“བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་རེད”
 
              
              
              
              
              
            སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “དམངས་གཙོ་དར་སྤེལ་དང་བློ་བསྡུས་དགེ་འཚོལ་བྱས་ཏེ་ཕྱོགས་ཁག་གི་བསམ་འཆར་རྒྱ་ཁྱབ་ཏུ་ཉན་པ་ནི་ཀྲུང་གུང་ཀྲུང་དབྱང་གིས་གནད་དོན་གལ་ཆེན་ལ་ཞིབ་འཇུག་དང་ཡིག་ཆ་གལ་ཆེན་གཏན་འབེབས་བྱེད་རིང་སྔ་ཕྱི་བར་གསུམ་གྱི་བྱེད་སྟངས་དང་སྲོལ་རྒྱུན་བཟང་པོ་ཞིག་རེད། གྲོས་འགོའི་མ་ཟིན་འགོད་པའི་ལས་དོན་ཡག་པོ་སྒྲུབ་ཆེད་ཀྲུང་གུང་ཀྲུང་དབྱང་གིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པའི་སྒྲིག་འཛུགས་བྱས་པ་མ་ཟད། སྤྱི་ཚོགས་ཡོངས་ལ་དྲ་རྒྱ་ནས་བསམ་འཆར་བསྡུ་ལེན་གྱི་བྱེད་སྒོ་ཡང་སྤེལ་ཡོད”
ད་ལོའི་ཟླ་5ཚེས་20ཉིན་ནས་ཟླ་6ཚེས་20ཉིན་བར། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་ཐད་དྲ་ཐོག་ནས་བསམ་འཆར་བསྡུ་ལེན་གྱི་བྱེད་སྒོ་སྤེལ་ཞིང་། རིམ་རྩིས་བརྒྱབ་ན། དྲ་དམངས་ཀྱི་གྲོས་འཆར་ཁྲི་311.3ལྷག་ཙམ་འབྱོར་བ་ནི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་བཟོ་བའི་ལས་དོན་ཐད་ཀྱི་དྲ་དམངས་ཀྱི་བསམ་འཆར་བསྡུ་ལེན་དང་གྲོས་འགོར་ཞིབ་འཇུག་བྱེད་པའི་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན། “རྒྱ་ཆེ་ལ་གཏིང་ཟབ་པའི་སྒོ་ནས་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། དམངས་ཀྱི་རེ་འབོད་ཉན་པ། དམངས་ཀྱི་བློ་གྲོས་གཅིག་སྡུད་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཏེ། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་ཡོང་བ་བྱེད་དགོས”
མི་དམངས་ཀྱི“ཐབས་བཟང”དེ་འཕེལ་རྒྱས་ཀྱི“འབྲས་བཟང” ལ་རྒྱུན་ཆད་མེད་པར་སྒྱུར་དགོས། “མི་དམངས་དམངས་གཙོ་ནི་བརྒྱུད་རིམ་ཧྲིལ་པོའི་དམངས་གཙོ་རེད” 2019ལོའི་ཟླ་11ཚེས་2ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཁྱེར་ཁྲང་ཉིང་ཆུས་ཧུང་ཆའོ་ཁྲོམ་གཞུང་དུ་རྟོག་ཞིབ་གནང་སྐབས། གཞི་རིམ་གྱི་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་སུ་ཁྲིམས་འཛུགས་སྐོར་གྱི་བསམ་འཆར་བསྡུ་ལེན་བྱེད་པའི་ནང་ཞུགས་པའི་སྡེ་ཁུལ་གྱི་གྲོང་མིའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་སྟེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་བསམ་གཞི་གལ་ཆེན་ཐོག་མར་བཏོན་གནང་ཡོད།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་མི་དམངས་དུང་ཕྱུར་མང་པོའི་རང་ཉིད་ཀྱི་བྱ་གཞག་ཅིག་རེད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི《གཏན་འབེབས》 ནང་བཏོན་དོན། “བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་གཏོང་བ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ངོ་བོའི་བླང་བྱ་རེད”
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་དོན། “ཀྲུང་གོའི་བཅོས་སྐྱོང་ལ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་གལ་ཆེན་ཞིག་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་འཕེལ་རྒྱས་ལམ་བུར་བསྐྱོད་དེ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་མཐའ་འཁྱོངས་དང་འཕེལ་རྒྱས་བཏང་བས་རེད”
