中文 བོད་ཡིག་ English
སྐབས་དོན་གསར་འགྱུར། ཆེད་དོན་ལེ་ཚན། དཔལ་འབྱོར། རིག་གནས་ཡུལ་སྐོར། སྐྱེ་ཁམས། སྒྲ་བརྙན་དགའ་ཚལ། པར་རིས་ལོངས་སྤྱོད། སློབ་གསོ་དང་ཚན་རྩལ།འཕྲོད་བསྟེན།ལུས་རྩལ། དཔྱད་བརྗོད། བདེ་ཆེན་བོད་ཡིག་ཚགས་པར། བརྙན་ལམ།

ཁུལ་ཨུས་ཆེད་དོན་ཚོགས་འདུ་འཚོགས་ནས་ཁ་གཏད་རོགས་སྐྱོར་ལས་དོན་ལ་ཞིབ་འཇུག་བྱས་པ།

ཁྱབ་བསྒྲགས་དུས་ཚོད་:2026-05-13 12:07:33


ཟླ་5བའི་ཚེས་12ཉིན། ཁུལ་ཨུའི་ཧྲུའུ་ཅི་ལུའོ་ཁྲའོ་ཧྥེང་གིས་ཁ་གཏད་རོགས་སྐྱོར་ལས་དོན་ཆེད་དོན་ཚོགས་འདུ་གཙོ་སྐྱོང་བྱས་ཏེ། རང་ཁུལ་གྱི་“ལོ་ལྔ་ཚན་བཅུ་བཞི་པའི”ཚུན་གྱི་ཁ་གཏད་རོགས་སྐྱོར་སོགས་ལས་དོན་གྲུབ་འབྲས་ཕྱོགས་བསྡོམས་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་ལས་ཀའི་བསམ་ཕྱོགས་ཇུས་འགོད། དུས་རིམ་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཞུས་སི་སི་ཚོགས་འདུར་ཕེབས་ཡོད།

