ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས།
 
              
              
              
              
              
            

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་10པའི་ཚེས་27ཉིན་གྱི་ཕྱི་དྲོར། ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས་ཏེ། ཕྱོགས་ཡོངས་ནས་ཉེ་དུས་ཀྱི་གནས་སྤོ་ལས་ཀ་སྤེལ་བའི་གནས་ཚུལ་གྱི་སྙན་ཞུ་ཉན་པ་དང་། མིག་སྔར་གནས་པའི་དཀའ་གནད་ལ་དབྱེ་ཞིབ་བྱེད་དེ་དུས་རིམ་རྗེས་མའི་ལས་འགན་གལ་ཆེན་བཀོད་སྒྲིག་བྱས།
ཁུལ་ཨུ་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཀྲང་ཝེ་ཏུང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་མ་ཟད་གསུང་བཤད་གནང་།
ཚོགས་འདུའི་ཐོག་བསྟན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་ཛ་དྲག་རང་བཞིན་དང་གལ་ཆེའི་རང་བཞིན། དཀའ་ཚེགས་ཆེ་བའི་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་པ་དང་། བསམ་བློ་སྦྲིད་པ་དང་སེམས་ཤུགས་ལྷོད་པའི་སེམས་ཁམས་མཐའ་གཅིག་ཏུ་དོར་ཏེ་འཛེར་གཟེར་གྱི་སྙིང་སྟོབས་ལ་བརྟེན་ནས་ལས་འགན་ཁག་ལག་ལེན་དུ་བསྟར་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། མང་ཚོགས་ཀྱི་ཞུ་རེ་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ་དང་། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་ས་ཆ་བསྡུ་ལེན་དང་བཤིག་སྤོ་མང་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་པ། རྒྱུན་མཐུད་ངང་གནས་སྤོ་མང་ཚོགས་ཀྱི་དྲིལ་བསྒྲགས་དང་ཁྲིད་སྟོན་ཡག་པོ་བྱེད་དགོས། རྣམ་གྲངས་འཆར་འགོད་འཛུགས་སྐྲུན་ཐོག་གཙོ་གནད་འབུར་ཐོན་བྱེད་དགོས་པ་དང་། བདེ་འཇགས་དང་སྤུས་ཚད་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་འཛུགས་སྐྲུན་བྱེད་ཚད་མགྱོགས་པོར་གཏོང་དགོས་ལ། གཏན་འཁེལ་བྱས་པའི་དུས་ཚོད་ལྟར་རྫོང་མཁར་གསར་པར་གཞི་རྩའི་ཐོག་འཁོར་སྐྱོད་བྱེད་པའི་ཆ་རྐྱེན་ལྡན་པའི་དམིགས་ཚད་མངོན་འགྱུར་བྱུང་བར་འགན་ལེན་བྱེད་དགོས།
ཚོགས་འདུའི་ཐོག རིམ་པ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲིའི་འདུ་ཤེས་དང་འགག་རྩའི་འདུ་ཤེས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། འགན་འཁྲི་འཁུར་བ་ལ་ཤུགས་སྣོན་རྒྱག་པ་དང་ལས་ཀ་དོན་ཐོག་ཏུ་འཁྱོལ་བར་དམ་འཛིན་བྱེད་དེ་ཤུགས་ཡོངས་ངང་ལས་དོན་ཁག་སྤེལ་ཚད་མགྱོགས་སུ་གཏོང་དགོས། གོང་ལ་སྙན་སེང་ཞུ་བ་དང་འབྲེལ་མཐུད་བྱེད་པར་ཤུགས་སྣོན་རྒྱག་པ་དང་། སྲིད་ཇུས་དང་མ་དངུལ་རོགས་སྐྱོར་བརྩོན་ལེན་བྱེད་པ། རྒྱུ་རྐྱེན་འགན་ལེན་དང་སྡེ་ཚན་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་སྟེ། གོང་འོག་མཉམ་འགུལ་དང་མཉམ་དུ་དོ་དམ་གྱི་ལས་ཀའི་མཉམ་ཤུགས་ཆགས་དགོས། དུས་ཚོད་དམ་འཛིན་ནན་མོ་བྱེད་དེ། གནས་སྤོ་ལས་ཀའི་སྤྱིའི་དམིགས་ཡུལ་ལྟར། ལས་འགན་གྱི་གསལ་ཐོ་དང་འགན་འཁྲིའི་གསལ་ཐོ། དུས་བཀག་གསལ་ཐོ་བཅས་ཞིབ་ཕྲ་བཟོ་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། ཚད་ཡོད་ཀྱི་མ་དངུལ་དེ་སྤྱོད་དགོས་ས་སྤྱོད་ནས་རྒྱུན་ཆད་མེད་པར་མ་དངུལ་བེད་སྤྱོད་བྱེད་ཚད་མཐོ་རུ་གཏོང་དགོས། ཉེན་ཁ་སྔོན་འགོག་ཡག་པོ་བྱེད་དེ། ལས་གྲྭ་རྣམ་གྲངས་འཛུགས་སྐྲུན་ནང་གི་བདེ་འཇགས་ཐོན་སྐྱེད་ལས་ཀར་གཅིག་འགྱུར་དམ་འཛིན་བྱེད་དེ་རིགས་ཁག་གི་ཉེན་ཁའི་མངོན་མེད་རྐྱེན་ངན་སེལ་ཞིང་གནས་སྤོ་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་བྱེད་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་སྟོབས་ཤུགས་གཅིག་བསྡུས་བྱེད་པ་དང་། ཁྲིམས་ལྟར་ས་ཞིང་སྡོད་ཁང་བསྡུ་བཤིག་ལས་ཀ་དང་ས་སྟེང་གི་ཟུར་དངོས་གཙང་མ་བཟོ་བ། ས་ཞིང་ཆོག་མཆན་འགོད་པ། རྣམ་གྲངས་འཛུགས་པའི་བཀའ་མཆན་སོགས་ལས་དོན་མགྱོགས་སུ་སྤེལ་དགོས། ལོ་ལྔའི་འཆར་གཞི་ཨང་བཅོ་ལྔ་པའི་སྒྲིག་ཁོངས་དང་ཟུང་འབྲེལ་བྱེད་དེ། འཇོལ་རྫོང་ཡུན་རིང་འཕེལ་རྒྱས་དང་འབྲེལ་བའི་རྣམ་གྲངས་འཆར་འགོད་ནང་འཇོག་དགོས་ཞེས་ནན་བཤད་བྱས།
མཱ་གོ་ཀྲུང་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས། ཚོགས་འདུ་དེ་བརྙན་ལམ་གྱི་རྣམ་པས་འཚོགས། འཇོལ་རྫོང་དུ་ཡན་ལག་ཚོགས་ར་འགོད།
责任编辑:七林、达瓦只玛
- ཀྲོའུ་ནང་ཁུལ་གྱི་མགོ་གཙོ་
 