“དམངས་གཙོ་མེད་ན་སྤྱི་ཚོགས་རིང་ལུགས་ཡོང་མི་སྲིད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་ཡོང་མི་སྲིད་པ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་མི་སྲིད་པ་བཅས་རེད” ཅེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཉམས་ལེན་འབད་སྒྲུབ་དང་སྣེ་ཁྲིད་སྐུལ་འདེད་བཏང་གནང་ཡོད། ད་ཆ་ཀྲུང་གོའི་ས་གཞི་ཆེན་པོར་རྒྱ་ཁྱབ་དང་། དོན་དམ། གོ་ཆོད་བཅས་ཀྱི་དམངས་གཙོ་ལས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ནས། ཐོག་མའི་བསམ་འདུན་དང་འགན་འཁྲི་མངོན་པར་བྱེད།
2021ལོའི་ཟླ་11ཚེས་5ཉིན་ནི་པེ་ཅིང་གི་གྲོང་ཁུལ་དང་ཤང་གྲོང་རིམ་པ་གཉིས་ཀྱི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྐབས་བརྗེ་འདེམས་བསྐོའི་འདེམས་ཤོག་འཕེན་པའི་ཉིན་མོ་རེད།
པེ་ཅིང་གྲོང་ཁྱེར་གྲོང་ནུབ་ཁུལ་གྱི་ཀྲུང་ནན་ཧའེ་འདེམས་ཁུལ་གྱི་ཧུའེ་རེན་ཐང་འདེམས་ཤོག་འཕེན་སར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འདེམས་བསྐོའི་དོན་ཚན་སྐོར་གྱི་གསལ་བཤད་ནན་ཏན་གསན་ཞིང་། འདེམས་དམངས་ལག་ཁྱེར་བསྟན་གནང་སྟེ་ལས་དོན་པར་ཞིབ་བཤེར་བྱེད་དུ་བཅུག་པ་དང་། དེ་ནས་འདེམས་ཤོག་གཅིག་བཞེས་ཏེ་འདེམས་ཤོག་འབྲི་སར་འདེམས་ཤོག་ཐོག་གི་སྟོང་ཆ་ནན་ཏན་བསྐངས་རྗེས། འདེམས་ཤོག་འཕེན་སྒམ་གྱི་མདུན་དུ་ཕེབས་ནས་རང་ཉིད་ཀྱི་འདེམས་ཤོག་གཟབ་ནན་ངང་འཕངས་གནང་ཡོད།
ཀྲུང་གོར་ས་ཁུལ་དང་། ལས་རིགས། ཁྱབ་ཁོངས། མི་རིགས་བཅས་གང་ཞིག་ཡིན་རུང་། ཚང་མར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོད་པ་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་ཡོངས་ཁྱབ་ཀྱི་འཐུས་ཚབ་རང་བཞིན་ལྡན་ཡོད།
“མི་དམངས་རང་ཁྱིམ་རང་བདག་ཡོང་བར་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་དམངས་གཙོ་ཆབ་སྲིད་ཀྱི་ངོ་བོ་དང་སྲོག་ཤིང་ཡིན་པ”སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དུས་ནམ་ཡང་བརྗེད་གནང་མེད།
2021ལོའི་ཟླ་6ཚེས་25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོའི་སྣེ་ཁྲིད་དེ་པེ་ཅིང་སློབ་ཆེན་གྱི་ཐོག་ཁང་དམར་པོར་ཕེབས་པ་རེད། འགྲེམས་ཁང་ནང་། སྤྱི་ཁྱབ་ཧྲུའུ་ཅིས་ལི་ཏ་ཀྲའོ་ཡི་གྲགས་ཅན་རྩོམ་ཡིག《མི་སེར་གྱི་རྒྱལ་ཁ》ཞེས་འཁོད་པའི《གཞོན་ནུ་གསར་པ》ཞེས་པའི་མ་དེབ་ཀྱི་མདུན་དུ་ཕེབས་ནས་ནན་ཏན་ངང་གཟིགས་པ་རེད།
“མི་དམངས་དམངས་གཙོ་ནི་ཀྲུང་གོ་གུང་ཁྲན་ཏང་གིས་ཐོག་མཐའ་བར་གསུམ་དུ་མཐོན་པོར་སྒྲེང་བའི་དར་ཆ་ཞིག་རེད”
“ང་ཚོའི་རྒྱལ་ཁབ་ཀྱི་མིང་དང་ང་ཚོའི་རྒྱལ་ཁབ་ཀྱི་རིམ་ཁག་ལས་ཁུངས་ཀྱི་མིང་ཚང་མའི་མདུན་དུ‘མི་དམངས’ཞེས་འཁོད་ཡོད། དེ་ནི་ང་ཚོས་ཀྲུང་གོའི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་དབང་ལ་འཛིན་པའི་གཞི་རྩའི་ངེས་གནས་རེད”
མི་དམངས་ཀྱི་ཁྲོད་དུ་རྩ་བ་ཚུགས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་དེར་འགྱུར་བ་གཏན་ནས་བྱུང་མྱོང་མེད།
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ནས། མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་བཏོད།
