ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།

བརྟག་ཞིབ་གནང་རིང་ལུའོ་ཁྲའོ་ཧྥེང་གིས་ལམ་རྒྱུད་ཀྱི་གད་སྙིགས་བསྡུ་ཉར་དང་། མཚོན་རྟགས་དང་བྱང་བུ་བཀོད་སྒྲིག སྣེ་ཁྲིད་དཔུང་ཁག་དོ་དམ། རྨང་གཞིའི་ལེ་ལག་ཚང་བའི་འཛུགས་སྐྲུན་སོགས་གཉེར་སྐྱོང་དོ་དམ་ལས་དོན་ལ་ས་གནས་ས་ཐོག་ཏུ་གཟིགས་ཞིབ་དང་ཤེས་རྟོགས་གནང་བ་རེད། ཁོང་གིས་སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་བདེ་ཆེན་འཕེལ་རྒྱས་ཀྱི་མངོན་གསལ་དོད་ཤོས་དང་བཀྲག་མདངས་འཚེར་ཤོས་ཀྱི་ཞབས་མདོག་ཅིག་ཡིན་པ་དང་ཨ་པུའུ་ཅུ་མཚོའི་ཐུན་མོང་མ་ཡིན་པའི་སྐྱེ་ཁམས་ཐོན་ཁུངས་ནི་སླར་སྐྱེ་མི་ཐུབ་པའི་རྩ་ཆེའི་རྒྱུ་ནོར་ཞིག་ཡིན་པས་ཁོངས་གཏོགས་རང་བཞིན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་བཅོས་སྐྱོང་བྱ་རྒྱུ་དེ་ལས་དོན་ཁག་གི་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་རི་མཐོ་མཚེའུ་དང་། གདོད་མའི་ནགས་ཚལ། རྩ་ཆེའི་སྲོག་ཆགས་དང་རྩི་ཤིང་བཅས་གཞི་གཅིག་ཅན་གྱི་དོ་དམ་སྲུང་སྐྱོང་གཅིག་གྱུར་འཆར་འགོད་བྱེད་དགོས་ཞེས་བསྟན་པ་རེད།

ལུའོ་ཁྲའོ་ཧྥེང་གིས་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་ཁྲིམས་ལྟར་ཚད་ལྡན་ངང་གཉེར་སྐྱོང་བྱེད་པའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་གནད་སྨིན་མཛེས་ལྗོངས་ཁུལ་གྱི་ཚད་ལྡན་ཅན་གྱི་དོ་དམ་ཉམས་མྱོང་དཔྱད་གཞིར་གང་ལེགས་འཛིན་ནས་སྐྱེ་ཁམས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་གཅིག་ཤེས་ཀུན་གྲོལ་གྱིས་ཞིང་ཆེན་རིམ་པའི་ལྟ་ཞིབ་ཚུར་ལན་གནད་དོན་དག་ཐེར་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བ་དང་རི་འཛེག་དོ་དམ་ཚོད་འཛིན་དང་དཔུང་ཁག་དོ་དམ་སོགས་ཀྱི་གཙོ་གནད་ལྷུ་ཚིགས་ཁྲིམས་ལྟར་ཚད་ལྡན་དུ་བཏང་ནས་ཨ་པུའུ་ཅི་མཚོའི་ཡུལ་སྐོར་དེ་གོ་རིམ་མེད་པར་རང་འཕེལ་བྱེད་པ་ནས་གོ་རིམ་ལྡན་དང་ཤེས་དཔལ་ལྡན་པའི་སྐྱེ་ཁམས་དང་ཚད་ལྡན་ནུས་ཆེའི་ཕྱོགས་སུ་འགྱུར་རྒྱུར་སྐུལ་འདེད་གཏོང་དགོས།“གདོད་མའི་སྐྱེ་ཁམས་དང་། བསྒྱུར་བཀོད་ཕྲན་བུ། ཕུང་དཀྲུག་ཆུང་ངུ་། དལ་སྐྱོད། ཉམས་ལེན་ལ་གཙོ་བོ། དོ་དམ་སྲུང་སྐྱོང་ལ་ཤུགས་སྣོན་”བཅས་ཀྱི་ལས་ཀའི་བླང་བྱ་ལྟར་རྨང་གཞིའི་སྒྲིག་བཀོད་རྒྱུན་མཐུད་འཐུས་ཚང་དུ་གཏོང་བ་དང་། སྐྱེ་ཁམས་ཀྱི་ཐེག་ཚད་ཚོད་འཛིན་གནད་འཁེལ་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་ཡུལ་སྐོར་བྱེད་སྒོ་ཚད་ལྡན་དུ་གཏོང་བ། མིས་བཟོས་བྱེད་སྒོས་གདོད་མའི་སྐྱེ་ཁམས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ཆུང་དུ་གཏོང་གང་ཐུབ་བྱེད་པ། དགོས་མཁོ་ལྟར་ཚན་རིག་དང་མཐུན་པའི་སྒོ་ནས་གད་སྙིགས་བསྡུ་རུབ་དང་། མཚོན་རྟགས་བྱང་བུ། སྐྱེ་ཁམས་གསང་སྤྱོད་སོགས་རྨང་གཞིའི་ལེ་ལག་ཚང་སྒྲིག་བྱས་ནས་འཛུགས་སྐྲུན་དང་བསྒྱུར་བཀོད་ཡོད་ཚད་དང་རང་བྱུང་རྣམ་པ་འཆམ་མཐུན་མཉམ་འདྲེས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། རྒྱུན་རྣམ་ཅན་གྱི་སྒོ་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་དྲིལ་བསྒྲགས་སློབ་གསོའི་ཁྲིད་སྟོན་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་དེ་ཡུལ་སྐོར་ཞབས་ཞུའི་བརྒྱུད་རིམ་ཧྲིལ་པོའི་ནང་མཉམ་འདྲེས་ཐུབ་པ་བྱས་ནས་རྒྱ་ཆེའི་མང་ཚོགས་དང་ཡུལ་སྐོར་བས་སྐྱེ་ཁམས་ལ་གཅེས་སྤྲས་དང་ཡ་རབས་ངང་ཡུལ་སྐོར་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་ཆུ་ཚད་མཐོ་བའི་སྐྱེ་ཁམས་སྲུང་སྐྱོང་དང་ཚད་ལྡན་ཅན་གྱི་གཉེར་སྐྱོང་དོ་དམ་ལ་བརྟེན་ནས་ཁྲལ་ནུས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་རིམ་སྤོར་བྱས་ཏེ་རང་ཁུལ་གྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བ་དང་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་གནང་བ།
- བདེ་ཆེན་གསར་འགྱུར།
བདེ་ཆེན་ཁུལ་གྱི་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་པའོ་ཧྲན་ཆུས་སུ་བསྐྱོད་ནས་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱས་པ།
བདེ་ཆེན་ཁུལ་ཏང་སྲིད་འཐུས་མི་ཚོགས་པ་ཧྲང་ཧའེ་གྲོང་ཁྱེར་དབྱང་ཕུའུ་ཆུས་སུ་རོགས་སྐྱོར་ལས་དོན་འབྲེལ་མཐུད་བྱེད་པར་བསྐྱོད་པ།
དངོས་སྒྲུབ་ལ་བརྟེན་ནས་ཐོག་མའི་བསམ་འདུན་ལག་བསྟར་བྱེད་པ་དང་འབད་འཐབ་ལ་བརྟེན་ནས་དྲིས་ལན་བཏབ་པ། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།
གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་གྱིས་དུས་རབས་ཀྱི་འགན་འཁྲི་ཕྲག་ཏུ་འཁུར། ——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱིས་ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་ལྕག་སྐུལ་གནང་བ་རེད།
ལུའོ་ཁྲའོ་ཧྥེང་གིས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཨ་པུའུ་ཅི་མཚོ་རུ་བརྟག་ཞིབ་གནང་སྐབས་ནན་གྱིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་མཚམས་ཐིག་བརྟན་དུ་བཏང་ནས་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་བཏང་སྟེ་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
ལུའོ་ཁྲའོ་ཧྥེང་གིས་བདེ་ཆེན་ཁུལ་སྤྱི་བདེ་ཅུས་སུ་བརྟག་ཞིབ་གནང་བ།
གཞི་རིམ་གྱི་དམག་འཐབ་མཁར་རྫོང་སྟོབས་ཆེར་བཏང་ནས་ཏང་ཡོན་གྱི་གདོང་ལེན་གྱི་མཐིལ་གསལ་པོ་ཕྱིས་ཏེ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་105་འཁོར་བའི་བདེ་ཆེན་ཁུལ་གྱི་“ཕུལ་བྱུང་གཉིས་དང་སྔོན་ཐོན་གཅིག་”གི་གཟེངས་བསྟོད་ཚོགས་ཆེན་གཟབ་རྒྱས་ངང་འཚོགས་པ།
བདེ་ཆེན་ཁུལ་གྱིས་“སྲོག་ཤིང་ལ་བརྩི་བཀུར། བློ་ཁ་པེ་ཅིང་ལ་གཏོད་”ཅེས་པའི་སྤྱོད་གཙང་རིག་གནས་འཆད་ཁྲིད་སྤེལ་བ།
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108