中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།

ཁྱབ་བསྒྲགས་དུས་ཚོད་:2026-07-06 16:20:15 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ7པའི་ཚེས4ཉིན་གྱི་སྔ་དྲོར།ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་ཕེབས་ནས་ལས་གནས་བརྟན་སྲུང་བྱེད་མཁན་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་འཚམས་འདྲི་གནང་བ་རེད།ཁོང་གིས་ནན་གྱིས་བསྟན་དོན།དུས་རབས་གསར་པའི་སྤྱི་བདེ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ།ཉེན་ཁ་སྔོན་འགོག་དང་།བདེ་འཇགས་འགན་ལེན།བརྟན་ལྷིང་སྲུང་སྐྱོང་།འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལྟེ་བའི་ལས་འགན་གཏན་འཁེལ་བྱེད་པ་དང་།སྤྱི་བདེའི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ།ཁུལ་ཡོངས་ཀྱི་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བཅས་བྱེད་དགོས།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཀྲུའུ་པའོ་ཧྥུ་བརྟག་ཞིབ་ལ་ཕེབས་རོགས་ཞུ་བ།

    བརྟག་ཞིབ་ཁྲོད།ལུའོ་ཁྲའོ་ཧྥེང་དང་བཅས་པས་སྔ་རྗེས་སུ་ཁུལ་སྤྱི་བདེ་ཅུས་ཉེས་དོན་མྱུལ་ཞིབ་ཡན་ལག་རུ་ཁག་དང་།བདེ་འཇགས་ཡན་ལག་རུ་ཁག བཀོད་འདོམས་བཀོད་གཏོང་ལྟེ་གནས་སོགས་སྡེ་ཁག་དུ་ཕེབས་ནས། ཡུལ་དངོས་སུ་ཉེན་དོན་འཁོར་སྐྱོད་དང་།དཔུང་ཁག་འཛུགས་སྐྱོང་།བདེ་སྲུང་བརྟན་ལྷིང་སྲུང་སྐྱོང་།འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་སྤེལ་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ།རྒྱུན་གཏན་གྱི་ཞབས་ཞུ་དོན་འཁྱོལ་བྱས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་མ་ཟད།ཁུལ་ཡོངས་ཀྱི་སྤྱི་བདེ་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་གནང་ནས་ཚང་མས་དུས་ཡུན་རིང་པོའི་ནང་རང་འགན་ནན་སྒྲུབ་དང་སྐད་གྲགས་མེད་པར་རང་ནུས་གང་ཡོད་ཕུལ་བར་ཁས་ལེན་གང་ལེགས་གནང་བ་རེད། དེ་རྗེས་ལས་དོན་བཀོད་གཏོང་ཚོགས་འདུ་འཚོགས་ནས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་སྤྱི་བདེ་ཅུས། ཤང(གྲོང་རྡལ)མངགས་གཏོང་ཁང་ཁག་གཅིག་གི་ལས་དོན་བཀོད་སྒྲིག་བྱས་ཏེ་ཁུལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་སྔོན་འགོག་ཚོད་འཛིན་དང་།ཉེན་ཁའི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་སེལ་བ།གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་སོགས་ཀྱི་ལས་དོན་གནས་ཚུལ་སྐོར་གྱི་སྙན་སེང་གསན་པ་རེད།ཁོང་གིས་ཉེ་བའི་ལོ་ཤས་རིང་།ཁུལ་ཡོངས་ཀྱི་སྤྱི་བདེ་དཔུང་ཁག་གིས་ལྷག་བསམ་རྣམ་དག་གིས་འགན་འཁྲི་སྒྲུབ་པ་དང་།དངོས་དོན་སྒྲུབ་པ།བདེ་འཇགས་ཀྱི་གཞི་ཐིག་མཐའ་གཅིག་ཏུ་སྲུང་བ་བཅས་བྱས་ཏེ།སྤྱི་ཚོགས་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་སྲུང་སྐྱོང་དང་།མང་ཚོགས་བདེ་སྡོད་ལས་བརྩོན།ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བའི་ཁྱོན་ཡོངས་ལ་ཞབས་འདེགས་ཞུས་ཡོད་ཅེས་བསྟན་བྱུང་།

