གཏེར་མ་རོང་ཤང་ཨ་བཟང་གྲོང་ཚོའི་ལམ་མདོ་གྲོང་མི་ཚོ་ཆུང་གི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཐོག་སྐྱོད།
 
              
              
              
              
              
            

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། གངས་རི་དང་གྲོག་རོང་། ཤོད་ཆུ་གཙང་པོས་སྐོར་བའི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གཏེར་མ་རོང་ཤང་ཨ་བཟང་གྲོང་ཚོ་ལམ་མདོ་གྲོང་མི་ཚོ་ཆུང་གི་རྒུན་ཞིང་ནང་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཁྲི་ཞ་ཀྲུའུ་རྒུན་འབྲུམ་ལོ་ལེགས་བྱུང་བས་མི་སེར་སྤྲོ་བས་ཁེངས་པ་དང་། རྒུན་འབྲུམ་གྱིས་གྲོང་ཚོ་དེའི་“རི་ཡི་འདབས་ནས་རི་ལ་བརྟེན་པ་ནས་”“རི་གསོ་སྐྱོང་བྱས་ནས་དངུལ་གྱུར་བའི”འགྱུར་ལྡོག་ར་སྤྲོད་བྱུང་།


ལམ་མདོ་གྲོང་མི་ཚོ་ཆུང་དེ་འབྲི་ཆུའི་འགྲམ་གྱི་གྲོག་རོང་དུ་གནས་ཡོད། ས་གནས་དེ་གའི་སྐམ་ཤས་ཆེ་བའི་གནམ་གཤིས་ཀྱིས་རྒུན་འབྲུམ་སྐྱེས་བར་ཆ་རྐྱེན་ཡག་པོ་མཁོ་འདོན་བྱས། ལོ་རེའི་ཆར་པ་འབབ་ཚད་ཧའོ་སྨི་300ནས་600བར་ཡིན་པ་དང་ཉི་འོད་ཡག་པོ་ཕོག་པས། ས་གནས་དེ་གའི་རྒུན་འབྲུམ་ལ་ནད་འབུའི་གནོད་སྐྱོན་ཉུང་ཞིང་། མ་གཞི་ནས་གནོད་མེད་ཀྱི་རྒུན་ཆང་བསྙལ་བ་ལ་རྨང་གཞི་བརྟན་པོ་བཏིང་།
སེམས་ཀྱི་ཉི་ཟླའི་ཆང་ལས་མ་རྐང་ཚད་ཡོད་ཀུང་སིའི་ལག་རྩལ་མཛུབ་ཁྲིད་པ་ཡིས་རྒུན་འབྲུམ་སྐྱེས་རིང་ཡོངས་ལ་དམིགས་ནས། གྲོང་མི་ལ་རྒུན་འབྲུམ་བཙུགས་སྟངས་མཛུབ་ཁྲིད་བྱས་པ་དང་། དབྱར་དུས་ཆར་ཆུ་འབོལ་བར་དམིགས་ནས། མཐོ་སྒང་དང་འཕྲོད་པའི་ཚན་རིག་ལག་རྩལ་ནང་འདྲེན་བྱས་ཏེ། ཕན་ནུས་ལྡན་པའི་ངང་ནད་འབུ་ཡིས་གནོད་པར་བཀག་འགོག་བྱས་ནས། སྐྱེ་ཁམས་ཀྱི་ཐབས་ཤེས་ལ་བརྟེན་ནས་སྐྱེ་ཁམས་སིལ་ཏོག་གསོ་སྐྱོང་བྱས་པར་མངོན་འགྱུར་བྱུང་།


