中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

ཁྱབ་བསྒྲགས་དུས་ཚོད་:2026-07-08 14:55:31 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
    ཟླ7པའི་ཚེས1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དག་གིས་རི་ཀླུང་བརྒལ་བ་དང་མི་སེམས་གཏིང་ལ་འཐིམས་པ་ལྟར་རང་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།ཚང་མས་གསུང་བཤད་ཀྱི་དགོངས་དོན་དེ་བྱ་སྤྱོད་ཀྱི་མཛུབ་ཁྲིད་བྱེད་པ་དང་སྔར་ལས་དཔའ་ངར་ཆེ་བའི་དཔའ་སེམས་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ་ལ་བརྟེན་ནས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་ཏེ་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།
    ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ།ཏང་གི་སྤྱི་ཁྱབ་ཀྲི་པུའུ་ཧྲུའུ་ཅི་སུན་ཡུང་ཧྭ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལས་ཀྲུང་གོའི་གུང་ཁྲན་ཏང་གི་ལོ་ངོ་105སྔོན་གྱི་རླབས་ཆེན་དང་།ལོ་ངོ་105རིང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི།ལོ་ངོ་105རིང་གི་མདུན་ལམ་དང་ལས་དབང་བཅས་གསལ་སྟོན་གཏིང་ཟབ་གནང་བ་དང་།ང་ཚོའི་ཏང་གི་ལོ་ངོ་105རིང་གི་སྐྱེ་སྟོབས་ཆེན་པོ་དང་འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལ་ཐེབས་པའི་ཤུགས་རྐྱེན་གང་ལེགས་མཚོན་ཡོད།“སྤྱི་ཁྱབ་ཧྲུའུ་ཅིས་བློ་བརྟན་འགྱུར་མེད་ངང་ང་ཚོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་ཡུལ་རང་རྟོགས་ངང་ལག་ལེན་བསྟར་བ་དང་།མི་དམངས་དང་མཉམ་དུ་ལངས་པ་དང་།མཉམ་དུ་བསམ་བློ་གཏོང་བ།མཉམ་དུ་ལས་ཀ་བྱེད་པ་བཅས་བློ་བརྟན་འགྱུར་མེད་བྱེད་དགོས་ཞེས་བསྟན་གནང་ཡོད་པ་འདི་ཡང་ང་ཚོའི་ཐོག་མའི་བསམ་འདུན་དང་།མདུན་ལམ་ལས་དབང་།ཡང་དག་པའི་འགྲོ་ལམ་བཅས་ཡིན།”སུན་ཡུང་ཧྭ་ཡིས་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ལས་སྒྲུབ་ལས་གཏོད་ཀྱི་སྙིང་སྟོབས་སྔར་བས་ཆེ་རུ་བཏང་ནས་མི་རབས་ནས་མི་རབས་བར་གྱི་འབད་བརྩོན་དེ་དོན་དངོས་སུ་འགྱུར་བ་དང་།མྱོང་ཚོར་ཐུབ་པ།དོན་འཁྱོལ་ཞིབ་ཚགས་ཐུབ་པ་བཅས་ཀྱི་སྒོ་ནས་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཞེས་བཤད་བྱུང་།
    བདེ་ཆེན་ཁུལ་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅི། ཡོན་ཀྲང་བསོད་ནམས་ཆོས་འཕེལ་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་ནན་ཏན་གྱིས་གསན་རྗེས།ང་ལ་སྐུལ་མ་ཆེན་པོ་ཐེབས་བྱུང་ཞེས་བཤད་བྱུང་། ས་མཐོའི་ཞིང་ལས་ཚན་རྩལ་འཐབ་ཕྱོགས་སུ་ཡུན་རིང་འབད་འཐབ་བྱེད་མཁན་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་བསོད་ནམས་ཆོས་འཕེལ་གྱིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ལ་མྱོང་ཚོར་ཧ་ཅང་ཟབ་མོ་བྱུང་ཡོད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་ངེས་ནས་བདེ་ཆེན་གྱི་དོན་དངོས་ལ་གཞི་ཚུགས་ཏེ་ནས་དང་།ཞོག་ཁོག ཀྲུང་ལུགས་སྨན་རྩྭ། ས་མཐོའི་ཤིང་འབྲས་དང་སྔོ་ཚལ་སོགས་ཁྱད་ལྡན་སྐྱེ་དངོས་ལ་དམིགས་ནས་སོན་བཟང་འདེམས་གསོ་དང་།ནད་འབུའི་གནོད་འཚེ་སྔོ་ལྗང་འགོག་བཅོས། འདེབས་འཛུགས་ལག་རྩལ་འགག་སྒྲོལ་བཅས་ལ་སྟོབས་ཤུགས་གཅིག་སྒྲིལ་བྱེད་རྒྱུ། ཚོད་ལྟ་ཁང་ཞིང་ཁར་བཙུགས་པ་དང་དཔྱད་རྩོམ་གངས་ལྗོངས་ཀྱི་ཞིང་ཁར་གཞི་ཚུགས་ནས་བྲིས་ཏེ་ཞིང་ལས་ལག་རྩལ་གྱི་ཞབས་ཞུའི‘མཐའ་མའི་སྤྱི་ལེ་གཅིག’ཤར་གཏོང་བྱེད་རྒྱུ། སླད་ཕྱིན་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ་དང་མུ་མཐུད་འབད་འཐབ་བྱས་ནས་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ས་མཐོའི“ཞིང་གསུམ”ལ་ནུས་པ་སྤྲོད་པ་དང་།མཐོ་གྲང་ཞིང་ལས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ།ས་མཐོའི་འབྲུ་རིགས་བདེ་འཇགས་སྲུང་སྐྱོང་།ཁྱད་ལྡན་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་མང་ཚོགས་ལ་འབབ་འཕར་གྱི་ཕན་འབྲས་ཐོབ་པར་བྱ་རྒྱུ་ཡིན་ཞེས་བཤད་བྱུང་།