དམངས་དོན་ཁྲིམས་གཞུང་ཁྱབ་བསྒྲགས་དང་ལག་བསྟར་བྱས་པ་ལས་མི་རབས་ཁ་ཤས་ཀྱི་བསམ་འདུན་འགྲུབ་ཡོད། སྔ་རྗེས་སུ་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་ཐེངས་10བྱས་པ་དང་། ཕྱོགས་ཁག་གི་བསམ་འཆར་ཁྲི་100ལྷག་ཙམ་བསྡུས་པའི་ཁྲོད་ནས་བསམ་འཆར་མང་པོ་ཞིག་དང་ལེན་བྱས་པ་ལ་སོགས། མི་དམངས་ཀྱི་ཁེ་དབང་འགན་སྲུང་གང་ལེགས་བྱེད་པའི་དུས་རབས་གསར་པའི་ཁྲིམས་གཞུང་འདི་རྩོམ་སྒྲིག་ཡག་པོ་བྱ་ཆེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་གཙོ་སྐྱོང་གནང་ནས། རྩོམ་སྒྲིག་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་ཡོད།
“དམངས་གཙོ་ནི་རྒྱན་ཆ་དང་སྒྲིག་ཆས་ལྟ་བུ་མིན་པར། དེ་ནི་ཐག་གཅོད་བྱེད་དགོས་ངེས་ཀྱི་མི་དམངས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྤྱོད་ཆེད་རེད”
བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་འཕེལ་རྒྱས་བཏང་ནས། རྔམ་བརྗིད་ལྡན་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ།
“དུས་གང་ཞིག་ནས་སྒྱུར་བཀོད་བྱེད་འགོ་ཚུགས་པ་ཡིན་ནམ”
“འཕྲད་པའི་དཀའ་ངལ་གཙོ་བོ་དེ་གང་ཡིན་ནམ”
2019ལོའི་དཔྱིད་གསར་དུས་ཆེན་གྱི་སྔ་ནུབ་ཏུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པེ་ཅིང་གྲོང་ཁྱེར་གྲོང་ཤར་ཆུས་ཚའོ་ཁྲང་གི་སྲང་ལམ་བཞིར་ཕེབས་ནས། ཁྲོམ་གཞུང་དང་། སྡེ་ཁུལ། གྲོང་མི་སོགས་ཀྱི་འཐུས་མིས“དོན་གྲོས་སྒོ་ར་ཆུང་ངུར”སྲང་ལམ་དང་སྒོ་ར་རིམ་སྤོར་སྒྱུར་བཀོད་ཀྱི་སྙིང་གཏམ་ཤོད་རེས་བྱེད་པའི་ཚོགས་འདུར་དགྱེས་ཚོར་ཆེན་པོས་ཞུགས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དོན་གྲོས་སྒོ་ར་ཆུང་ངུ”བཙུགས་ཏེ“གྲོང་མིའི་དོན་དག་གྲོང་མིས་གྲོས་མོལ་དང་གྲོང་མིའི་དོན་དག་གྲོང་མིས་གཏན་འཁེལ་བྱས་ན”སྡེ་ཁུལ་གྱི་གྲོང་མིའི་གཏོགས་སེམས་དང་བདག་པོའི་འདུ་ཤེས་ཟབ་ཏུ་གཏོང་བར་ཕན་ཐོགས་ཡོད་ཅེས་བསྟན་གནང་ཡོད།
བཟའ་བཅའི་བདེ་འཇགས་དང་། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས། ཐོན་སྐྱེད་ནུས་ཤུགས་གསར་མ་ལ་སོགས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ཚུན་དུ། ལོ་ལྟར་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཚོགས་ཆུང་གི་གྲོས་ཞིབ་དང་གྲོས་བསྡུར་ནང་ཞུགས་ནས། འཐུས་མི་དང་ཨུ་ཡོན་གྱི་གཏམ་བཤད་གསན་པ་དང་། ཚང་མ་དང་མཉམ་དུ་རྒྱལ་དོན་གྲོས་མོལ་གནང་གི་ཡོད། མི་དམངས་ཀྱི་བསམ་ཚུལ་དང་རེ་འདུན་གཙོ་འཛིན་གྱིས་ཐུགས་ལ་བཞག་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་མཉམ་འདྲེས་གནང་ཡོད།
“ཁྱུང་ཆེན་མཁའ་ལ་ལྡིང་བ་དེ། །གཤོག་སྒྲོ་གཅིག་ལ་བརྟེན་པ་མིན། །གྱི་ལིང་བང་འགྲོས་མྱུར་བ་དེ། །སུག་པ་གཅིག་ལ་བརྟེན་པ་མིན། །”ཞེས་སྤྱི་ཁྱབ་ཧྲུའུ་ཅིས་གནའ་གཏམ་གྱི་ཚིག་དྲངས་པར་དོན་སྙིང་ཟབ་མོ་ལྡན།
མི་དམངས་དུང་ཕྱུར་14ལྷག་ཙམ་གྱི་སྟོབས་ཤུགས་ཆེན་པོ་སྐུལ་སློང་དང་གཅིག་སྡུད་ཐུབ་ཚེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཐུབ་ངེས་རེད།
责任编辑:七林卓玛
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
 