                
                ལུའོ་ཁྲའོ་ཧྥེང་གིས་གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་བྱས།
 
                
                བདེ་ཆེན་གྱི་སློབ་གསོ་བྱ་གཞག་ལ་བཀྲ་ཆེ་ས་མང་བ་དང་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།
 
                
                གཏེར་མ་རོང་ཤང་ཨ་བཟང་གྲོང་ཚོའི་ལམ་མདོ་གྲོང་མི་ཚོ་ཆུང་གི་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུ་ཐོག་སྐྱོད།
 
                
                སེམས་ཀྱི་ཉི་ཟླ་གྲོང་ཨུའི་ལས་བྱེད་པ་རྒན་གྲས་ཅུས་ཀྱིས་དགུ་པ་ཚེས་དགུའི་དུས་ཆེན་གྱི་རྟེན་འབྲེལ་བྱེད་སྒོ་སྤེལ།
 
                
                ཁུལ་སྲིད་གཞུང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོ་ལས་ཀའི་སྐུལ་སྤེལ་ཚོགས་འདུ་ཐེངས་བཅུ་དྲུག་པ་འཚོགས།
 
                
                བདེ་ཆེན་ཁུལ་གྱི་2025ལོ་འཁོར་གྱི་གཞོན་ནུ་ཡིས་ལས་གཏོད་བྱས་ནས་ཕ་ཡུལ་དར་རྒྱས་གཏོང་བ་དང་བདེ་ཆེན་གྱི་གསར་གཏོད་ལས་གཏོད་མཁས་ཅན་ཞེས་པའི་འགྲན་བསྡུར་ཆེན་པོའི་བྱ་དགའ་སྤྲོད་པའི་མཛད་སྒོ་སྤེལ།
 
                ལུའོ་ཁྲའོ་ཧྥེང་གིས་ཁུན་མིང་དང་བདེ་ཆེན་གྱི་“གཞན་སའི་གླིང་ཁུལ”ལས་དོན་ལ་སྐུལ་འདེད་གཏོང་བའི་གནས་ཚུལ་ལ་བརྟག་ཞིབ་གནང་སྐབས་སྲོལ་རྒྱུན་གྱི“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན”ཐོན་ལས་རོགས་སྐྱོར་ཕྱོགས་སུ་ཕྱོགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་།
 
                
                ལུའོ་ཁྲའོ་ཧྥེང་གིས་ཁུལ་ཡོངས་ཀྱི་ཤང་དང་གྲོང་རྡལ་ཁག་ཅིག་ཏུ་ཕེབས་ནས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དྲིལ་བསྒྲགས་གནང་།
 
  
  
  
   ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007
ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53342102000007

 
  
  