བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།

ལུའོ་ཁྲའོ་ཧྥེང་གིས་པའོ་ཧྲན་ཆུས་ཀྱིས་ད་བར་འབའ་ལུང་རྫོང་ལ་བརྩེ་སེམས་ལྡན་པའི་རོགས་སྐྱོར་བྱས་པར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་ཤིང་།ཁོང་གིས་2004ལོར་ཁ་གཏད་རོགས་སྐྱོར་གྱི་ཆ་སྒྲིག་འབྲེལ་བ་དངོས་སུ་བཙུགས་ཚུན། པའོ་ཧྲན་ཆུས་ཨུ་དང་ཆུས་སྲིད་གཞུང་གིས་མ་དངུལ་བཏང་ནས་བརྩེ་སེམས་ལྡན་པའི་ངང་རོགས་སྐྱོར་བྱས་ཏེ་བདེ་ཆེན་གྱི་བྱ་གཞག་ཁག་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད། པའོ་ཧྲན་ཆུས་ཀྱིས་ཁ་གཏད་རོགས་སྐྱོར་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་ནས་བདེ་ཆེན་དུ་ལས་བྱེད་ལས་བཟོའི་ལུས་གསོ་དང་ཁ་གཏད་རོགས་སྐྱོར་གྱི་གྲུབ་འབྲས་འགྲེམས་སྟོན་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་རྟེན་གཞི་ཞིག་བསྐྲུན་པ་དང་། བདེ་ཆེན་གྱི་ཤང(གྲོང་རྡལ)དང་གྲོང་ཚོའི(སྡེ་ཁུལ)ལས་བྱེད་པར་གཞི་རིམ་བཅོས་སྐྱོང་གི་ཆེད་དོན་ཟབ་སྦྱོང་འཛིན་གྲྭར་ཁ་ཕྱོགས་གཏན་འཁེལ་བྱས་ནས་གསར་དུ་བསྐོ་གཞག་བྱས་པའི་གཞི་རིམ་ལས་བྱེད་པའི་སྤྱི་ཚོགས་བཅོས་སྐྱོང་ནུས་པ་དང་ལས་འགན་སྒྲུབ་པའི་ཆུ་ཚད་མཐོ་རུ་གཏོང་བ། རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་གཏོང་བའི་ཐད་མཉམ་ལས་གཏིང་ཟབ་བྱེད་པ་དང་།པའོ་ཧྲན་ཆུས་ཀྱི“བཞུར་ཚད་ཆེ་མོ་དང་།ལས་སྟེགས་ཆེ་མོ།ཁྲོམ་ར་ཆེ་མོ།གཉེར་སྐྱོང་སྟོབས་ཆེར་གཏོང་བ”བཅས་ཀྱི་དམིགས་བསལ་རིག་གནས་ཡུལ་སྐོར་གྱི་ལེགས་ཆར་བརྟེན་ནས་བདེ་ཆེན་གྱིས་འཛམ་གླིང་གི“སེམས་ཀྱི་ཉི་ཟླའི”ཡུལ་སྐོར་དམིགས་ས་བསྐྲུན་རྒྱུར་རོགས་རམ་བྱེད་པ་དང་།ཀྲུང་ལུགས་དང་བོད་ཀྱི་གསོ་བ་རིག་པའི་ལུས་གསོའི་སྨན་རྫས་གསར་སྤེལ་དང་ལས་སྣོན་ཞིབ་ཚགས་སོགས་ཐད་མཉམ་ལས་གཏིང་ཟབ་བྱས་ཏེ་ཀྲུང་ལུགས་དང་བོད་ཀྱི་གསོ་བ་རིག་པའི་ཐོན་ལས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་རེ་བ་ཞུ་བ་རེད།