                
                ལུའོ་ཁྲའོ་ཧྥེང་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས།
 
                
                བདེ་ཆེན་གྱི་སློབ་གསོ་བྱ་གཞག་ལ་བཀྲ་ཆེ་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།
 
                
                གཏེར་མ་རོང་ཤང་ཨ་བཟང་གྲོང་ཚོའི་ལམ་མདོ་གྲོང་མི་ཚོ་ཆུང་གི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཐོག་སྐྱོད།
 
                
                སེམས་ཀྱི་ཉི་ཟླ་གྲོང་ཨུའི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དགུ་པ་ཚེས་དགུའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ།
 
                
                ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས།
 
                
                བདེ་ཆེན་ཁུལ་གྱི་2025ལོ་འཁོར་གྱི་གཞོན་ནུ་ཡིས་ལས་གཏོད་བྱས་ནས་ཕ་ཡུལ་དར་རྒྱས་གཏོང་བ་དང་བདེ་ཆེན་གྱི་གསར་གཏོད་ལས་གཏོད་མཁས་ཅན་ཞེས་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།
 
                ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་སྲོལ་རྒྱུན་གྱི“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན”ཐོན་ལས་རོགས་སྐྱོར་ཕྱོགས་སུ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
 
                
                ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཅིག་ཏུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་།
 
  
  
  
   ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

 
  
  