
ཚེས་28ཉིན། ལུའོ་ཁྲའོ་ཧྥེང་གིས་མཐའ་ཆུ་གྲོང་རྡལ་ཆི་པེ་གྲོང་ཚོར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་།
    ཟླ་10པའི་ཚེས་28ཉིན།  ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་འབའ་ལུང་རྫོང་དང་འཇོལ་རྫོང་གི་ཤང་དང་གྲོང་རྡལ་ཁག་ཅིག་དང་དེ་བཞིན་གྲོང་ཚོ་(སྡེ་ཁུལ)དུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་བ་དང་།  གཞི་རིམ་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་གནང་།
ཚེས་28ཉིན། ལུའོ་ཁྲའོ་ཧྥེང་གིས་པའོ་ཧོ་གྲོང་རྡལ་ཡུང་ཉིང་སྡེ་ཁུལ་དུ་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཀྱི་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་།  
    ལུའོ་ཁྲའོ་ཧྥེང་གིས་མཐའ་ཆུ་གྲོང་རྡལ་ཆི་པེ་གྲོང་ཚོ་དང་པའོ་ཧོ་གྲོང་རྡལ་ཡུང་ཉིང་སྡེ་ཁུལ། ཕན་ཐན་ཀོ་ཤང་ཞིན་ཧྭ་གྲོང་ཚོ།  པའེ་ཅི་ཞུན་ཤང་དང་འབའ་སྡེ་ཤང་སོགས་སུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་བ་དང་།  གཞི་རིམ་ལས་བྱེད་པས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་དོན་འཁྱོལ་བྱེད་པའི་གནས་ཚུལ་དང་།  གཞི་རིམ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་དང་གཞི་རིམ་བཅོས་སྐྱོང་ཕན་ནུས།  གྲོང་ཚོའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སོགས་ལས་ཀར་སྐུལ་འདེད་གཏོང་བའི་གནས་ཚུལ་ཉན་པ་མ་ཟད།  མིག་སྔའི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་གནང་བ་རེད།
    ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་འཐབ་ལམ་གསར་པར་སྐྱོད་པ་དང་།  ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་དཔུང་འཇུག་བྱེད་པའི་འགག་རྩའི་དུས་ཚོད་དུ་འཚོགས་པའི་ཤིན་དུ་གལ་འགངས་ཆེ་བའི་གྲོས་ཚོགས་ཐེངས་ཤིག་ཡིན་ལ།  རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་བར་མགྱོགས་སུ་གཏོང་བ།  གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ། དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ། འཕེལ་རྒྱས་དང་བདེ་འཇགས་གཅིག་གྱུར་འཆར་འགོད་བྱེད་པ་སོགས་ཀྱི་ལས་དོན་ལ་བརྒྱུད་རིམ་ལྡན་པའི་ངང་འཆར་འགོད་བྱས་ཡོད།  ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་དུས་སྐབས་ཀྱི་ལས་དོན་ལ་ཁ་ཕྱོགས་གསལ་པོ་སྟོན་ཡོད་པ་དང་གཞི་འཛིན་ས་མཁོ་འདོན་བྱས་ཡོད།  གཞི་རིམ་གྱི་ལས་བྱེད་པ་ནི་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་དེ་བཞིན་སྲིད་ཇུས་དོན་འཁྱོལ་བྱེད་པའི་དབང་རྩའི་སྣེ་མོ་ལྟ་བུ་ཡིན་པ་དང་།  མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཆེས་མདུན་ཕྱོགས་ཡིན་པས། སྔོན་ལ་གོམ་པ་གང་སློབ་སྦྱོང་དང་རིམ་པ་གཅིག་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་གཞི་རིམ་གྱི་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུ་ཟུང་འབྲེལ་དམ་ཟབ་བྱས་ནས། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་ལྔ་ཚན་བཅོ་ལྔ་པའི་འཆར་འགོད་དུས་སྐབས་ཀྱི་འཕེལ་རྒྱས་དམིགས་འབེན་དང་ལག་བསྟར་བྱེད་ཐབས་ཇུས་འགོད་ཡག་པོ་བྱས་ཏེ། མིག་སྔའི་ལས་དོན་ཁག་དམ་འཛིན་ཏན་ཏིག་བྱ་དགོས།

