སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ལུའོ་ཁྲའོ་ཧྥེང་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས། 

ཁྱབ་བསྒྲགས་དུས་ཚོད་:2025ལོ་10ཟླ་བ་30ཉི་མ་ 17:20:08 འབྱུང་ཁུངས་:སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་29ཉིན་ནས་ཚེས་30ཉིན་གྱི་བར། ཁུལ་ཨུ་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་འཇོལ་རྫོང་གི་ཤང་(གྲོང་རྡལ)དུ་འགྲོ་ནས་གྲོང་ཚོའི་གཞི་རིམ་ཏང་ཡོན་ལས་བྱེད་པར་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱེད་པ་དང་། གཞི་རིམ་བཅོས་སྐྱོང་དང་གཞི་རིམ་ཏང་འཛུགས། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་། ཁོང་གིས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་དེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་དུས་ཀྱི་གསུང་བཤད་གལ་ཆེན་དོན་འཁྱོལ་བྱས་ནས། རྒྱུན་མཐུད་ངང་གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་སྟེ། གཞི་རིམ་ཏང་རྩ་འཛུགས་ཀྱི་ལས་དོན་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ནན་ཏན་ངང་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དེ་གཞི་རིམ་ལས་དོན་ལ་སྐུལ་འདེད་གཏོང་བ་དང་མི་རིགས་ཁག་གི་མང་ཚོགས་ལ་ཞབས་ཞུ་བྱས་པའི་དོན་དངོས་ཀྱི་ཕན་འབྲས་སུ་འགྱུར་བཅུག་དགོས་ཞེས་ནན་གསུང་གནང་། 

ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཐོག་སྤྱི་ཚོགས་བཅོས་སྐྱོང་མ་ལག་ལེགས་བཅོས་བྱས་པ་དང་ཞིང་གསུམ་གནད་དོན་ཐག་གཅོད་བྱེད་པ། གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་སྐུལ་འདེད་གཏོང་བར་བླང་བྱ་གསལ་པོ་སྟོན། ལུའོ་ཁྲའོ་ཧྥེང་གྲོང་ཚོ་རུ་འགྲོ་ནས། བདེ་ཆེན་གྱི་དོན་དངོས་ལས་དོན་དང་རྟོག་ཞིབ་གནང་དུས་ཀྱི་མཐོང་ཐོས་དང་ཟུང་འབྲེལ་བྱས་ཏེ་དྲིལ་བསྒྲགས་གསལ་བཤད་བྱས་པ་དང་། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ཀྱིས་མཉམ་དུ་ཚང་འཛོམས་གྲོས་ཚོགས་ཀྱི་ལྟེ་བའི་ནང་དོན་དང་ལག་བསྟར་བླང་བྱ་ལ་སློབ་སྦྱོང་བྱས་ནས་སློབ་སྦྱོང་གི་མྱོང་ཚོར་སྤེལ་རེས་བྱས། 

 

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀ་དང་འབྲེལ་བའི་ཧྲེན་ཕིང་གྲོང་རྡལ་འཇོལ་ཤོད་གྲོང་ཚོ་དང་ཡན་ཀྲི་གྲོང་རྡལ་ཡན་ཀྲི་གྲོང་ཚོ་རུ་ལས་དོན་སྤེལ་ཚུལ་དང་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཚགས་བྱས། ཁོང་གིས། རྣམ་གྲངས་འཛུགས་སྐྲུན་གལ་ཆེན་ནི་གཞི་རིམ་ཏང་རྩ་འཛུགས་ཀྱིས་སྟོབས་ཤུགས་གཅིག་བསྡུས་བྱས་པའི་ཞིབ་བཤེར་ཞིག་ཡིན། གྲོང་ཚོ་ཏང་རྩ་འཛུགས་ཀྱིས་རང་འགུལ་ངང་ལས་འགན་འཁུར་བ་དང་ཏང་ཡོན་སྐུལ་ཁྲིད་བྱས་ནས་མང་ཚོགས་ལས་དོན་ཡག་པོ་སྒྲུབ་དགོས། སྲིད་ཇུས་ཁོང་དུ་ཆུད་ནས་འགལ་བ་འཐབ་རྩོད་ལ་ཐག་གཅོད་ནུས་ལྡན་བྱས་ཏེ། མགྱོགས་མྱུར་ངང་རྫོང་མཁར་གྱི་གནས་སྤོ་ལས་ཀ་ཁག་ལ་སྐུལ་འདེད་བཏང་ནས། ཏང་གི་ཆབ་སྲིད་དང་རྩ་འཛུགས་ལེགས་ཆ་དེ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆགས་དགོས་ཞེས་ནན་གསུང་གནང་། 

