中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

ཁྱབ་བསྒྲགས་དུས་ཚོད་:2026-07-07 16:04:01 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།
    ཟླ7པའི་ཚེས1ཉིན། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་ཤིང་།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་དག་གིས་རི་ཀླུང་བརྒལ་བ་དང་མི་སེམས་གཏིང་ལ་འཐིམས་པ་ལྟར་རང་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཁྲོད་དུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།ཚང་མས་གསུང་བཤད་ཀྱི་དགོངས་དོན་དེ་བྱ་སྤྱོད་ཀྱི་མཛུབ་ཁྲིད་དུ་བྱས་ཏེ་ས་མཐོར་གཞི་འཛུགས་པ་དང་དུས་རབས་ཀྱི་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་དུས་རབས་གསར་པའི་བདེ་ཆེན་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།
    ཁུལ་མི་རིགས་སློབ་འབྲིང་ཏང་དང་མང་ཚོགས་ཀྱི་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་གཞོན་པ་ཡུས་ཕེང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་མི་རྣམས་ལ་དཔའ་ངར་ཆེར་བསྐྱེད་དང་སྐུལ་མ་བཏང་བ་རེད།ལྷག་པར་དུ་“དེ་རིང་།ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་སྟོབས་ཤུགས་འགོག་ཐབས་མེད་པ་དང་།སྔར་བྱུང་མྱོང་མེད་པའི་འོད་ཟེར་ལྡན་པའི་མདུན་ལྗོངས་མངོན་པར་བྱས་ཡོད།”གསུང་བཤད་དེའི་ཐོག་ནས་གཏིང་ཟབ་ཀྱིས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོ་གསལ་སྟོན་བྱས་པ་དང་།ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད།མཐོ་རིམ་སློབ་འབྲིང་གི་བསམ་བློ་ཆབ་སྲིད་ཀྱི་དགེ་རྒན་ཞིག་ཡིན་པའི་ཆ་ནས།ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིན་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཛུབ་སྟོན་དུ་བཟུང་སྟེ།ཕུགས་བསམ་དང་དད་སེམས་ཇེ་བརྟན་དུ་གཏོང་བ་དང་།ཀུན་སྤྱོད་ལ་བརྟེན་ནས་མི་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་དོན་འཁྱོལ།རྒྱལ་ཁབ་ལ་བརྩེ་སེམས་ཟབ་མོ་འཆང་བ།ཏང་གི་ཆེད་དུ་མི་སྐྱོང་བ་དང་རྒྱལ་ཁབ་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་སྐྱེད་སྲིང་བྱེད་པའི་ཐོག་མའི་བསམ་འདུན་མ་བརྗེད་པར་བརྟན་པོར་འཆང་བ།ཁྲིད་སྟེགས་ལ་གཞི་ཚུགས་ཏེ་བསམ་སྲིད་སློབ་ཚན་ལ་ཟབ་ཞུགས་བྱས་ནས།སློབ་མ་འཚར་ལོངས་ཡོང་བར་ཁྲིད་སྟོན་བྱེད་མཁན་དང་བསམ་བློའི་མཛུབ་སྟོན་མཁན་བྱེད་པ་དང་།སློབ་མར་མི་ཚེའི་སྒྲོག་གུ་དང་པོ་རྒྱག་རོགས་བྱེད་རྒྱུ་ཡིན་ཞེས་བཤད་བྱུང་།