ལི་ཁྲེང་ཧའོ་ཡིས་བསྟན་དོན།ཕྱོགས་གཉིས་པོས་ལག་གདང་སྦྲེལ་ནས་འབད་བརྩོན་འོག་པའོ་ཧྲན་དང་བདེ་ཆེན་གྱི་ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་།ངལ་ནུས་སྤུས་རྟགས་ཀྱི་ཕན་འབྲས་གང་ལེགས་མངོན་པ།འཛད་སྤྱོད་རོགས་སྐྱོར།“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར།མི་རིགས་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་བཅས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། གོམ་སྟབས་རྗེས་མར་པའོ་ཧྲན་ཆུས་ཀྱིས་ཐོན་ལས་མཉམ་ལས་ལ་དམིགས་ཏེ་ཁྱད་ལྡན་སྤུས་རྟགས་གཏོད་ནས།འཛད་སྤྱོད་རོགས་སྐྱོར་དང་ཐོན་ལས་སྦྲེལ་ཐག་གཏིང་ཟབ་དང་ཁྱད་ལྡན་ཐོན་ལས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་ནས། རིག་གནས་ལུས་རྩལ་ཡུལ་སྐོར་ཐོན་ལས་མཉམ་འདྲེས་བྱེད་དེ་སྦྲེལ་ཐག་ཧྲིལ་པོ་མཐུན་སྦྱོར་མཉམ་འགུལ་བྱེད་རྒྱུ། གནད་སྨིན་རོགས་སྐྱོར་འབུར་དུ་ཐོན་པར་བྱེད་ནས།ངལ་ནུས་མཉམ་ལས་བྱེད་ཐབས་ལེགས་སུ་གཏོང་བ་དང་།སློབ་གསོ་དང་འཕྲོད་བསྟེན་ཁྱབ་ཁོངས་ཀྱི“ཚོགས་སྒྲིག་རྣམ་པའི”རོགས་སྐྱོར་ནུས་པ་ཆེ་རུ་གཏོང་བ།མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་འདི་རུ་དཔེ་སྟོན་གྲོང་ཚོ་དང་སྣོད་བཅུད་གྲོང་ཚོ། བྱེས་སུ་སྡོད་པའི་གྲོང་ཚོཁག་གཅིག་གཏོད་པར་རོགས་རམ་བྱེད་ནས། དམངས་འཚོའི་བདེ་སྐྱིད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། རིམ་པ་མང་བ་དང་།ཁྱབ་ཁོངས་མང་བ།སྣ་མང་ཅན་བཅས་ཀྱི་སྤེལ་རེས་བྱེད་སྒོ་མུ་མཐུད་སྤེལ་ནས་མི་རིགས་ཁག་གིས་རྒྱུན་དུ་འགྲོ་འོང་བྱེད་རིང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟམ་མི་ཆད་པར་བརྟན་པོ་འཛུགས་པར་སྐུལ་འདེད་གཏོང་རྒྱུ། རོགས་སྐྱོར་མངགས་གཏོང་བྱས་པའི་ལས་བྱེད་པ་དང་ཤེས་ལྡན་མི་སྣའི་སྦྲེལ་ཟམ་ནུས་པ་མུ་མཐུད་འདོན་སྤེལ་ཡག་པོ་བྱས་ཏེ་སྤྱི་ཚོགས་ཀྱི་སྟོབས་ཤུགས་དེ་བས་མང་བ་རོགས་སྐྱོར་ནང་ཞུགས་རྒྱུའི་སྐུལ་སློང་བྱེད་རྒྱུ་ཡིན།

- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་ཚད་མཐོའི་སྤུས་ལེགས་ཁུལ་འཛུགས་སྐྲུན་ལ་གྲུབ་འབྲས་མངོན་གསལ་ཐོན་པ།
《ཡུན་ནན་ཉིན་རེའི་ཚགས་པར་》གྱི་ཆེད་བརྗོད། ཡིད་ཆེས་སྲ་བརྟན་གྱིས་མུ་མཐུད་འབད་འཐབ་བྱས་ནས་ཡུན་ནན་གྱི་འཕེལ་རྒྱས་རྣམ་པ་གསར་པ་གཏོད།
སྐབས་དགུ་པའི་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་(རྒྱས་འཛོམས་)གྲོས་ཚོགས་ཐེངས་163པ་འཚོགས།
ཀྲུང་གུང་ཡུན་ནན་ཞིང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ཁུན་མིང་དུ་འཚོགས། ཞིང་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུའི་ཧྲུའུ་ཅི་ཝང་ཉིང་གིས་གསུང་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ཞབས་ཞུ་ལས་རིགས་འཕེལ་རྒྱས་འགྲོ་ཚུལ་ལ་བརྟག་ཞིབ་གནང་སྐབས་ཞབས་ཞུ་ལས་རིགས་ཀྱི་འཕེལ་རྒྱས་ལ་ཤུགས་ཆེན་གཏོང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་ནགས་ཕག་མཚོར་བརྟག་ཞིབ་གནང་སྐབས་བློ་བརྟན་འགྱུར་མེད་ངང་བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་དམ་འཛིན་ནན་པོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ས་མཐོའི་འདམ་ར་ལ་སྲུང་སྐྱོང་བྱེད་དགོས་ཞེས་ནན་བཤད་གནང་།
ལུའོ་ཁྲའོ་ཧྥེང་གིས་འོག་རིམ་ཏང་རྩ་འཛུགས་ཀྱི་“འགོ་ཁྲིད་དང་པོར་”ལྟ་སྐུལ་དང་གླེང་མོལ་གནང་།
ཁུལ་མི་དམངས་སྲིད་གཞུང་གི་ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོ་ཆུང་གིས་2026ལོའི་གཅིག་སྡུད་སློབ་སྦྱོང་ཐེངས་དྲུག་པ་འཚོགས།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108