ཚེས་28ཉིན། ལུའོ་ཁྲའོ་ཧྥེང་གིས་ཕན་ཐན་ཀོ་ཤང་ཞིན་ཧྭ་གྲོང་ཚོར་གྲོང་ཚོའི་ལས་བྱེད་པ་དང་སྤེལ་རེས་གཏིང་ཟབ་གནང་བཞིན་པ།
    ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན། ཚང་འཛོམས་གྲོས་ཚོགས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་ཞེས་པ་སྐོར་གྱི་བཀོད་སྒྲིག་གལ་ཆེན་ལ་གོ་བ་གཏིང་ཟབ་ལེན་དགོས་ལ། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་མཐོ་རུ་གཏོང་བ་དང་། དྲ་མིག་ཅན་གྱི་དོ་དམ་དང་ཞིབ་ཕྲ་ཅན་གྱི་ཞབས་ཞུ། ཆ་འཕྲིན་ཅན་གྱི་འདེགས་སྐྱོར་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བར་ཤུགས་རྒྱབ་པ། འགལ་བ་དང་རྩོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་། ཏང་གི་སྲིད་སྐྱོང་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་ནས་སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་འགན་ལེན་བྱེད་དགོས།
    ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།  ཚང་འཛོམས་གྲོས་ཚོགས་ཀྱི་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་བྱེད་པར་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་ཞེས་པའི་བླང་བྱ་གལ་ཆེན་ལྟར། རྒྱུན་མཐུད་ངང་གཞི་རིམ་གྱི་འཐབ་འཛིང་བཙན་རྫོང་སྟོབས་ལྡན་བསྐྲུན་ནས་ཆབ་སྲིད་ཀྱི་བྱེད་ནུས་འབུར་ཐོན་བྱས་ཏེ།གཞི་རིམ་ཏང་ཡོན་གྱིས་གྲོང་གསེབ་དར་རྒྱས་དང་། གཞི་རིམ་བཅོས་སྐྱོང་།  མང་ཚོགས་ལ་ཞབས་འདེགས་ཞུ་བའི་ཁྲོད་ཀྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས།  གཞི་རིམ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་འགོ་ཁྲིད་བྱེད་ཤུགས་དང་བསམ་བློའི་སྣེ་ཁྲིད་བྱེད་ཤུགས།   མང་ཚོགས་སྒྲིག་འཛུགས་བྱེད་ཤུགས།  སྤྱི་ཚོགས་འབོད་སྐུལ་བྱེད་ཤུགས་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།    གཞི་རིམ་ལས་བྱེད་པའི་རུ་ཁག་འཛུགས་སྐྱོང་དང་སྤྱོད་ཚུལ་འཛུགས་སྐྱོང་ལ་རྒྱུན་མཐུད་ངང་ཤུགས་སྣོན་རྒྱག་དགོས་པ་དང་། གཞི་རིམ་ལས་བྱེད་པ་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ནས་ལས་སྒྲུབ་ལས་གཏོད་ཀྱི་སྤྲོ་སེམས་དང་གསོན་ཤུགས་སྐུལ་སྤེལ་གཏོང་སྟེ།  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་བཟོ་བཀོད་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ཁག་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་གནད་ལ་འཁེལ་བའི་སྒོ་ནས་ལག་བསྟར་དང་དོན་འཁྱོལ་བྱེད་པར་འགན་ལེན་བྱས་ཏེ། ཆུ་ཚད་མཐོ་བའི་ཏང་འཛུགས་སྐྱོང་ལ་བརྟེན་ནས་ཕན་ནུས་ཆེ་བའི་བཅོས་སྐྱོང་ལ་སྣེ་ཁྲིད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
    ཁྲེན་ཆོན་བརྟག་ཞིབ་ཏུ་ཞུགས།