བདེ་ཆེན་གྱི་སློབ་གསོ་བྱ་གཞག་ལ་བཀྲ་ཆེ་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།
 
              
              
              
              
              
            

ཞོགས་པའི་ཉི་གཞོན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་སློབ་ཆུང་གི་ལུས་རྩལ་ཐང་ཆེན་དུ་ཤར་དུས། དཔེ་ཀློག་གི་སྒྲ་རབ་གསལ་གཞི་གཅིག་འཕྲུལ་འཁོར་སྒྲིག་སྦྱོར་བྱས་པའི་སློབ་ཁང་ནས་གྲགས་ཡོད། སྐྱེ་སྟོབས་ཀྱིས་ཁེངས་པའི་རི་མོ་འདི་ནི་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་ནས་བཟུང་རང་ཁུལ་གྱི་སློབ་གསོ་བྱ་གཞག་སྐྱོན་བྲལ་ངང་འཕེལ་རྒྱས་བྱུང་བའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཡིན།
སློབ་གྲྭར་ཞུགས་པའི་འགན་ལེན་ཤུགས་ཆེར་བཏང་བ་དང་སློབ་མ་འཚར་ལོངས་ཡོང་བར་སྲུང་སྐྱོང་བྱེད།
སྔོན་ཆད་བྱིས་པ་མཐོ་རིམ་སློབ་འབྲིང་དུ་འགྲོ་དུས་ལོ་རེའི་སློབ་ཡོན་དང་འཚོ་བའི་འགྲོ་གྲོན་སྒོར་མོ་སྟོང་ཕྲག་ཁ་ཤས་དགོས། ད་ལྟར་བྱིས་སློབ་ཁང་ནས་མཐོ་རིམ་སློབ་འབྲིང་བར་ཚང་མ་ཡོན་མི་དགོས། སློབ་དེབ་ལའང་རིན་དགོས་མི་འདུག་ཞེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་ཡུལ་མི་བཀྲ་ཤིས་ཕུན་ཚོགས་ཀྱིས་བྱིས་པའི་སྦྱངས་འབྲས་ཤོག་བྱང་ལ་བལྟས་ཏེ་གདོང་ལ་འཛུམ་གྱིས་ཁེངས་ནས་འདི་ལྟར་བཤད། 2021ལོའི་སྟོན་ཀའི་སློབ་དུས་ནས་བཟུང་བདེ་ཆེན་གྱིས་ལོ་15ཡི་སློབ་ཡོན་མི་དགོས་པའི་སློབ་གསོ་སྲིད་ཇུས་དངོས་སུ་ལག་བསྟར་བྱས་པ་དང་། དེས་སློབ་ན་མ་སོན་གོང་གི་ལོ་གསུམ་དང་འོས་འགན་སློབ་གསོའི་ལོ་དགུ མཐོ་རིམ་སློབ་འབྲིང་གི་ལོ་གསུམ་བཅས་ལ་ཁྱབ་ཡོད། 2025ལོའི་ཟླ་དགུ་པའི་ཟླ་མཇུག་བར། ཁུལ་ཡོངས་ཀྱི་སློབ་མ་ཁྲི་10.3ལྷག་ལ་གྲོན་དངུལ་སྒོར་དུང་ཕྱུར་2.4ལྷག་ཆག་ཡང་བཏང་ཡོད་པས་ཁྱིམ་ཚང་མང་པོའི་སློབ་གསོའི་ཁུར་པོ་ཡང་དུ་བཏང་ཡོད།
