སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

བདེ་ཆེན་ཁུལ་གྱི་2025ལོ་འཁོར་གྱི་གཞོན་ནུ་ཡིས་ལས་གཏོད་བྱས་ནས་ཕ་ཡུལ་དར་རྒྱས་གཏོང་བ་དང་བདེ་ཆེན་གྱི་གསར་གཏོད་ལས་གཏོད་མཁས་ཅན་ཞེས་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།

ཁྱབ་བསྒྲགས་དུས་ཚོད་:2025ལོ་10ཟླ་བ་29ཉི་མ་ 15:39:29 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། བདེ་ཆེན་ཁུལ་གྱི་2025ལོ་འཁོར་གྱི་གཞོན་ནུ་ཡིས་ལས་གཏོད་བྱས་ནས་ཕ་ཡུལ་དར་རྒྱས་གཏོང་བ་དང་བདེ་ཆེན་གྱི་གསར་གཏོད་ལས་གཏོད་མཁས་ཅན་ཞེས་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་དེ་སེམས་ཀྱི་ཉི་ཟླ་མགྲོན་ཁང་ཆེན་པོར་སྤེལ། ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་བྱ་དགའ་ཐོབ་པའི་ལས་གཏོད་པར་བྱ་དགའ་སྤྲོད་པ་མ་ཟད། ཁུལ་ཡོངས་ཀྱི་གཞོན་ནུ་ལས་གཏོད་ལ་རྒྱབ་སྐྱོར་ལས་དོན་བཀོད་སྒྲིག་བྱས། གུང་གཞོན་ཚོགས་པ་ཡུན་ནན་ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཡུང་ཝེ་དང་བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་བྱེད་སྒོར་ཞུགས།

ཀྲང་ཝེ་ཏུང་གིས་གསུང་བཤད་གནང་སྐབས། རྒྱ་ཆེའི་གཞོན་ནུ་ལས་གཏོད་པས་ཕ་ཡུལ་གྱི་ས་ཆའི་ཐོག་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཁོ་ཚོའི་ལག་ལེན་ནི་བདེ་ཆེན་འཕེལ་རྒྱས་ཁྲོད་མེད་དུ་མི་རུང་བའི་གསར་གཏོད་ཆུང་ངུ་ཞེས་པ་དང་གྲོང་གསེབ་དར་རྒྱས་ཀྱི་སྟོབས་ཤུགས་བརྟན་པོ་ཞིག་ཡིན་བཏོན་ཞིང་། ཁུལ་ཡོངས་ཀྱི་གཞོན་ནུ་ལས་གཏོད་པར་རེ་བ་གསུམ་བཏོན་ཏེ་གཅིག་ནི་གསར་གཏོད་ལས་གཏོད་ཀྱི་གདོང་ལེན་པར་བརྩོན་ལེན་བྱས་ནས་ས་གནས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་ཞབས་ཞུ་བྱས། མི་སྒེར་གྱི་འཚར་ལོངས་དེ་ས་ཁོངས་དར་རྒྱས་དང་མཉམ་འདྲེས་བྱེད། གཉིས་ནི་ལས་གཏོད་ཕྱུག་འགྱུར་གྱི་མི་འཇོན་མོ་ཞིག་བརྩོན་ལེན་བྱེད་པ་དང་སྣ་མང་གི་ནུས་པ་སྦྱོང་བརྡར་བྱེད་དེ་སྤྱི་ཚོགས་ཀྱི་འགན་འཁྲི་ཤུགས་ཆེ་རུ་གཏོང་ཞིང་མང་ཚོགས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད། གསུམ་ནི་སྤོབས་པ་ཆེན་པོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དཔེ་ལྟ་ས་བྱས་ནས་མཐུན་སྦྱོར་ཤུགས་ཆེན་བྱེད་ཅིང་ཐུན་མོང་ཐོག་འཛམ་གླིང་གི་སེམས་ཀྱི་ཉི་ཟླ་ཞེས་པའི་སྤུས་རྟགས་སྟོབས་ཆེ་རུ་གཏོང་དགོས་ཞེས་བཅས་ཡིན། 

ཀྲུང་ཝེ་ཏུང་གིས་ཁུལ་ཡོངས་རིམ་པ་ཁག་གི་ལས་ཁུངས་སོ་སོས་འགན་འཁྲི་ཏན་ཏིག་སྒྲུབ་དགོས་པ་དང་དུས་ཡུན་ཡོངས་ཀྱི་ལས་གཏོད་ཞབས་ཞུའི་མ་ལག་འཛུགས་པ། སྒྲིག་སྲོལ་ལམ་སྲོལ་གྱི་འགོག་རྐྱེན་མེད་པར་བཟོས་ནས་ཚོང་གཉེར་ཁོར་ཡུག་རྩེ་གྲ་གཏོད་པ། གཞོན་ནུ་རྣམས་རིག་གནས་ཡུལ་སྐོར་དང་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་སོགས་དགེ་མཚན་ལྡན་པའི་ཐོན་ལས་ལ་དམིགས་པ་དང་། སྐྱེ་ཁམས་དང་རིག་གནས་ཀྱིས་གཞན་དང་ཟུང་འབྲེལ་བྱེད་པའི་མཉམ་འདྲེས་ཀྱི་ལས་རྣམ་གསར་པ་འཚོལ་ཞིབ་བྱས་ནས་གཞོན་ནུ་རྣམས་ཕ་ཡུལ་དུ་རྩ་བ་ཚུགས་ནས་ཕ་ཡུལ་ལ་དྲིན་ལན་འཇལ་བའི་སྤྲོ་སེམས་དང་ནུས་ཤུགས་སྐུལ་སློང་གང་ཐུབ་བྱེད་དགོས་པའི་བླང་བྱ་བཏོན།



责任编辑:七林、达瓦只玛

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས། 

བདེ་ཆེན་གྱི་སློབ་གསོ་བྱ་གཞག་ལ་བཀྲ་ཆེ་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།

གཏེར་མ་རོང་ཤང་ཨ་བཟང་གྲོང་ཚོའི་ལམ་མདོ་གྲོང་མི་ཚོ་ཆུང་གི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཐོག་སྐྱོད།

སེམས་ཀྱི་ཉི་ཟླ་གྲོང་ཨུའི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དགུ་པ་ཚེས་དགུའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ།

ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས།

བདེ་ཆེན་ཁུལ་གྱི་2025ལོ་འཁོར་གྱི་གཞོན་ནུ་ཡིས་ལས་གཏོད་བྱས་ནས་ཕ་ཡུལ་དར་རྒྱས་གཏོང་བ་དང་བདེ་ཆེན་གྱི་གསར་གཏོད་ལས་གཏོད་མཁས་ཅན་ཞེས་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།

ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་སྲོལ་རྒྱུན་གྱི“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན”ཐོན་ལས་རོགས་སྐྱོར་ཕྱོགས་སུ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཅིག་ཏུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་།

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་དང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་སྒྲུབ་འགན་བླངས་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2018 DESIGNNTEND ALL RIGHTS RESERVRD

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927-1

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120170008

རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་བཟོ་བའི་ལས་གཉེར་ཆོག་མཆན་འཛིན་ཡིག་གི་ཨང་རྟགས་ནི། ༼ཡུན༽ཡིག་ཨང09009

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com