ལུའོ་ཁྲའོ་ཧྥེང་གིས་ནན་བཤད་གནང་དོན།དུས་ཡུན་རིང་པོའི་ནང་ཧྲང་ཧའེ་གྲོང་ཁྱེར་གྱིས་ཁུན་མིང་དང་། ཆུས་ཅིང་། ཡུས་ཤིས་བཅས་དང་མཉམ་དུ་ཐོག་མཐའ་བར་གསུམ་དུ་བདེ་ཆེན་ལ་སེམས་ཁུར་དང་རོགས་སྐྱོར་ཧུར་ཐག་བྱས་ཏེ་ཕྱོགས་ཡོངས་ནས་རང་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་པ་དང་། ཁྱད་ལྡན་ཐོན་ལས་ཀྱི་སྒུལ་ནུས་སྐྱེད་སྲིང་། སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་རོགས་རམ་བྱས་ནས་བདེ་ཆེན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བརྟན་པོ་དང་སྒུལ་ནུས་ཆེན་པོ་བསྣན་ཡོད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཐོག་མཐའ་བར་གསུམ་དུ་བཀའ་དྲིན་ཚོར་བ་དང་གོ་སྐབས་ལ་གཅེས་སྤྲས་བྱས་ཏེ་ཁ་གཏད་རོགས་སྐྱོར་གྱི་ལས་སྟེགས་ཡག་པོ་སྤྱོད་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། འགན་འཁྲི་གཙང་སྒྲུབ་བཅས་བྱེད་པ། རོགས་སྐྱོར་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་དམ་འཛིན་ཞིབ་ཚགས་བྱེད་པ། འཕེལ་རྒྱས་ཀྱི་གྲུབ་འབྲས་ཏན་ཏིག་ལ་བརྟེན་ནས་རོགས་སྐྱོར་གྱི་མཛའ་གྲོགས་ལ་དྲིན་ལན་འཇལ་བ་བཅས་བྱེད་དགོས།
ལུའོ་ཁྲའོ་ཧྥེང་གིས་བླང་བྱ་བཏོན་དོན།ཐོན་ལས་དང་དམངས་འཚོར་དམིགས་ནས་རྣམ་གྲངས་ཇུས་འགོད་བྱེད་པ་དང་བདེ་ཆེན་གྱི་འཕེལ་རྒྱས་ཀྱི་དགོས་མཁོ་དངོས་ལ་བསམ་གཞིག་གང་ལེགས་བྱས་ཏེ་རོགས་སྐྱོར་མ་དངུལ་ཚང་མ་གནད་ལ་འཁེལ་བ་དང་གནད་འགག་ཆེ་སར་སྤྱོད་དགོས། རྣམ་གྲངས་ཀྱི་མ་དངུལ་དོ་དམ་ཡག་པོ་བྱེད་པ་དང་། རྣམ་གྲངས་ཀྱི་དུས་འགོའི་རིགས་པས་ཁུངས་སྐྱེལ་ལས་དོན་ཞིབ་ཚགས་དང་ཏན་ཏིག་སྒྲུབ་པ། རྣམ་གྲངས་ཀྱི་ལག་བསྟར་བྱེད་འཐུས་རང་བཞིན་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན་ནུས་པ། དེ་བཞིན་ཡུན་རིང་གི་དཔལ་འབྱོར་ཕན་འབྲས་བཅས་ལ་ཕྱོགས་ཡོངས་ནས་ཞིབ་འཇུག་དང་བརྡར་ཤ་གཅོད་པ། ཁུལ་རིམ་པའི་སྤྱི་འདོམས་ལྟ་སྐུལ་དོ་དམ་རྣམ་གྲངས་འཛུགས་སྐྲུན་དང་མ་དངུལ་བེད་སྤྱོད་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་རྣམ་གྲངས་གོ་རིམ་ལྡན་པ་དང་། ལས་ཕྱོད་ཆེ་བ། མ་དངུལ་ཚད་ལྡན། ནུས་ཆེ་བཅས་ཀྱི་སྒོ་ནས་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་དགོས། ཤེས་ལྡན་པའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་། རིམ་པ་ཁག་གི་ཤེས་ལྡན་པ་“ཕྱིར་སྐྱོད་པ”དང་“ནང་དུ་འདྲེན་པའི”ཕྱོགས་གཉིས་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ། སྔོན་ཐོན་འཕེལ་རྒྱས་ཀྱི་འདུ་ཤེས་དང་ཉམས་མྱོང་དང་བྱེད་ཐབས་བསྡུ་ལེན་བྱེད་པ། གནས་ཐུབ་པ་དང་། དམག་འཐབ་བྱེད་ཐུབ་པ། འཁྱེར་མི་ཐུབ་པ་བཅས་ཀྱི་ས་གནས་དེ་གའི་ཤེས་ལྡན་པའི་དཔུང་ཁག་ཅིག་གཏོད་པ་བཅས་བྱས་ཏེ་བདེ་ཆེན་གྱི་ཕུགས་རིང་བའི་འཕེལ་རྒྱས་ཆེད་ཤེས་ལྡན་པའི་སྟོབས་ཤུགས་གསོག་འཇོག་བྱེད་དགོས། མི་རིགས་ཁག་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཁ་གཏད་རོགས་སྐྱོར་གྱི་ཐོན་ཁུངས་འབྲེལ་ཐག་ལ་བརྟེན་ནས་རོགས་སྐྱོར་ས་ཁུལ་གྱི་རིག་གནས་དང་། ཚོང་དོན། མི་སྣ། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོའི་རྒྱུན་རྣམ་ཅན་གྱི་སྤེལ་རེས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་རོགས་སྐྱོར་བྱེད་པ། བདེ་ཆེན་གྱི་སྤུས་ལེགས་ཁྱད་ལྡན་ཞིང་ལས་རིག་གནས་ཡུལ་སྐོར་ཐོན་རྫས་གནད་སྨིན་འོས་སྦྱོར་བྱེད་པ། སྔོན་ཐོན་འཛད་སྤྱོད་ཀྱི་ལས་རྣམ་དང་། ཁྲོམ་རའི་གཉེར་སྐྱོང་། ཐོན་ལས་སྐྱེད་སྲིང་བཅས་ཀྱི་ཉམས་མྱོང་རང་འགུལ་ངང་དཔྱད་གཞིར་འཛིན་པ། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་དང་། ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ཏེ་འཛད་སྤྱོད་ལ་སྐུལ་འདེད་དང་། བརྟན་པོའི་ངང་འཕར་བ། ཐོན་ལས་དར་རྒྱས་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་དགོས། ལམ་སྲོལ་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་མཐུད་དང་། སྤེལ་རེས་མཉམ་ལས། མཐུན་སྦྱོར་སྐུལ་འདེད་བཅས་ཀྱི་རྒྱུན་རྣམ་ཅན་གྱི་མཉམ་ལས་ལམ་སྲོལ་སྔར་བས་ལེགས་སུ་གཏོང་བ་དང་འཐུས་སྒོ་ཇེ་ཚང་དུ་བཏང་ནས་ཁ་གཏད་རོགས་སྐྱོར་ལས་དོན་གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་ཧྲང་ཧའེ་གྲོང་ཁྱེར་གྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་དང་། ཆུས་ཅིང་། ཡུས་ཤིས་གཉིས་ཀྱིས་བདེ་ཆེན་ལ་ཁ་གཏད་རོགས་སྐྱོར་བྱས་པ། ཁུན་མིང་དང་བདེ་ཆེན་གཉིས་ཀྱི་མཛའ་གྲོགས་མཉམ་ལས་ཀྱི་འབྲེལ་ཡོད་ལས་དོན་གནས་ཚུལ་སྙན་སེང་ལ་ཉན་པ།

ལིའོ་ཝུན་ཚའེ་དང་། ཞུས་ཀོང་ཏེ། ལིན་ཧའོ། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས་ཡོད།



  • བདེ་ཆེན་གསར་འགྱུར།

ལུའོ་ཁྲའོ་ཧྥེང་གིས་འཇོལ་རྫོང་མཁར་གྱི་ཉེན་གཡོལ་གནས་སྤོའི་ལས་དོན་ལ་བརྟག་ཞིབ་གནང་བ་དང་འབྲེལ་ཆེད་དོན་ཚོགས་འདུ་ཐེངས་17པར་གཙོ་སྐྱོང་གནང་བ།

ཞི་ཅིན་ཕིང་དང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང“ཀྲུང་ཨུའི་སློབ་གསོའི་ལོའི”འགོ་ཚུགས་མཛད་སྒོར་ལྷན་དུ་ཞུགས་ནས་ཤིས་ཚིག་གསུངས་པ།

ལུའོ་ཁྲའོ་ཧྥེང་གིས་འབྲི་ཆུའི་ཀོང་རྩེད་ར་རྒྱུད་དུ་ཆུ་བོ་སྐོར་ཞིབ་རྒྱག་པའི་ལས་དོན་སྤེལ་སྐབས་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་རྒྱུན་གཏན་དང་ཕུགས་ཕན་ལ་སྐུལ་འདེད་བཏང་ནས་འབྲི་ཆུའི་ཆུ་སྟོད་ཀྱི་(བདེ་ཆེན་རྒྱུད་)སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་དགོས་ཞེས་ནན་གྱིས་བསྟན།

མངོན་མིན་རིག་གནས་ཤུལ་བཞག་གི་དངུལ་བཟོ་ལ་བརྟེན་ནས་ལས་གཏོད་ཕུགས་འདུན་མངོན་འགྱུར་བྱུང་བ།

ལུའོ་ཁྲའོ་ཧྥེང་གིས་རུ་སྣེ་ཁྲིད་དེ་སི་ཁྲོན་དང་ཁྲུང་ཆིང་དུ་ཚོང་འགུག་རྟོག་ཞིབ་གནང་པར་ཕེབས་པ།

བདེ་ཆེན་ཁུལ་གྱི་ཞོག་ཁོག་སྣ་ཁ་གསར་པ་“སེམས་ཀྱི་ཉི་ཟླ་ཞོག་ཁོག་3301”ལ་རྒྱལ་ཁབ་ཀྱི་ཐོ་འགོད་ཐོབ་པ།

བདེ་ཆེན་རུ་ཁག་གིས་2:0གི་སྐར་གྲངས་ཐོག་ལིན་ཚང་རུ་ཁག་ལས་རྒྱལ་བ།

ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་མི་རིགས་སློབ་ཆེན་དབར་བཞུགས་མོལ་ཚོགས་འདུ་འཚོགས།

བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱིས་གཙོ་གཉེར་བྱེད་པ།

པར་དབང་ཚང་མ་སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བར་དབང་། ཆོག་མཆན་མ་ཐོབ་པར་བརྒྱུད་འགོད་བྱས་མི་ཆོག

COPYRIGHT 2008 DESIGNNTEND ALL RIGHTS RESERVED

ཡུན་ནན་གསར་འགྱུར་དྲ་བའི་ཞིབ་རྩིས་སྔོན་གྱི་ཨང་རྟགས 2008-002、2008-003 ཡུན་ནན་ICPགྲ་སྒྲིག་ཡིག་ཆའི་ཨང་རྟགས09000927

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དྲ་སྦྲེལ་གསར་འགྱུར་ཆ་འཕྲིན་ཞབས་ཞུའི་ཆོག་མཆན་དཔང་ཡིག ཆོག་མཆན་དཔང་ཡིག་ཨང་གྲངས། 53120250005

ཡུན་ནན་སྤྱི་བདེ་དྲ་རྒྱ་བདེ་འཇགས་ཐོ་འགོད་ཨང་རྟགས། 53340002000108

བདེ་ཆེན་ཁུལ་དྲ་སྦྲེལ་ཁྲིམས་འགལ་དང་ཚུལ་མིན་ཆ་འཕྲིན་ཐེར་འདོན་ཁ་པར་ཨང་གྲངས། 0887—8223640 ཞུ་གཏུག་ཡིག་སྒམ། 1031159296@qq.com