2013ལོར་འདེབས་འཛུགས་ཚོད་ལྟ་བྱས་པ་ནས། 2018ལོར་སེམས་ཀྱི་ཉི་ཟླའི་ཆང་ལས་མ་རྐང་ཚད་ཡོད་ཀུང་སི་དང་དངོས་སུ་མཉམ་ལས་བྱས་པའི་བར། ས་གནས་དེ་ག་ཡིས་“ཏང་ཀྲི་པུའུ་+ཁེ་ལས་+མཉམ་ལས་ཁང་+ཞིང་དུད་”བཅས་རིམ་པ་བཞིའི་མཉམ་འགུལ་ལམ་སྲོལ་བཙུགས་པ་དང་། “ས་ཞིང་འཁོར་སྐྱོད་མ་དངུལ་+གླ་པའི་ཡོང་སྒོ་+མཉམ་ལས་ཐོབ་སྐལ་”བཅས་ཀྱི་རྣམ་པ་བརྒྱུད་ནས། “ ཐོན་ཁུངས་མ་རྩར་གྱུར་བ་དང་ཞིང་དུད་མ་རྩ་གཏོང་མཁན་དུ་གྱུར་བ། ཞིང་པ་ལས་ཀ་འགྲོ་མཁན་དུ་གྱུར་བའི་”འགྱུར་ལྡོག་མངོན་འགྱུར་བྱུང་། མིག་སྔར། ལམ་མདོ་གྲོང་མི་ཚོ་ཆུང་གིས་རྒུན་ཞིང་མུའུ་32.8དེ་ཚད་གཞི་ཅན་གྱི་དོ་དམ་དུ་མངོན་འགྱུར་བྱུང་ནས། ལོ་རེར་དུད་ཁ་རེའི་ཡོང་འབབ་སྒོར་5000ཡན་འཕར། གྲོང་མི་ཚོ་སྲོལ་རྒྱུན་གྱི་ཞིང་ལས་ལ་བཅིངས་འགྲོལ་ཐོབ་པ་ནས། དེང་རབས་ཀྱི་འདེབས་འཛུགས་ལག་རྩལ་ཁོང་དུ་ཆུད་པའི་ཞིང་པ་གསར་པ་ཞིག་ཆགས་ནས། གྲོང་གསེབ་དར་རྒྱས་ཀྱི་ཆེས་རིན་ཐང་ལྡན་པའི་ནང་སྐྱེད་འགུལ་ཤུགས་སྐུལ་སློང་བྱས་ཡོད།
2023ལོར། སེམས་ཀྱི་ཉི་ཟླའི་ཆང་ལས་མ་རྐང་ཚད་ཡོད་ཀུང་སི་ཡིས་གསར་གཏོད་བྱས་པའི་མཉམ་ལས་ཐབས་ཇུས་བཏོན་ཏེ། “སྔོན་གྱི་ལོ་གསུམ་མཉམ་ལས་འདེབས་འཛུགས་བྱས་པ་དང་ལོ་བཞི་པ་ནས་འཁོར་སྐྱོད་བདག་སྐྱོང་བྱས།” ཀུང་སིས་རྒུན་འབྲུམ་གྱི་མྱུ་གུ་དང་ལག་རྩལ། ཚད་ལྡན་དོ་དམ་གཅིག་བསྡུས་ངང་མཁོ་འདོན་བྱས་ཏེ། ཞིང་དུད་ཀྱིས་རིམ་པ་སྔོན་གྱི་བདག་སྐྱོང་བྱས་པར་འགན་འཁུར་ནས། ལོ་བཞི་པ་ནས་ཁེ་ལས་ཀྱི་འཁོར་སྐྱོད་བདག་སྐྱོང་བྱས་པར་འགན་སྲུང་བྱས། རྣམ་པ་དེ་ཞིང་དུད་ཀྱི་སྔོན་དཔག་བརྟན་སྲུང་བྱས་པ་མ་ཟད། ཁེ་ལས་ཀྱིས་རྟེན་གཞི་རྒྱ་ཆེར་གཏོང་བར་རྨང་གཞི་བརྟན་པོ་བཏིང་།

མིག་སྔར། གཏེར་མ་རོང་ཤང་གིས་རྒུན་འབྲུམ་འདེབས་འཛུགས་རྒྱ་ཁྱོན་མུའུ་བརྒྱ་ལྷག་གསར་སྣོན་བྱས་ཏེ། “ལམ་མདོའི་ཁྲི་ཞ་ཀྲུའུ་རྒུན་འབྲུམ་”དེ་མིང་རྟགས་ཐོན་ལས་སུ་བཞེངས་སྐྲུན་བྱ་རྒྱུའི་འཆར་གཞི་འགོད། ཤང་ཡོངས་ཀྱིས་བསྡོམས་པའི་རྒུན་འབྲུམ་མུའུ་170འདེབས་འཛུགས་བྱས་ནས། དུད་ཁ་325ཡི་མི་923ལ་ཕན་ཐོབ་བྱུང་། རྒུན་འབྲུམ་དེ་གངས་རི་འདབས་ལ་མཐོང་རྒྱུ་ཚོར་རྒྱུ་ཡོད་པའི་“རྒྱུ་ནོར་”ཞིག་ཆགས་ཏེ། “གཞི་ཁྱོན་ཆུང་ཞིང་སྤུས་ཚད་མཐོ་བ་དང་། ཡོང་སྒོ་མཐོ་བའི་”ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ལམ་བུ་ཐོག་བསྐྱོད་ནས། མཐོ་སྒང་གི་གྲོང་གསེབ་དར་རྒྱས་ལ་གསོན་ཉམས་ལྡན་པའི་མིག་དཔེ་མཁོ་འདོན་བྱས་ཡོད།
责任编辑:七林 达瓦只玛
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
 
                
                ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས།
 
                
                བདེ་ཆེན་གྱི་སློབ་གསོ་བྱ་གཞག་ལ་བཀྲ་ཆེ་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།
 
                
                གཏེར་མ་རོང་ཤང་ཨ་བཟང་གྲོང་ཚོའི་ལམ་མདོ་གྲོང་མི་ཚོ་ཆུང་གི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཐོག་སྐྱོད།
 
                
                སེམས་ཀྱི་ཉི་ཟླ་གྲོང་ཨུའི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དགུ་པ་ཚེས་དགུའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ།
 
                
                ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས།
 
                
                བདེ་ཆེན་ཁུལ་གྱི་2025ལོ་འཁོར་གྱི་གཞོན་ནུ་ཡིས་ལས་གཏོད་བྱས་ནས་ཕ་ཡུལ་དར་རྒྱས་གཏོང་བ་དང་བདེ་ཆེན་གྱི་གསར་གཏོད་ལས་གཏོད་མཁས་ཅན་ཞེས་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།
 
                ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་སྲོལ་རྒྱུན་གྱི“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན”ཐོན་ལས་རོགས་སྐྱོར་ཕྱོགས་སུ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
 
                
                ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཅིག་ཏུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་།
 
  
  
  
   ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

 
  
  