ལུའོ་ཁྲའོ་ཧྥེང་གིས་ཡན་ཀྲི་གྲོང་རྡལ་ཙི་ལི་གྲོང་ཚོ་དང་འབའ་སྡེ་ཤང་ཕེང་པ་གྲོང་ཚོ་རུ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་དངོས་གཟུགས་ཅན་གྱི་འཁོར་སྐྱོད་དང་འགལ་བ་རྩོད་གཞི་ཞིབ་བཤེར་ཐག་གཅོད་བྱེད་པ། གྲོང་ཚོའི་ཐུན་མོང་དཔལ་འབྱོར་ཡོང་འབབ། རྒྱུ་ནོར་དོ་དམ། ཐོན་ལས་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་རྒྱུས་ལོན་ཞིབ་ཚགས་བྱས། ཁོང་གིས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས+དྲ་མིག་ཅན+ཆ་འཕྲིན་ཅན་”གྱི་ལས་དོན་རྣམ་པ་དང་འགལ་བ་རྩོད་གཞིའི་སྣ་མང་ཐག་གཅོད་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། གྲོང་ཚོའི་ཐུན་མོང་རྒྱུ་ནོར་དོ་དམ་ཡག་པོ་བྱས་པ་དང་ཐོན་ཁུངས་ལེགས་ཆར་གཞི་ཚུགས་ཏེ། སྣ་མང་ཅན་གྱི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱས་ནས། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བྱས་ཞིང་སྤྱི་ཚོགས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་པ་སོགས་ཀྱི་བྱ་ཐབས་བརྒྱུད་ནས། མང་ཚོགས་འབབ་འཕར་ཕྱུག་འགྱུར་དང་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་ནན་གསུང་གནང་།  

རྟོག་ཞིབ་གནང་དུས་ལུའོ་ཁྲའོ་ཧྥེང་གིས། གཞི་རིམ་ལས་དོན་དེ་སྤྱི་ཡོངས་དང་འབྲེལ་བ་ཟབ་མོ་ཡོད་པས། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་བསྒྲགས་བྱས་པ་ནི་མིག་སྔར་དང་སླད་ཕྱིན་དུས་སྐབས་ཀྱི་ཆབ་སྲིད་ལས་འགན་གཙོ་བོ་ཞིག་འཛིན་ནས། ལས་དོན་ཞིབ་ཏུ་སྒྲུབ་སྟེ་ཀྲུང་དབྱང་གི་ཐབས་ཇུས་དང་གོང་རིམ་གྱི་བླང་བྱ་དོན་འཁྱོལ་བྱེད་པར་སྐུལ་འདེད་གཏོང་དགོས། ཤང་དང་གྲོང་རྡལ་གྱི་སྒྲིག་འགོད་དོ་དམ་ཆུ་ཚད་མཐོ་རུ་གཏོང་ནས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་བཅོས་བྱེད་དགོས་ཞེས་ནན་གསུང་གནང་།

ཁྲེན་ཆུན་རྟོག་ཞིབ་ནང་ཞུགས། 


责任编辑:七林 达瓦只玛

  • ཀྲོའུ་ནང་ཁུལ་གྱི་མགོ་གཙོ་

ལུའོ་ཁྲའོ་ཧྥེང་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས། 

བདེ་ཆེན་གྱི་སློབ་གསོ་བྱ་གཞག་ལ་བཀྲ་ཆེ་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།

གཏེར་མ་རོང་ཤང་ཨ་བཟང་གྲོང་ཚོའི་ལམ་མདོ་གྲོང་མི་ཚོ་ཆུང་གི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཐོག་སྐྱོད།

སེམས་ཀྱི་ཉི་ཟླ་གྲོང་ཨུའི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དགུ་པ་ཚེས་དགུའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ།

ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས།

བདེ་ཆེན་ཁུལ་གྱི་2025ལོ་འཁོར་གྱི་གཞོན་ནུ་ཡིས་ལས་གཏོད་བྱས་ནས་ཕ་ཡུལ་དར་རྒྱས་གཏོང་བ་དང་བདེ་ཆེན་གྱི་གསར་གཏོད་ལས་གཏོད་མཁས་ཅན་ཞེས་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།

ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་སྲོལ་རྒྱུན་གྱི“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན”ཐོན་ལས་རོགས་སྐྱོར་ཕྱོགས་སུ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།

ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཅིག་ཏུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་།

ཀྲུང་གུང་བདེ་ཆེན་ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་གཉེར་དང་། བདེ་ཆེན་ཉིན་རེའི་ཚགས་པར་ཁང་གིས་སྒྲུབ་འགན་བླངས་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2018 DESIGNNTEND ALL RIGHTS RESERVRD

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927-1

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120170008

རྒྱང་བསྒྲགས་བརྙན་འཕྲིན་ལེ་ཚན་བཟོ་བའི་ལས་གཉེར་ཆོག་མཆན་འཛིན་ཡིག་གི་ཨང་རྟགས་ནི། ༼ཡུན༽ཡིག་ཨང09009

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com