མང་བ་དང་། ཐོག་བརྩེགས་སྡོད་ཁང་ལ་ལར་ད་དུང་སྒྲིག་འགལ་གྱིས་འབར་སླའི་དངོས་རྫས་མཛོད་ཁང་བཙུགས་ཡོད། གལ་ཏེ་མེར་ཤོར་ན་འབར་ཤུགས་ཆེ་ཞིང་མཆེད་སླ་བ་རེད།

3.བདེ་འཇགས་ངང་ཐོར་འགྲེམ་བྱེད་དཀའ་བ།

ཐོག་བརྩེགས་བཟོ་བཀོད་མང་ཆེ་བར་བདེ་འཇགས་ངང་ཐོར་འགྲེམ་བྱེད་པར་གཙོ་བོ་ཐེམ་སྐས་ལ་བརྟེན་དགོས་མོད། འོན་ཀྱང་ཐོག་བརྩེགས་མང་བ་དང་དྲང་འཕྱང་གི་བར་ཐག་རིང་བས།    ས་ངོས་སམ་ཡང་ན་བདེ་འཇགས་གནས་ཡུལ་གཞན་དུ་ཐོར་འགྲེམ་བྱེད་པའི་དུས་ཚོད་ཀྱང་ཅུང་རིང་བ་མ་ཟད། ཐེམ་སྐས་ནང་དུ་དུ་རླངས་ཞུགས་ཚེ་ཐོར་འགྲེམ་བྱེད་པར་ཤུགས་རྐྱེན་ཚབས་ཆེན་ཐེབས་སྲིད།

4.མེ་གསོད་དཀའ་བ།

ཐོག་བརྩེགས་བཟོ་བཀོད་ཀྱི་མཐོ་ཚད་ལ་སྨི་བཅུ་ཕྲག་ཁ་ཤས་དང་། ཐ་ན་སྨི་བརྒྱ་ཕྲག་ཁ་ཤས་ཡོད་པས་ཁང་པའི་ནང་གི་མེ་གསོད་སྒྲིག་ཆས་ཀྱིས་རྒྱུན་ལྡན་གྱི་ནུས་པ་འདོན་མ་ཐུབ་ཚེ་ཕྱི་རོལ་ནས་མེ་གསོད་རྒྱུ་ཧ་ཅང་ཁག་པོ་ཡིན།

གཉིས་པ། ཐོག་བརྩེགས་བཟོ་བཀོད་ལ་མེ་དགྲ་འབྱུང་བའི་རྒྱུ་རྐྱེན་བཞི།

1.གློག་དབུགས་ཀྱི་མེ་དགྲ།

ཐོག་བརྩེགས་བཟོ་བཀོད་ནང་གློག་སྤྱོད་པའི་སྒྲིག་ཆས་མང་པོ་ཡོད་པས་གློག་དབུགས་མེ་དགྲ་འབྱུང་སྲིད་པའི་རང་བཞིན་ཆེ་རུ་ཕྱིན་ཡོད།

2. མེ་ལ་དོ་དམ་བཟང་བོ་མ་བྱས་པ།

ཐབ་ཚང་དུ་སྤྱོད་པའི་མེ་དང་། འབར་ཐུབ་པའི་རླངས་གཟུགས་ཕྱིར་ཤོར་ནས་འབར་བ་དང་། བྱིས་པ་མེ་ལ་རྩེད་པ། དུ་བ་འཐེན་པ་སོགས་ཀྱི་མེ་དགྲ་འབྱུང་སྲིད།

3.སྒྲིག་སྲོལ་དང་འགལ་ནས་ལས་ཀ་བྱེད་པ།

བཟོ་བཀོད་དངོས་པོ་དང་སྒྲིག་ཆས་ཉམས་གསོ་བྱེད་སྐབས་གློག་གིས་གཅོད་པ་དང་། དབུགས་ཀྱིས་གཅོད་པ། ཚ་ལ་རྒྱག་པ་བཅས་ཀྱི་སྐབས་སུ་བཀོལ་སྤྱོད་བྱས་པ་མི་འོས་པའམ་སྒྲིག་སྲོལ་དང་འགལ་ནས་བཀོལ་སྤྱོད་བྱེད་ན་མེ་དགྲ་འབྱུང་སྲིད།

4. དངོས་པོ་ཙག་ཙིག་སྤུངས་པ།

ཐོག་བརྩེགས་བཟོ་བཀོད་ཀྱི་ཁྱིམ་ཚང་ཁག་གཅིག་གིས་ཤོག་སྒམ་དང་ཁྱིམ་ཆས་རྙིང་པ་སོགས་དངོས་པོ་ཙག་ཙིག་ཐེམ་སྐས་ཀྱི་འགྲམ་དང་རྒྱུ་ལམ་དུ་གང་འདོད་དུ་སྤུངས་པ་དང་། སྒྲིག་སྲོལ་ལས་འགལ་ཏེ་གློག་སྒུལ་རླངས་འཁོར་འཇོག་པ། གློག་གསོག་གི་ཡོད་པ་རེད།