    ཁུལ་སྲིད་གཞུང་གཞུང་དོན་ཁང་གི་ཆ་འཕྲིན་ཡོངས་བསྒྲགས་ཁོའོ་ཡི་ཁོའོ་ཀྲང་། ཏང་ཀྲི་པུའུ་གཉིས་པའི་རྩ་འཛུགས་ཨུ་ཡོན་ཀྲང་ཨའེ་ལིང་གིས་ཟླ་7ཚེས་1ཉིན་གྱི་སྔ་དྲོ།རྟེན་འབྲེལ་ཚོགས་ཆེན་ཐོག་སྤྱི་ཁྱབ་ཧྲུའུ་ཅིས‘བདུན་པའི་ཚེས་གཅིག་གི་བྱས་རྗེས་གཟེངས་རྟགས’སྤྲོད་པ་དང་གསུང་བཤད་གལ་ཆེན་གནང་སྐབས་ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་ལ་འགྲན་ཟླ་བྲལ་བའི་ཕུལ་བྱུང་གི་ཁྱད་ཆོས་ལྡན་ཡོད་ཅེས་ནན་བཤད་གནང་བ་དེས་མོ་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་པ་དང་།“གཏན་ཁེལ་གཉིས་”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་ལས་གཏིང་ཟབ་པའི་གོ་བ་ལེན་པ་དང་མྱོང་ཚོར་བྱུང་ཡོད་ཅེས་བཤད་བྱུང་།སྲིད་གཞུང་གཞུང་དོན་ཁང་གི་ལས་བྱེད་མི་སྣ་དང་ཀྲི་པུའུ་ཡི་རྩ་འཛུགས་ཨུ་ཡོན་ཡིན་པའི་ཀྲང་ཨའེ་ལིང་གིས་འགན་འཁྲི་ཧ་ཅང་ཆེན་པོ་ཡིན་པའི་ཚོར་སྣང་ཟབ་མོ་བྱུང་།མོས་བཤད་རྒྱུར།“ངེས་པར་དུ་བྱ་དགོས་པ་གསུམ་”བློ་ལ་བརྟན་པོར་ངེས་ནས་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ཏེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུ་ཕྱོགས་སྟོན་དུ་བཟུང་ནས་“ཞབས་ཞུ་གསུམ་”གྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་ཏེ་སྔོན་ཐོན་དཔེ་མཚོན་མིག་དཔེར་བཟུང་ནས་ཀྲི་པུའུ་ཏང་ཡོན་གྱི་གདོང་ལེན་མིག་དཔེའི་ནུས་པ་འདོན་སྤེལ་བྱ་རྒྱུར་སྐུལ་ཁྲིད་བྱ་རྒྱུ་ཡིན།ཀྲང་ཨའེ་ལིང་གིས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་དྲངས་ནས“‘སྙིང་རུས་ཡོད་ན་གྲུབ་འབྲས་ཐོབ།ལས་ལ་བརྩོན་ན་བྱ་བ་འགྲུབ།’ཞེས་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ངས་རང་འཁྲིའི་ལས་གནས་ལ་གཞི་ཚུགས་པ་དང་རང་འགན་གཙང་སྒྲུབ་བྱས་ཏེ་ལས་གནས་དཀྱུས་མའི་ཐོག་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་བསྒྲུབས་ནས་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན”ཞེས་བཤད་བྱུང་།
    ཞིང་ལས་ཚན་རྩལ་འགག་སྒྲོལ་ནས་སྲིད་དོན་ཞབས་ཞུའི་འགན་ལེན་བར་དང་གངས་ལྗོངས་ཞིང་ས་ནས་ལས་ཁུངས་ཀྱི་ལས་གནས་བར་བདེ་ཆེན་ཁུལ་གྱི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ལྷག་བསམ་རྣམ་དག་དེ་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་ཆེན་པོར་འགྱུར་བ་བྱས་ཡོད།ཚང་མས་ཡིད་ཆེས་བརྟན་པོ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ་རང་རང་གི་ལས་གནས་ཐོག་གུང་ཁྲན་ཏང་ཡོན་གྱི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་ནས་མཐུན་སྒྲིལ་དང་།འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག བདེ་འཇགས་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བདེ་ཆེན་གསར་པ་འཛུགས་སྐྲུན་བྱ་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།
  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།

བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།

དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།

གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com