སློབ་གསོའི་ཐོན་ཁུངས་ཁ་གསབ་བྱས་ནས་མི་སེམས་དྲོ་སྐྱིད་བྱེད། 2023ལོར། སེམས་ཀྱི་ཉི་ཟླ་ལས་རིགས་སློབ་གླིང་བཙུགས་པས་རང་ཁུལ་གྱི་མཐོ་རིམ་སློབ་གསོའི་སྟོང་ཆ་སྐོང་། ང་ནི་ཡུལ་སྐོར་དོ་དམ་ཆེད་ལས་སྦྱང་ཡོད། དགེ་རྒན་གྱིས་རྒྱུན་དུ་ང་ཚོ་མཐའ་འཁོར་གྱི་ལྗོངས་ཁུལ་དུ་དངོས་སྦྱོང་བྱེད་པར་ཁྲིད། མཐར་ཕྱིན་རྗེས་ཐད་ཀ་ས་གནས་འདི་གའི་ལྗོངས་ཁུལ་དུ་ལས་ཀ་བྱེད་འགྲོ་ཆོག་ཞེས་སློབ་མ་ཚེ་རིང་སྒྲོལ་མས་འདི་ལྟར་བཤད། ཤེས་གསལ་བྱུང་དོན། སློབ་གླིང་འདིས་ཡུལ་སྐོར་དོ་དམ་དང་ནད་གསོ་སྨན་བཅོས་སོགས་མཐོ་རིམ་སློབ་འབྲིང་ནས་འགོ་ཚུགས་པའི་ལོ་གསུམ་རིང་གི་ཆེད་སྦྱོང་ཆེད་ལས་8དང་ཕྱུགས་བཅོས་སྨན་པ་དང་ནགས་ལས་ལག་རྩལ་སོགས་ལོ་ལྔ་རིང་གི་འབྲིང་རིམ་ལས་རིགས་ཆེད་ལས་5བཙུགས་ཡོད། “གསུམ+གཉིས”སློབ་གཉེར་བྱེད་སྟངས་ལ་བརྟེན་ནས་གྲངས་གཞི་ཆེན་པོ་དང་རྩིས་གཉེར། ནད་གཡོག གཡོས་སྦྱོར་བཟོ་རྩལ། འཚོ་བཅུད་བཅས་ཆེད་ལས་གསུམ་བཙུགས་ཡོད། སློབ་གཉེར་བྱས་པའི་ལོ་གསུམ་རིང་། སློབ་གླིང་གིས་སློབ་བསྡུ་ཚད་གཞི་བརྟན་པ་དང་སློབ་ཁུངས་ཀྱི་སྤུས་ཚད་ཡག་པ། སང་ལོར། སློབ་གླིང་གི་སློབ་ཐོན་སློབ་མ་ཁག་དང་པོ་སློབ་གྲྭ་ནས་དངོས་སུ་ཐོན་པ་དང་སྤྱི་ཚོགས་དུ་འགྲོ་ནས་ཆེད་ལས་ཀྱི་རྩལ་ནུས་ལ་བརྟེན་ནས་མི་སྒེར་གྱི་འཕེལ་རྒྱས་ལ་རོགས་རམ་བྱས་ཏེ་རྩལ་ནུས་གཅིག་སྦྱོང་ནས་ཕྱོགས་གཅིག་ལ་འཚོ་བ་བདེ་གཏོང་བྱེད་ཞེས་པའི་མི་གསོ་སྐྱོང་གི་དམིགས་ཚད་དངོས་སུ་མངོན་འགྱུར་བྱ་རྒྱུ་ཡིན་པ་རེད།
རི་ལུང་བརྒལ་ནས་རོགས་སྐྱོར་བྱས་པ་དེས་སྤུས་ལེགས་ཀྱི་ཐོན་ཁུངས་སྔར་བས་“འཁོར་སྐྱོད་”བྱེད་དུ་བཅུག ཡུན་ནན་སློབ་ཆེན་ཁོངས་གཏོགས་སློབ་འབྲིང་དང་ཡུན་ནན་དགེ་འོས་སློབ་ཆེན་ཁོངས་གཏོགས་སློབ་ཆུང་སོགས་ཞིང་ཆེན་ཁོངས་གཏོགས་གྱི་སློབ་གྲྭ་གྲགས་ཅན་དྲུག་གིས་གཟའ་འཁོར་རེར་“དྲ་ཐོག་སློབ་ཚན་”བརྒྱུད་ནས་སྤུས་ལེགས་སློབ་ཚན་ཁྱབ་གདལ་བཏང་ཡོད། ཧྲང་ཧའེ་གྲོང་ཁྱེར་གྱིས་ལོ་ལྟར་ཕུལ་བྱུང་དགེ་རྒན་12མངགས་ནས་ཞིང་ཆེན་ནང་ཁུལ་གྱི་མི་18ཀྱི་རུ་ཁག་དང་རོགས་སྐྱོར་ཚོགས་ཆུང་སྒྲིག་ནས་བདེ་ཆེན་དུ་བཅའ་སྡོད་བྱས་པ་སོགས་རོགས་སྐྱོར་བྱ་སྤྱོད་རབ་དང་རིམ་པ་ཡིས་བདེ་ཆེན་གྱི་སློབ་གསོ་ལ་སྒུལ་ཤུགས་སྟོབས་ལྡན་སྣོན་ཡོད་པས་མཐོ་སྒང་གིས་སློབ་མ་ལ་སྤུས་ལེགས་ཀྱི་སློབ་གསོ་ཐོན་ཁུངས་མཉམ་སྤྱོད་བྱེད་དུ་བཅུག