གསུམ་པ། ཐོག་བརྩེགས་བཟོ་བཀོད་མེར་ཤོར་ན་ང་ཚོས་ཇི་ལྟར་བྱ་དགོས།

1.ཐོག་ཁང་མེར་ཤོར་ན་མྱུར་ཏུ་ཐོག་ཁང་ནས་མར་འབབ་པ་ལས་གློག་སྐས་ལ་སྡོད་མི་རུང་།

གལ་ཏེ་གནས་ཡུལ་ནི་མེར་ཤོར་བའི་ཐོག་རིམ་གྱི་མན་ཆད་དུ་ཡོད་ན་མྱུར་ཏུ་ཐོག་ཁང་ནས་བབས་ཏེ་བདེ་འཇགས་ཁུལ་དུ་གནས་སྤོར་དགོས་ཤིང་། གློག་སྐས་ལ་སྡོད་མི་རུང་བར་མཉམ་འཇོག་བྱེད་དགོས།

2.ཁ་དང་སྣ་བཀབ་ནས་དུ་སྨུག་ལ་གཡོལ་དགོས།

ཐོར་འགྲེམ་ཉེན་བྱོལ་གྱི་གོ་རིམ་ཁྲོད་དུ། ལག་ཕྱིས་རློན་པས་ཁ་དང་སྣ་བཏུམ་སྟེ། དུ་སྨུག་མི་རྔུབ་པ་དང་། དུས་མཚུངས་སུ་སྲིང་བལ་གྱི་ཉལ་ཐུལ་རློན་པས་ལུས་པོ་འགེབ་དགོས།     གལ་ཏེ་དུ་སྨུག་གང་སར་མཆེད་ན། ལུས་པོ་དམའ་རུ་བཏང་ནས་མགྱོགས་མྱུར་ངང་གནས་སྤོར་དགོས།

3.ཐོག་རིམ་དེ་མེར་ཤོར་ན་གང་བྱུང་དུ་སྒོ་ཕྱེ་མི་རུང་།

གལ་ཏེ་གནས་ཡུལ་གྱི་རིམ་པ་དེ་མེར་ཤོར་ན། ཕྱིར་འཐེན་མ་བྱས་གོང་ལ་ལག་རྒྱབ་ཀྱིས་སྒོ་ལ་ཡང་མོས་རེག་དགོས། གལ་ཏེ་དྲོད་ཚད་མཐོ་ཚེ། མེ་ཤུགས་ཆེ་བ་དང་དུ་སྨུག་གིས་ཁེངས་ཡོད་པ་མཚོན་ཐུབ་པས། སྐབས་དེར་སྒོ་ཕྱེ་མི་རུང་ལ། ལག་ཕྱིས་དང་ཉལ་ཐུལ་སོགས་ཀྱིས་སྒོ་སྲུབས་འགེབ་པ་དང་ཆུ་གཏོར་ནས་དྲོད་ཚད་དམའ་རུ་གཏོང་དགོས།

4.རྒྱུ་ལམ་གཙོ་བོར་བཅར་ནས་གཡོལ་བ་དང་སྐད་ཆེན་པོས་སྐྱོབ་མི་འབོད་མི་རུང་།

ཉེན་གཡོལ་གནས་འདེམ་སྐབས། བཟོ་བཀོད་ཕྱིའི་སྲང་ལམ་གཙོ་བོ་དང་ཐག་ཉེ་བའི་ཁང་པ་འདེམ་ནས་རོགས་སྐྱོར་མི་སྣས་ཤེས་སླ་བར་བྱེད་དགོས་ལ། སྒེའུ་ཁུང་ཡོད་པ་མ་ཟད་རྐུན་འགོག་སྒེའུ་ཁུང་མེད་པའི་ཁང་པ་འདེམ་ན་སྐྱོབ་སླ་བ་ཡིན། སྐད་ཆེན་པོས་སྐྱོབ་འབོད་བྱེད་མི་རུང་། དེ་ལྟར་བྱས་ན་དབྱང་རླུང་ཟད་གྲོན་དང་གནོད་ཡོད་དངོས་པོ་མང་པོ་རྔུབ་མི་ཐུབ། ཁ་དོག་བཀྲ་བའི་གྱོན་ཆས་སྒེའུ་ཁུང་ནས་གཡུག་གཡུག་བྱས་ན་མི་རྣམས་ཀྱིས་དོ་སྣང་བྱེད་ཐུབ།

5.མེ་སྐྱོན་ཤེས་ཚེ་སྔ་མོ་ནས་ཉེན་བརྡ་གཏོང་དགོས།

མེ་དགྲ་ཤེས་ཚེ་ལམ་སེང119ལ་ཁ་པར་བཏང་ནས་ཉེན་བརྡ་གཏོང་དགོས།

责任编辑:拉茸初姆

  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།

ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།

ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་བཟོ་ལ་བརྟེན་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སི་ཁྲོན་དང་ཁྲུང་ཆིང་དུ་ཚོང་འགུག་རྟོག་ཞིབ་གནང་པར་ཕེབས་པ།

བདེ་ཆེན་ཁུལ་གྱི་ཞོག་ཁོག་སྣ་ཁ་གསར་པ་“སེམས་ཀྱི་ཉི་ཟླ་ཞོག་ཁོག་3301”ལ་རྒྱལ་ཁབ་ཀྱི་ཐོ་འགོད་ཐོབ་པ།

བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།

ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་མི་རིགས་སློབ་ཆེན་དབར་བཞུགས་མོལ་ཚོགས་འདུ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com