中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།

ཁྱབ་བསྒྲགས་དུས་ཚོད་:2026-07-09 15:34:30 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་7པའི་ཚེས8ཉིན་གྱི་སྔ་དྲོར། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཏང་སྲིད་འཐུས་མི་ཚོགས་པ་སྣེ་ཁྲིད་དེ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ་དང་འབྲེལ།དབྱང་ཕུའུ་ཆུས་ཨུའི་ཧྲུའུ་ཅི་ཞུའེ་ཁན་དང་བཞུགས་མོལ་སྤེལ་རེས་གནང་། ཕྱོགས་གཉིས་ཀྱིས་ཧྲང་ཧའེ་དང་ཡུན་ནན་བར་གྱི་རོགས་ལས་ཟབ་སྤེལ་དང་།ཐོན་ལས་མཉམ་ལས་བྱེད་རྒྱ་ཆེ་རུ་གཏོང་བ།ས་གནས་གཉིས་ཀྱི་མཉམ་ལས་ཀྱི་སྤུས་ཀ་དང་ཕན་འབྲས་ཆེ་རུ་གཏོང་བ་བཅས་ལ་དམིགས་ནས་སྤེལ་རེས་ཟབ་མོ་བྱས།

    ལུའོ་ཁྲའོ་ཧྥེང་གིས་དབྱང་ཕུའུ་ཆུས་ལ་སྔར་ནས་ད་བར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལ་བརྩེ་བའི་རོགས་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད།ཁོང་གིས་ལོ་ལྔའི་རིང་།དབྱང་ཕུའུ་ཆུས་ཨུ་དང་ཆུས་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཕར་བ་གྲུ་འདེགས་ཀྱི་མཛའ་བརྩེ་ཟབ་མོ་རྒྱུན་འཁྱོངས་བྱས་ཏེ།ཁམས་བདེའི་ལས་གྲྭ་དང་།དམངས་སེམས་ལས་གྲྭ།ཕུགས་འདུན་ལས་གྲྭ་བཅས་ཁག་གཅིག་སེམས་ཀྱི་ཉི་ཟླར་དོན་འཁྱོལ་ཡོང་བར་སྐུལ་འདེད་བཏང་བ་དང་།རང་ཁུལ་གྱི་ལས་དོན་ཁག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་ནུས་ལྡན་བཏང་ཡོད།རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་ཕྱོགས་གཉིས་པོས་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཐོན་ལས་འཕེལ་རྒྱས་ཐད་མཉམ་ལས་གཏིང་ཟབ་བྱས་ཏེ་ས་མཐོའི་ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་ཁྱད་ལྡན་ཐོན་ལས་ཀྱི་དཔེ་སྟོན་སྦྲེལ་ཐག་ཐུན་མོང་ཐོག་གཏོད་པ་དང་།ཧྲང་ཧའེ་དང་ཡུན་ནན་གྱི་16+16གླིང་ཁུལ་མཉམ་སྐྲུན་ལམ་སྲོལ་ལ་བརྟེན་ནས།སྤུས་ལེགས་ཁེ་ལས་བདེ་ཆེན་དུ་བཅའ་སྡོད་བྱེད་པར་འོས་སྦྱོར་བྱས་ཏེ།བདེ་ཆེན་ཁུལ་ཁུན་མིང་གིས་གྲོལགླིང་ཁུལ་དང་དེ་བཞིན་སེམས་ཀྱི་ཉི་ཟླའི་ཐོན་ལས་གླིང་ཁུལ་མཉམ་དུ་འཛུགས་སྐྲུན་ཡག་པོ་བྱེད་ནས།བདེ་ཆེན་ལ་བཟོ་ལས་ཀྱི་ཞན་ཆ་གསབ་རོགས་དང་།ཁྲལ་ཁུངས་འཕར་ཚད་སྐྱེད་སྲིང་།ཐོན་ལས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།འཛད་སྤྱོད་རོགས་སྐྱོར་ཐད་ཁེབས་རྒྱ་ཆེ་རུ་གཏོང་བ་དང་།འཛད་སྤྱོད་རོགས་སྐྱོར་གྱི་གཞི་རྟེན་འཐུས་ཚང་དང་བཞུར་ཚད་ཐབས་ལམ་ལ་བརྟེན་ནས།ཁུལ་ཡོངས་ལ་ཁྱབ་པ་དང་།དྲ་ཐོག་དང་དྲ་ཕྱི་མཉམ་འགུལ།ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་བཅས་ཀྱི་ཡུན་ཕན་འཛད་སྤྱོད་རོགས་སྐྱོར་མ་ལག་ཐུན་མོང་ཐོག་འཛུགས་པའི་རེ་བ་ཡོད་ཅེས་བསྟན་པ་རེད།