ཁུལ་བོད་ཡིག་སློབ་འབྲིང་དུ་ཧྲང་ཧའེ་ནས་ཡོང་བའི་དགེ་རྒན་ཚོས་སློབ་མའི་རྨང་གཞི་ཞན་པའི་གནད་དོན་ལ་དམིགས་ཏེ་ཆེད་ལས་སློབ་ཚན་བཙུགས་ནས་སློབ་ཁྲིད་ཀྱི་ཆུ་ཚད་མཐོ་རུ་བཏང་བས་སློབ་མའི་རྒྱའི་སྐད་ཡིག་དང་ལོ་རྒྱུས་སོགས་ཚན་ཁག་གི་ཆ་སྙོམས་སྐར་མ་མཐོ་རུ་ཕྱིན་ཡོད། དེ་མ་ཟད། ཞིང་ཆེན་ནང་ཁུལ་གྱི་མཐོ་རིམ་སློབ་གྲྭའི་བདེ་ཆེན་ཆེད་སྤྱོད་སློབ་བསྡུ་མི་གྲངས་528དུ་འཕར་ཡོད་པས་མཐོ་སྒང་གི་སློབ་མ་ལ་ཕྱིར་སློབ་སྦྱོང་བྱེད་པའི་གོ་སྐབས་མཁོ་འདོན་བྱས་ཡོད་པ་དང་། སློབ་མའི་ཕྱོགས་བསྡོམས་བྱང་ཚད་དང་ནུས་པ་མཐོ་རུ་བཏང་ཡོད།
ས་ཁོངས་ཀྱི་བཅུར་འགག་གཏོར་ཆེད། རང་ཁུལ་གྱིས་སློབ་གྲྭ་ཆུང་འབྲིང་གི་སློབ་ཞིབ་མི་སྣ་ཆ་ཚང་བཀོད་སྒྲིག་བྱས་ཏེ། “ཧྲང་ཧའེ-བདེ་ཆེན-ཞིང་ཆེན་ནང་ཁུལ་གྱི་ཁུལ་དང་གྲོང་ཁྱེར་”གྱི་དྲ་ཐོག་སློབ་ཞིབ་སྟེགས་བུ་བཙུགས་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་ཁྲིད་དང་སློབ་ཞིབ་ལས་དོན་རྒྱུན་རྣམ་ཅན་དུ་སྤེལ་ནས་སློབ་ཁྲིད་ཀྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་བཏང་ཡོད།
སློབ་ཞིབ་ཀྱི་འབད་འབུངས་གཏིང་ཟབ་བྱས་ནས་སློབ་ལས་ཀྱི་གྲུབ་འབྲས་གཡུར་དུ་ཟ། 2024ལོའི་མཐོ་རྒྱུགས་ནང་བདེ་ཆེན་གྱི་རྒྱུགས་སྤྲོད་སློབ་མ་2336ཁྲོད་མི་2252བསྡུ་ལེན་བྱས་པ་དང་བསྡོམས་འབོར་བསྡུ་ལེན་བྱེད་ཚད་96.40%ཟིན་པས་ཞིང་ཆེན་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་2.11མཐོ་བ་དང་། དམའ་རིམ་སློབ་འབྲིང་གི་སློབ་སྦྱོང་ཆུ་ཚད་རྒྱུགས་སྤྲོད་ཀྱིས་མཐོ་རིམ་སློབ་འབྲིང་དཀྱུས་མར་མི་2536བསྡུས་པ་དང་། སློབ་རིམ་འཕར་ཚད་58.96%ཟིན་པ་དེ་2021ལོ་ལས་བརྒྱ་ཆའི་གྲངས་8.3འཕར་ཡོད།
སློབ་གསོའི་གཞི་རྩ་བརྟན་པོ་གཏོང་བ་དང་མི་གསོ་སྐྱོང་གི་ཁོར་ཡུག་ཡག་པོ་སྐྲུན།
ཤེས་ལྡན་མི་སྣའི་གཞི་རྩ་བརྟན་པོ་གཏོང་བའི་ཆེད་དུ་རང་ཁུལ་གྱིས་གནད་འཕིགས་ཇུས་འདོན་བྱས་ཏེ། 《བདེ་ཆེན་ཁུལ་གྱི་སློབ་གསོ་དར་རྒྱས་གཏོང་བའི་བྱེད་ཐབས་ཉི་ཤུ》དངོས་སུ་འདོན་ནས་དགེ་རྒན་རུ་ཁག་གི་གསོན་ཤུགས་སྐུལ་སློང་བཏང་། “ཁུལ་རིམ་པའི་སློབ་ཁྲིད་འགྲན་བསྡུར་གྱིས་རྩལ་ནུས་ཆེ་རུ་གཏོང་བ་དང་རྫོང་རིམ་པའི་གསོ་སྦྱོང་གིས་ཞན་ཆ་གསབ་པའི”རྣམ་པ་བརྒྱུད་ནས་རིམ་པ་དབྱེ་ནས་ནུས་པ་འདོན་སྤྲོད་བྱས་པ་དང་། དགེ་རྒན་རུ་ཁག་ལ་རྒྱུན་མཐུད་ངང“ཁྲག་གསར་པ”བསྣན་ཡོད། ཉེ་བའི་ལོ་4རིང་ཕྱོགས་ངེས་ཀྱིས་གསོ་སྐྱོང་བྱས་པའི་གཞུང་གྲོན་དགེ་འོས་སློབ་མ་51ཚང་མ་གྲོང་གསེབ་ཀྱི་སློབ་གྲྭར་རྩ་བ་ཚུགས་ནས་གཞི་རིམ་གྱི་སློབ་གསོ་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། རང་ཁུལ་གྱིས་འོས་འགན་སློབ་གསོའི་“རྫོང་གིས་དོ་དམ་དང་སློབ་གྲྭ་ཡིས་གདན་ཞུའི”བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་སྤུས་ལེགས་དགེ་རྒན་འཁོར་སྐྱོད་རྒྱུན་ལྡན་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད། ཁུལ་ཡོངས་ཀྱི་འོས་འགན་སློབ་གསོ་སློབ་གྲྭའི་ལོ་རེའི་དགེ་རྒན་ལས་གནས་རེས་འཁོར་གྱི་བསྡུར་ཚད་ནི་ཆ་རྐྱེན་མཐུན་པའི་དགེ་རྒན་བསྡོམས་འབོའི་10%ལས་མི་ཉུང་བ་དང་། ལས་གནས་རེས་འཁོར་བྱེད་པའི་མི་སྣ་ཁྲོད་རྐང་འཛིན་དགེ་རྒན་གྱིས་བཟུང་བའི་བསྡུར་ཚད་20%ལས་མི་དམའ་བ་བྱས་ནས་སྤུས་ལེགས་ཀྱི་སློབ་གསོ་ཐོན་ཁུངས་སློབ་མ་དེ་བས་མང་པོ་ལ་ཕན་པ་ཐོབ་ཏུ་བཅུག
སློབ་གསོའི་སྒྲིག་བཀོད་རྒྱུན་མི་ཆད་པར་ལེགས་སུ་བཏང་ནས་རྒྱ་ཆེ་བའི་སློབ་མ་ལ་འགན་ལེན་མཁོ་འདོན་བྱེད། ལོ་13གྱི་སྔོན་དུ་ངས་སློབ་གྲྭར་ཡོང་དུས་སློབ་གྲྭ་ཡོངས་ལ་བརྙན་སྤྲོ་ཆས་གཉིས་ལས་མེད། ད་ལྟར་སློབ་ཁང་ཚང་མར་རབ་གསལ་གཞི་གཅིག་འཕྲུལ་འཁོར་སྒྲིག་སྦྱོར་བྱས་ཡོད་པ་མ་ཟད། ད་དུང་གློག་རྡུལ་སློབ་ཚན་གྲ་སྒྲིག་ཁང་དང་། འགྱིག་བཟོས་རྒྱུག་ལམ་སོགས་ཡོད་ཞེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་སློབ་ཆུང་གི་དགེ་རྒན་དབྱང་ཞིའུ་ཡིང་གིས་ཚོར་སྣང་ཟབ་མོ་བྱུང་ནས་འདི་ལྟར་བཤད།
སེམས་ཀྱི་ཉི་ཟླ་གྲོང་ཁྱེར་མི་རིགས་སློབ་ཆུང་གི་སློབ་མ་ཚེ་རིང་བདེ་སྐྱིད་ཀྱིས་སློབ་གྲྭ་འདིར་ངས་ཉིན་ལྟར་སེམས་སྐྱིད་པོ་འདུག ཕུན་སུམ་ཚོགས་པའི་ཤེས་བྱ་སྦྱངས་ཐུབ་པ་མ་ཟད་གྲོགས་པོ་མང་པོའང་སྒྲིག་ཡོད་ལ། མི་རིགས་ཁག་གི་རོགས་པ་ཆུང་ཆུང་རྣམས་ཁྱིམ་མི་དང་འདྲ། ད་ལྟར་ང་ཚོའི་སློབ་སྦྱོང་གི་ཆ་རྐྱེན་ཇེ་བཟང་དུ་སོང་ཡོད་པས་ངས་ངེས་པར་དུ་སློབ་སྦྱོང་ཡག་པོ་བྱས་ཏེ་ནར་སོན་རྗེས་སྤྱི་ཚོགས་ལ་ཕན་པ་ཡོད་པའི་མི་ཞིག་བྱ་རྒྱུ་ཡིན་ཞེས་ཟེར།
