སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་སྲོལ་རྒྱུན་གྱི“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན”ཐོན་ལས་རོགས་སྐྱོར་ཕྱོགས་སུ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

ཁྱབ་བསྒྲགས་དུས་ཚོད་:2025ལོ་10ཟླ་བ་29ཉི་མ་ 14:38:24

2.png སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་27ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་ཁུན་མིང་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་གྱི་ཧུའུ་ཏན་ལིན་ཀང་ཁུན་མིང་ཚན་རྩལ་གྲོང་དུ་བསྐྱོད་དེ་ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་བ་དང་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་གླིང་ཁུལ་མཉམ་ལས་འཕེལ་རྒྱས་གཏོང་རྒྱུའི་སྐོར་གྱི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུར་དམིགས་ནས། ཧྲང་ཧའེ་དང་ཡུན་ནན་མཉམ་ལས་ཀྱི་གོ་སྐབས་གསར་པར་དམ་པོར་དམིགས་པ་དང་“གཞན་སའི་གླིང་ཁུལ”འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་ཐབས་ལ་ཞིབ་འཇུག་གནང་།

 ལུའོ་ཁྲའོ་ཧྥེང་གིས་བསྟན་དོན། ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལ“ཕྱོགས་གསུམ་གཞི་གཅིག”གི་དམིགས་བསལ་ཁྱད་ཆོས་ལྡན་པས་བདེ་ཆེན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ཆེད་གཏོགས་གླིང་ཁུལ་ཞིག་ཡིན། ཧྲང་ཧའེ་དང་ཡུན་ནན་གྱི་16དང་16་མཉམ་སྐྲུན་བྱེད་སྟངས་ཀྱི་གསར་གཏོད་གཞི་རྟེན་ཞིག་ཀྱང་ཡིན་པ་མ་ཟད། མཐོ་སྒང་ས་ཁུལ་གྱི་འཕེལ་རྒྱས་འཇུར་མིག་སེལ་བའི“གཞན་སའི་དཔལ་འབྱོར”གྱི་ཚོད་ལྟའི་ཞིང་ས་ཞིག་ཀྱང་ཡིན། སློབ་གསོ་དང་སྨན་བཅོས་སོགས་རོགས་སྐྱོར་གྱི་རྨང་གཞིའི་ཐོག་ཐོན་ལས་རོགས་སྐྱོར་རྒྱ་སྐྱེད་དང་སྐུལ་སྤེལ་བཏང་སྟེ། སྲོལ་རྒྱུན་གྱི་“གཞན་བརྟེན་རྣམ་པའི་”རོགས་སྐྱོར་དེ་“རང་བརྟེན་རྣམ་པའི་”ཐོན་ལས་རོགས་སྐྱོར་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས།  

   ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། “གཞན་སའི་གླིང་ཁུལ”ལ་གཅིག་ཐོག་གཅིག་བརྩེགས་ཀྱི་སྲིད་ཇུས་ལེགས་ཆ་ལྡན། ཡུན་ནན་ཞིང་ཆེན་གྱིས་གླིང་ཁུལ་མཉམ་ལས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བའི་སྲིད་ཇུས་ཀྱི་སྐར་ཁུང་དུས་ཚིགས་དམ་པོར་དམིགས་ཏེ་སྲིད་ཇུས་ཀྱི་ལེགས་ཆ་གང་ལེགས་སྤྱོད་པ། གླིང་ཁུལ་གྱི་ལག་རྩལ་དང་། ཁྲོམ་ར། ཐོན་ལས་སྟེགས་བུ་སོགས་ཀྱི་ལེགས་ཆར་བརྟེན་ནས་སྲིད་ཇུས་འཕེལ་རྒྱས་དེ་འཕེལ་རྒྱས་སྒུལ་ཤུགས་སུ་བསྒྱུར་དགོས།ཉེ་བའི་ལོ་ཤས་རིང་བདེ་ཆེན་གྱི་ཡུལ་སྐོར་ཐོན་ལས་འཕེལ་ཕྱོགས་ལེགས་པའི་གོ་སྐབས་དམ་འཛིན་བྱས་ནས་བདེ་ཆེན་གྱི་ཡུལ་སྐོར་ཉོ་ཚོང་སྟེགས་བུ་ཧུར་ཐག་གཏོད་དགོས། བདེ་ཆེན་གྱི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་བོད་ལུགས་གསོ་རིག་དང་བོད་སྨན།བཟའ་བྱའི་ཤ་མོ། ཀྲུང་ལུགས་སྨན་རྫས། བོད་ཕག ཉི་ཤར་བྱ་དེ་སོགས་ཐོན་ལས་གཙོ་གནད་ཐོག་བཀོད་སྒྲིག་བྱས་ཏེ་ནགས་ཕག་མཚོའི་མཐའ་འཁོར་གྱི་ཡུལ་སྐོར་ཐོན་ཁུངས་གསར་སྤེལ་ལ་ཇུས་འགོད་བྱེད་དགོས། ཧྲང་ཧའེ་དང་ཡུན་ནན་གྱི་རོགས་སྐྱོར་སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་ཐོན་ལས་ཚོང་འགུགས་བྱས་ཏེ་ཐོན་ལས་འཕེལ་རྒྱས་དང་ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། ཁུལ་ཨུ་གཅིག་གྱུར་འཆར་འགོད་དང་། གླིང་ཁུལ་གྱིས་ཐེག་པ། ཁེ་ལས་ཀྱི་གཙོ་ཤུགས། སྡེ་ཁག་གི་མཉམ་འགུལ་བཅས་ཀྱི་ལས་ཀའི་མ་ལག་བཙུགས་ཏེ། ལོ་འདིའི་ནང་མཉམ་ལས་ཀྱི་གྲུབ་འབྲས་སྔར་ལས་མང་བ་ཐོབ་པར་ཁག་ཐེག་བྱེད་དགོས།

责任编辑:佚名

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས། 

བདེ་ཆེན་གྱི་སློབ་གསོ་བྱ་གཞག་ལ་བཀྲ་ཆེ་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།

གཏེར་མ་རོང་ཤང་ཨ་བཟང་གྲོང་ཚོའི་ལམ་མདོ་གྲོང་མི་ཚོ་ཆུང་གི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཐོག་སྐྱོད།

སེམས་ཀྱི་ཉི་ཟླ་གྲོང་ཨུའི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དགུ་པ་ཚེས་དགུའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ།

ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས།

བདེ་ཆེན་ཁུལ་གྱི་2025ལོ་འཁོར་གྱི་གཞོན་ནུ་ཡིས་ལས་གཏོད་བྱས་ནས་ཕ་ཡུལ་དར་རྒྱས་གཏོང་བ་དང་བདེ་ཆེན་གྱི་གསར་གཏོད་ལས་གཏོད་མཁས་ཅན་ཞེས་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།

ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་སྲོལ་རྒྱུན་གྱི“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན”ཐོན་ལས་རོགས་སྐྱོར་ཕྱོགས་སུ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཅིག་ཏུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་།

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་དང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་སྒྲུབ་འགན་བླངས་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2018 DESIGNNTEND ALL RIGHTS RESERVRD

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927-1

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120170008

རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་བཟོ་བའི་ལས་གཉེར་ཆོག་མཆན་འཛིན་ཡིག་གི་ཨང་རྟགས་ནི། ༼ཡུན༽ཡིག་ཨང09009

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com