    སེམས་ཀྱི་ཉི་ཟླ་གྲོང་ཨུའི་ཏང་གི་སློབ་གྲྭའི་མཐོ་རིམ་གཙོ་ཁྲིད་དགེ་རྒན་སྒྲོལ་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱིས་གཞི་རིམ་ཏང་གི་སློབ་གྲྭའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་གནང་ཡོད།འབྲོག་ཁུལ་གྱི་སྐོར་སྐྱོད་ཏང་གི་སློབ་གྲྭའི་དགེ་རྒན་ཞིག་ཡིན་པའི་ཆ་ནས།ཐོག་མཐའ་བར་གསུམ་དུ་“ཏང་གི་སློབ་གྲྭའི་རུས་མིང་ལ་ཏང་ཟེར”པའི་རྩ་བའི་རྩ་དོན་བརྟན་སྲུང་བྱས་ཏེ།ཏང་གི་གསུང་སྒྲ་རས་གུར་རེ་རེ་དང་།རྒྱང་རིང་གི་འབྲོག་ས་རེ་རེ་བཞིན་དུ་བསྐྱལ་བ་དང་།འབྲོག་པ་གང་དུ་སོང་ཡང་ཏང་གི་སློབ་ཚན་དེ་གར་ཐོན་ཐུབ་པའི་འགན་ལེན་བྱ་རྒྱུ། ཏང་འཛུགས་སྐྱོང་གི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་གཏོང་བའི་གནད་འགག་ནི་ཐོག་མའི་བསམ་འདུན་མ་བརྗེད་པར་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད།གོམ་སྟབས་རྗེས་མར་བརྟན་ལྷིང་དང་།འཕེལ་རྒྱས།སྐྱེ་ཁམས།མཐའ་མཚམས་བརྟན་ལྷིང་བཅས་དོན་ཆེན་བཞི་ལ་དམ་པོར་དམིགས་ཏེ་བསམ་བློའི་རྨང་གཞི་རྒྱུན་མཐུད་ངང་བརྟན་དུ་གཏོང་བ་དང་།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་དེ་ཏང་གི་སློབ་ཚན་རེ་རེའི་ནང་འདྲེས་པར་བྱས་ཏེ་མི་རིགས་ཁག་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན།དུས་མཚུངས་“རིགས་པའི་གཞུང་ལུགས་སྒྲོག་འགྲེལ་དང་།རྩལ་ནུས་གསོ་སྦྱོང་། དམངས་ཕན་ཞབས་ཞུ་ཟུང་འབྲེལ”བཅས་ཀྱི་གཞི་གཅིག་ཅན་གྱི་བྱེད་སྟངས་ཁྱབ་གདལ་བཏང་ནས་ས་མཐོའི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་དང་གྲོང་གསེབ་དར་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་ཏེ་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་དངོས་ལ་སྐུལ་འདེད་གཏོང་ཆེད་འབྲོག་ཁུལ་གྱི་ཏང་ཡོན་དང་མང་ཚོགས་ཀྱི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་ཏང་གི་སློབ་གྲྭའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཞེས་བཤད་པ་རེད།   
    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྤྱི་ཁྱབ་རྩོམ་སྒྲིག་པ་བདེ་སྐྱིད་སྒྲོལ་མས་སླད་ཕྱིན་གྱི་ལས་དོན་ཁྲོད་མཉམ་འདྲེས་སྨྱན་སྦྱོར་གྱི་ལས་གནས་ལ་གཞི་ཚུགས་ནས།སྔོན་རབས་པའི་དཀའ་སྡུག་ལ་མི་སྐྲག་པ་དང་མང་ཚོགས་ལ་བརྩེ་སེམས་འཆང་བའི་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་གཞོན་ནུའི་དྲིལ་བསྒྲགས་ལས་འགན་ཕྲག་ཏུ་འཁུར་ནས། པར་ཆས་དང་བརྙན་ཐུང་། དེབ་རབས་ཅན་གྱི་སྨྱན་སྦྱོར་གསར་པའི་ལས་སྟེགས་སོགས་ཡག་པོ་སྤྱོད་ནས། བདེ་ཆེན་གྱི་གསར་བརྗེའི་ལོ་རྒྱུས་སྔོག་འདོན་ཡག་པོ་བྱེད་ནས་སྔོན་རབས་པའི་གསར་བརྗེའི་གཏམ་རྒྱུད་ཡག་པོ་བཤད་པ་དང་། དུས་མཚུངས་སུ་སེམས་ཀྱི་ཉི་ཟླའི་མི་རིགས་མཐུན་སྒྲིལ་དང་།སྐྱེ་ཁམས་སྲུང་སྐྱོང་།གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ་བཅས་ཀྱི་ལག་ལེན་གསོན་ཉམས་ལྡན་པ་ཟིན་ཐོར་བཀོད་དེ།ཏང་གི་སྲིད་ཇུས་ཁྱིམ་ཚང་ཁྲི་སྟོང་མང་པོར་བརྒྱུད་བསྒྲགས་བྱེད་རྒྱུ་ཞེས་བཤད་བྱུང་།
ཀྲུང་གོ་སྦྲག་སྲིད་ཚོགས་པ་ཚད་ཡོད་ཀུང་སིའི་བདེ་ཆེན་ཁུལ་ཡན་ལག་ཀུང་སིའི་ཏང་དོན་ལས་དོན་པ་ཧོ་ཝན་དབྱིན་གྱིས་སླད་ཕྱིན་གྱི་ལས་དོན་ཁྲོད།མོས་ཁུལ་ཡོངས་ཀྱི་སྦྲག་སྲིད་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་དང་མཉམ་དུ་རླབས་ཆེན་གྱི་ཏང་འཛུགས་སྐྱོང་སྙིང་སྟོབས་ཁྲིད་སྟོན་དུ་བྱས་ནས་གངས་ལྗོངས་སྦྲག་སྲིད་ལས་གནས་ཐོག་གཞི་ཚུགས་ཏེ་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་གྱི་ལག་ལེན་ནང་ཧུར་ཐག་ཞུགས་རྒྱུ། གཞི་རིམ་ཏང་འཛུགས་སྐྱོང་གི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་། གཞུང་ལུགས་སློབ་སྦྱོང་གི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། ཏང་ཀྲི་པུའུ་མཉམ་སྐྲུན་སོགས་ལ་མུ་མཐུད་སྐུལ་འདེད་བཏང་ནས།ཏང་ཡོན་གདོང་ལེན་ལས་གནས་འཛུགས་པ་དང་འགག་སྒྲོལ་འཕྲལ་རྒོལ་རུ་ཁག་བཙུགས་ནས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་དེ་སྐུར་སྐྱེལ་དངོས་ཟོག་སྐྱེལ་འདྲེན་དང་།ཀུན་ཕན་དངུལ་རྩ།གྲོང་གསེབ་ཀྱི་ཞབས་ཞུ་བཅས་ཀྱི་མདུན་གྲལ་དུ་བསྐྲུན་ནས་ཏང་འཛུགས་སྐྱོང་དང་ལས་སྒོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་རྒྱུ། སྦྲག་སྲིད་ཀྱི་འགན་འཁྲི་གཙོ་བོའི་ཞིང་ཕན་བོད་དར་ལ་གཞི་ཚུགས་ཏེ“ཉི་མ་ལྷ་མོ་”ཡི་སྔོན་ཐོན་སྤུས་རྟགས་ཡག་པོ་སྤྱོད་པ་དང་།སེམས་ཀྱི་ཉི་ཟླའི་བེ་ཤ་དང་སེམས་ཀྱི་ཉི་ཟླའི་ཚགས་ཤ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་སྐུར་སྐྱེལ་ཐད་ཀྱི་སྦྲེལ་ལམ་ཤར་གཏོང་བྱེད་པ།ཁུལ་དང་རྫོང་།ཤང་བཅས་རིམ་གསུམ་ཟོག་འགྲེམས་མ་ལག་འཐུས་སྒོ་ཚང་དུ་གཏོང་བ།ཞིང་ལས་དང་འབྲེལ་བ་ཡོད་པའི་དངུལ་རྩར་ཡོངས་ཁྱབ་ངང་ཞབས་འདེགས་ཏན་ཏིག་ཞུ་བ་བཅས་བྱས་ཏེ་ས་མཐོའི་ཐོན་ལས་འཕེལ་རྒྱས་དང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་རོགས་རམ་བྱེད་རྒྱུ།མི་རིགས་མཐུན་སྒྲིལ་མཉམ་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་།ཚད་གཞི་མཐོ་བའི་སྦྲག་སྲིད་ཁོངས་གཏོགས་ཀྱི་མི་རིགས་མཐུན་སྒྲིལ་དཔེ་སྟོན་ས་ཚིགས་གཏོད་པ།ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དྲིལ་བསྒྲགས་རྒྱུན་རྣམ་ཅན་དུ་འགྱུར་བ་བཅས་བྱས་ཏེ་ལོ་འཁོར་གྱི་ལས་བཟོའི་བྱ་བ་དངོས་བཅུ་དོན་འཁྱོལ་ནན་ཏན་བྱ་རྒྱུ་ཞེས་བཤད་བྱུང་།
    སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལིང་ཡུས་ཡུལ་སྐོར་ལས་དོན་ཁང་གི་ལས་དོན་པུའུ་སྡེ་ཚན་གྱི་ཝང་ཀྲེང་ཝུན་གྱིས་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་རྗེས་རླབས་ཆེན་གྱི་ཏང་འཛུགས་སྐྱོང་གི་སྙིང་སྟོབས་ནི་དུས་རབས་གསར་པའི་ལས་སྒྲུབ་ལས་གཏོད་ཀྱི་བསམ་པའི་འབྱུང་ཁུངས་ཡིན་པའི་ངོས་འཛིན་གཏིང་ཟབ་བྱུང་ཡོད།རིག་གནས་དང་ཡུལ་སྐོར་ལས་རིགས་ཀྱི་ལས་དོན་མི་སྣ་ཞིག་ཡིན་པའི་ཆ་ནས།མུ་མཐུད་དཀའ་སྡུག་ལ་མི་སྐྲག་པ་དང་དོན་དངོས་སྒྲུབ་པའི་སྤྱོད་ཚུལ་དར་སྤེལ་བཏང་སྟེ།མཛེས་ལྗོངས་ཁུལ་གྱི་ཞབས་ཞུ་དང་།རིག་གནས་དང་ཡུལ་སྐོར་དྲིལ་བསྒྲགས།ཡུལ་སྐོར་བའི་སྣེ་ལེན།ལས་རིགས་ཀྱི་ཞབས་ཞུ་འགན་སྲུང་བཅས་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ཏེ།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་དང་།བདེ་ཆེན་གྱི་མི་རིགས་གཏམ་རྒྱུད་དང་སྐྱེ་ཁམས་གཏམ་རྒྱུད་ཡག་པོ་བཤད་པ།རིག་གནས་དང་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་རིམ་འཕར་ཡོང་བར་རམ་འདེགས་བཅས་བྱ་རྒྱུ་ཡིན།དུས་མཚུངས་མཐའ་མཚམས་མི་རིགས་ས་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་ཏེ་ཡུལ་སྐོར་ཞབས་ཞུའི་ཁྲོད་མི་རིགས་ཁག་དབར་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་སྤུས་ལེགས་རིག་གནས་ཡུལ་སྐོར་ཞབས་ཞུར་བརྟེན་ནས་གྲོང་གསེབ་དར་རྒྱས་དང་།སྐྱེ་ཁམས་སྲུང་སྐྱོང་།ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་རྣམ་པའི་དེང་རབས་ཅན་གྱི་བདེ་ཆེན་ལག་ལེན་ལ་སྐུལ་འདེད་གཏོང་ཆེད་རིག་གནས་དང་ཡུལ་སྐོར་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཞེས་བཤད་བྱུང་།
  • བདེ་ཆེན་གསར་འགྱུར།

བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།

བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།

དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།

ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།

གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།

བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com