ལུའོ་ཁྲའོ་ཧྥེང་གིས་ནན་གྱིས་བསྟན་དོན།ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཐོག་མཐའ་བར་གསུམ་དུ་བདེ་འཇགས་བརྟན་ལྷིང་གི་རྩ་བ་དེ་དམ་པོར་བཟུང་ནས་སེམས་ཁྲལ་གྱི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་བློ་བརྟན་པོ་བཙུགས་ཏེ་ཆབ་སྲིད་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་གི་འགོག་སྲུང་འཛིང་རགས་སྲ་བརྟན་དུ་གཏོང་དགོས།  སྤྱི་ཚོགས་ཁྱོན་ཡོངས་ལ་དོ་དམ་ཚོད་འཛིན་ནན་པོ་བྱེད་པ་དང་། རྒྱུན་རྣམ་ཅན་དུ་འགྱུར་བའི་སྒོ་ནས་འགལ་བ་དང་རྩོད་གཞི་སྣ་ཚོགས་དང་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་པ།ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་དང་བཅོས་སྒྲིག་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ།ན་སོ་དར་ལ་མ་བབས་པའི་མིའི་ཉེས་གསོག་ལ་ཚོད་འཛིན་ནན་པོ་བྱེད་པ།མིས་སྔོན་འགོག་དང་།དངོས་པོས་སྔོན་འགོག ལག་རྩལ་གྱིས་སྔོན་འགོག་བཅས་ཀྱི་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། ཉེན་ཁ་ལྟ་ཞིབ་ཚད་ལེན་དང་།འབྱུང་རྩ་ནས་དོ་དམ་ཚོད་འཛིན།འཕྲལ་སྡོམ་ཐག་གཅོད་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་ཉེན་ཁ་སྣ་ཚོགས་ཀྱི་མི་མངོན་པའི་རྐྱེན་ངན་གཞི་གྲངས་གསལ་པོ་དང་།གནས་ཚུལ་ཁ་གསལ།དོ་དམ་ཚོད་འཛིན་ཐུབ་པ།ཆད་ལུས་མེད་པ་བཅས་ཀྱི་འགན་ལེན་བྱེད་དགོས། བབ་བསྟུན་ཐག་གཅོད་བྱེད་ནུས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་།གཙོ་གནད་ལས་རིགས་དང་།གཙོ་གནད་ལས་ཡུལ།བྱེད་སྒོ་གལ་ཆེན་བཅས་ལ་དམིགས་ནས་དོ་དམ་ཚོད་འཛིན་གནད་སྨིན་བྱེད་པ།ཁུལ་དང་རྫོང་(གྲོང་ཁྱེར་)དང་ཤང་(གྲོང་རྡལ་)བཅས་རིམ་པ་གསུམ་གྱི་མཉམ་འགུལ་དང་ལས་ཆོད་ཆེ་ཞིང་ཐོགས་མེད་ཤར་བགྲོད་ཐུབ་པའི་བཀོད་འདོམས་བཀོད་གཏོང་མ་ལག་འཐུས་ཚང་དུ་གཏོང་བ།དངོས་འཐབ་ཕྱོགས་སྟོན་མཐའ་འཁྱོངས་བཅས་བྱས་ཏེ་མགྱོགས་མྱུར་དང་ལེན་དང་།ཐག་གཅོད་གནད་འཁེལ།ཐག་གཅོད་འོས་འཚམ་བཅས་བྱེད་པའི་འཇོན་ཐང་ཆེ་དྲགས་པ་སྦྱོང་བརྡར་བྱས་ཏེ་ཐོལ་བྱུང་གནས་ཚུལ་དུས་ཐོག་ཏུ་དང་ལེན་དང་དུས་ཐོག་ཏུ་ཐག་གཅོད་ཐུབ་པ་བྱ་དགོས།གཞི་རིམ་གྱི་རྨང་གཞིའི་ལས་ཀ་གཏིང་ཟབ་དང་ཏན་ཏིག་སྒྲུབ་པ་དང་།གཞི་རིམ་མངགས་གཏོང་ཁང་གི་གཡུལ་སའི་ནུས་པ་དང་གཞི་རིམ་གྱི་མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་གཙོ་ཤུགས་དམག་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་ནས། ཁོངས་གཏོགས་ཤང(གྲོང་རྡལ)སྲིད་གཞུང་དང་།དགོན་སྡེ་དོ་དམ་ཅུས།གྲོང་ཚོའི(སྡེ་ཁུལ)ཏང་རྩ་འཛུགས་བཅས་དང་རང་འགུལ་ངང་འབྲེལ་མཐུད་བྱས་ཏེ་མཉམ་འགུལ་མཐུན་སྦྱོར་དང་།ཆ་འཕྲིན་སྤེལ་རེས།མཉམ་འགོག་མཉམ་བཅོས་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་མུ་མཐུད་བརྟན་དུ་བཏང་སྟེ་གཞི་རིམ་གྱི་ལས་དོན་ནུས་ལྡན་སྤེལ་བར་བརྟེན་ནས་ཁུལ་ཡོངས་ཀྱི་ཡུན་རིང་བདེ་འཁོད་ལ་སྲུང་སྐྱོང་བྱེད་དགོས།
    བརྟག་ཞིབ་གནང་སྐབས་སུ། ལུའོ་ཁྲའོ་ཧྥེང་དང་བཅས་པས་ཁུལ་ཨུའི་དྲ་འཕྲིན་གཞུང་སྒྲུབ་ཁང་དུ་བརྟག་ཞིབ་གནང་བ་རེད།
    ཁུལ་གྱི་འགོ་ཁྲིད་ཞུས་ཀོང་ཏེ་དང་།ལུའུ་ཀྲི་ཅུན།ཞུང་ཝུན་པིན།ཏོན་རུའུ་ཀྲུའུ་བཅས་སོ་སོར་འབྲེལ་ཡོད་བརྟག་ཞིབ་ནང་ཞུགས་པ་རེད།
  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།

བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།

དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།

གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com