གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

ཟླ་6ཚེས་30ཉིན་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལ་སྔར་བས་སྐུལ་སློང་དང་ལྕག་སྐུལ་བྱས་ནས་མངགས་བཅོལ་བློ་ལ་བརྟན་པོར་ངེས་པ་དང་དྲིན་ཚོར་ཡར་བརྩོན་གྱིས་འགག་སྒྲོལ་དཀའ་སེལ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ལི་ཡན་ལན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་མིའོ་ཡིའུ་ཧྥ་ཚོགས་འདུར་ཕེབས་ཡོད། ཁུལ་ཨུའི་རྒྱུན་ཨུ། ཁུལ་ཨུའི་རྩ་འཛུགས་པུའི་པུའུ་ཀྲང་དབྱང་ཁའེ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་ཁུལ་ཨུའི་གཟེངས་བསྟོད་གཏན་འབེབས་སྒྲོག་སྦྱངས་ཀྱང་གནང་བ་རེད།

སྔ་དྲོའི་ཆུ་ཚོད་9པར་ཚོགས་ཆེན་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། ཁུལ་ཨུས་ཁུལ་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་30དང་ཕུལ་བྱུང་ཏང་དོན་ལས་དོན་པ་30དང་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་39ལ་གཟེངས་བསྟོད་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ཚོགས་ཆེན་ཐོག་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་ཀྱི་འཐུས་མིར་བྱ་དགའ་སྤྲད་པ་རེད། གཟེངས་བསྟོད་ཐོབ་པའི་ཕུལ་བྱུང་གུང་ཁྲན་ཏང་ཡོན་གྱི་འཐུས་མི་འབའ་ལུང་རྫོང་ཡུང་ཁྲུན་ཤང་སི་པའོ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་གཞོན་པ་ལེ་ཝུན་དང་ཕུལ་བྱུང་ཏང་དོན་ལས་དོན་པའི་འཐུས་མི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་གི་ཏང་ཀྲི་པུའི་ཧྲུའུ་ཅིའམ་སློབ་གཙོ་ཉེ་ཧྥེ་དང་སྔོན་ཐོན་གཞི་རིམ་ཏང་རྩ་འཛུགས་ཀྱི་འཐུས་མི་འཇོལ་རྫོང་ཡེ་ཀྲི་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་ཞུང་ཅེ་བཅས་ཀྱིས་ཕུལ་བྱུང་གི་སྤེལ་རེས་གཏམ་བཤད་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་ཁུལ་ཨུའི་ཚབ་ཞུས་ནས་གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་དང་ཁུལ་ཡོངས་ཀྱི་འཐབ་ཕྱོགས་ཁག་ཏུ་འབད་འཐབ་བྱེད་བཞིན་པའི་རྒྱ་ཆེའི་ཏང་ཡོན་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་བླ་ན་མེད་པའི་གུས་འདུད་ཞུས་པ་རེད། ཁོང་གིས་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་ཉེ་འགྲམ་གྱི་མིག་དཔེར་སློབ་སྦྱོང་བྱས་ཏེ་མཁས་མཛངས་ལྡན་པ་མཐོང་བ་དང་འབད་འབུངས་ཡར་བརྩོན་བྱས་ནས་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་ལོ་རྒྱུས་ལ་ཕྱིར་དྲན་བྱེད་སྐབས་ཏང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལམ་བུས་བདེ་ཆེན་ས་མཐོར་འཕོ་འགྱུར་ཆེན་པོ་བྱུང་ནས་ཁུལ་ཡོངས་ཀྱི་མི་རིགས་ཁག་གི་བུ་ཕྲུག་གི་སྣེ་ཁྲིད་དེ་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་དགོས། རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་རྒྱང་ལྟ་བྱེད་སྐབས་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ཚོས་ལོ་རྒྱུས་ཀྱི་ལས་འགན་གསར་པ་ཕྲག་ཐོག་ཏུ་འཁུར་ནས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་བརྟན་པོ་འཛུགས་པ་དང་ལག་ལེན་བསྟར་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཕུལ་བྱུང་གི་རྒྱུགས་ཤོག་རྒྱུན་ཆད་མེད་པར་འབྲི་དགོས་པའི་བླང་བྱ་བཏོན་པ་རེད།
ལུའོ་ཁྲའོ་ཧྥེང་གིས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་དང་དེར་ཤུགས་སྣོན་བརྒྱབ་ནས་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཏང་གི་འགོ་ཁྲིད་ཀྱི་ལམ་ལུགས་དང་ལམ་སྲོལ་ཁག་འཐུས་སྒོ་ཚང་དུ་བཏང་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དེ་ཁུལ་ཡོངས་ཀྱི་ལས་དོན་གྱི་ཕྱོགས་ཁག་དང་ལྷུ་ཚིགས་ཁག་ཏུ་དོན་འཁྱོལ་ཏན་ཏིག་བྱེད་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་དང་ལས་དོན་ལ་སྐུལ་འདེད་གཏོང་དགོས། ཏང་གི་རྩ་འཛུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་“རྨང་གཞི་བརྟན་དུ་གཏོང་བའི་”འདུ་འགོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་ཁྱབ་ཁོངས་ཁག་གི་རྩ་འཛུགས་མ་ལག་ཚགས་ཚུད་དུ་བཏང་སྟེ་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་ཤུགས་ཆེན་གཏོང་དགོས། ཏང་ལ་ལྷག་བསམ་རྣམ་དག་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་བརྟན་ལྷིང་སྲུང་སྐྱོང་དང་། ཐོན་ལས་འཕེལ་རྒྱས། རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་འཐབ་ཕྱོགས་དང་པོར་རང་འགུལ་ངང་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས། དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་དེ་སྲིད་སྐྱོང་བྱས་རྗེས་ཆེ་ཤོས་སུ་བརྩིས་ནས་དུས་རབས་གསར་པའི་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་ཡག་པོ་བསྐྱོད་དེ་ཞིང་པའི་འབབ་འཕར་དང་དམངས་འཚོ་ལེགས་སུ་གཏོང་བའི་“རྩོམ་ཡིག་གཉིས་”རྒྱུན་མཐུད་ངང་ཡག་པོ་འབྲི་དགོས། ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་ཆེ་རུ་གཏོང་བ་དང་སྤྱོད་ཚུལ་གསར་བརྗེའི་ཕན་ནུས་གསར་བརྗེ་མཐོ་རུ་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་དཀའ་གནད་སེལ་བ་བརྒྱུད་ལས་ཀའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་ནན་བཤད་གནང་བ་རེད།
ཁུལ་ཨུའི་རྒྱུན་ཨུ་ཡོན་དང་། ཁུལ་མི་དམངས་འཐུས་ཚོགས་ཀྱི་རྒྱུན་ཨུ། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་པའི་ཁོངས་མི། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་འགོ་འཛིན་བཅས་ཚོགས་འདུར་ཞུགས་ཡོད། ཁུལ་རིམ་པའི་སྡེ་ཚན་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་གཟེངས་བསྟོད་ཐོབ་པའི་མཉམ་སྡེབ་དང་མི་སྒེར་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ།:南珠泽仁
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།
བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།
དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།
གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།
གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།
བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108