ཉི་མ་ནུབ་སྐབས་བདེ་ཆེན་མཐོ་སྒང་གི་སློབ་ཁྲིད་ཐོག་ཁང་རེ་རེ་གསེར་མདོག་ཏུ་བསྒྱུར་བ་དང་བྱིས་པ་ཚོའི་དགོད་སྒྲ་སློབ་གྲྭའི་ནང་དུ་གྲགས་བཞིན་ཡོད། ལོ་མང་རིང་གི་འབད་བརྩོན་བྱས་པ་བརྒྱུད། ད་ཆ་སྤུས་ལེགས་ཀྱི་སློབ་གསོ་ཐོན་ཁུངས་སྐལ་བཟང་མེ་ཏོག་ལྟར་གངས་ལྗོངས་མཐོ་སྒང་སྟེང་དུ་བཞད་ཅིང་། དེའི་དྲི་ཞིམ་རི་ལུང་ལས་བརྒལ་ནས་ག་ས་གང་དུ་ཁྱབ་ཡོད་ལ། སློབ་གསོ་དྲང་སྙོམས་ཀྱི་ཉི་འོད་བྱིས་པ་ཀུན་གྱི་ཕུགས་འདུན་ལ་དྲོ་སྐྱིད་གཏོང་བཞིན་ཡོད།
责任编辑:七林卓玛
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
 
                
                ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས།
 
                
                བདེ་ཆེན་གྱི་སློབ་གསོ་བྱ་གཞག་ལ་བཀྲ་ཆེ་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།
 
                
                གཏེར་མ་རོང་ཤང་ཨ་བཟང་གྲོང་ཚོའི་ལམ་མདོ་གྲོང་མི་ཚོ་ཆུང་གི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཐོག་སྐྱོད།
 
                
                སེམས་ཀྱི་ཉི་ཟླ་གྲོང་ཨུའི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དགུ་པ་ཚེས་དགུའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ།
 
                
                ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས།
 
                
                བདེ་ཆེན་ཁུལ་གྱི་2025ལོ་འཁོར་གྱི་གཞོན་ནུ་ཡིས་ལས་གཏོད་བྱས་ནས་ཕ་ཡུལ་དར་རྒྱས་གཏོང་བ་དང་བདེ་ཆེན་གྱི་གསར་གཏོད་ལས་གཏོད་མཁས་ཅན་ཞེས་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།
 
                ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་སྲོལ་རྒྱུན་གྱི“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན”ཐོན་ལས་རོགས་སྐྱོར་ཕྱོགས་སུ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
 
                
                ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཅིག་ཏུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་།
 
  
  
  
   ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

 
  
  