    ཞུའེ་ཁན་གྱིས་མཉམ་ལས་ལམ་སྲོལ་བཙུགས་པ་ནས་བཟུང་ས་གནས་གཉིས་པོས་ལག་གདང་སྦྲེལ་ནས་མཉམ་འགུལ་དམ་ཟབ་བྱས་ཏེ་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་དང་།འཛད་སྤྱོད་རོགས་སྐྱོར་གྱི་སྤུས་ཚད་མཐོ་རུ་གཏོང་བ།ངལ་ནུས་མཉམ་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་སོགས་ཁྱབ་ཁོངས་སུ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། གོམ་སྟབས་རྗེས་མར།ཕྱོགས་གཉིས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་།རྒྱུན་རྣམ་ཅན་གྱི་རོགས་སྐྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཐོན་ལས་རོགས་སྐྱོར་དང་།འཛད་སྤྱོད་རོགས་སྐྱོར།སྤྱི་པའི་ཞབས་ཞུ་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པ་བཅས་བྱས་ཏེ།ལོ་ལྔ་ཚན་བཅོ་ལྔ་པའི་རིང་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་འགོ་ཡག་པོ་འཛུགས་ནས། མི་རིགས་ཁག་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་སྔར་བས་ཟབ་ཏུ་གཏོང་བ་དང་།རྒྱུན་རྣམ་ཅན་གྱི་ཕྱོགས་གཉིས་སྤེལ་རེས་བཅས་ཀྱི་ལས་སྟེགས་སྐྲུན་པ།རིག་གནས་དང་ཡུལ་སྐོར་མཉམ་འདྲེས་མཉམ་ལས་གཏིང་ཟབ་བྱེད་པ།རིམ་པ་མང་བའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཉམ་འགུལ་ལ་བརྟེན་ནས་ཧྲང་ཧའེ་དང་ཡུན་ནན་མི་རིགས་ཀྱི་མཛའ་བརྩེ་རྒྱུན་མཐུད་ཟབ་ཏུ་གཏོང་བ་བཅས་བྱས་ཏེ་གཟུགས་ལྡན་ཚོར་སྣང་ནུས་ལྡན་ངང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ཤེས་ལྡན་མི་སྣ་ཕྱོགས་གཉིས་གསོ་སྐྱོང་དང་སྦྱོང་བརྡར་བྱེད་པའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་།དོ་དམ་ནན་པོ་དང་གཅེས་སྐྱོང་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།སེམས་ལ་དྲོ་སྐྱིད་སྦྱིན་པའི་ཞབས་ཞུ་དངོས་སྒྲུབ་པར་འགན་ལེན་བྱེད་དེ།ཚང་མས་བློ་བདེ་པོའི་ངང་འགན་འཁྲི་སྒྲུབ་པ་དང་ལས་སྒྲུབ་ལས་གཏོད་བྱེད་པར་གཡས་གཞོགས་གཡོན་འདེགས་བྱས་ཏེ།ས་གནས་གཉིས་པོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཤེས་ལྡན་མི་སྣའི་འདེགས་སྐྱོར་བརྟན་དུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བསྟན་པ་རེད།
    ཚོགས་འདུའི་ཐོག་དབྱང་ཕུའུ་ཆུས་དང་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱིས་ཁ་གཏད་རོགས་སྐྱོར་བྱས་པའི་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་སྙན་སེང་གསན་པ།
    དབྱང་ཕུའུ་ཆུས་ཀྱི་ཆུས་ཀྲང་གཞོན་པ་ལིའུ་ཅིན་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།རང་ཁུལ་གྱི་འགོ་ཁྲིད་ཞུས་ཀོང་ཏེ་དང་།ཧོང་ལུང་ཞིན།ལིན་ཧའོ་བཅས་ཚོགས་འདུར་ཞུགས་པ་རེད།
  • བདེ་ཆེན་གསར་འགྱུར།

བསམ་བློའི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་ནས་འཕེལ་རྒྱས་ཀྱི་འགན་འཁྲི་བློ་ཁོག་ཆེན་པོས་འཁུར། —ཞིང་ཨུ་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་དེ་བདེ་ཆེན་གྱི་ལས་བྱེད་ལས་བཟོའི་ཁྲོད་ཚུར་སྣང་དྲག་པོ་བྱུང་།

བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།

《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད། 

སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།

ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་། 

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com